Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཤོག་བུ་དཀར་པོའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་བ།

དེང་སྐབས་བོད་དང་རྒྱ་ནག་ནང་ཏོག་གསར་གློ་ཚད་གཉན་རིམས་ལ་ཁག་དཀྲི་སྟེ་མང་ཚོགས་ལ་སྨྲ་བརྗོད་དང་འགྲོ་འདུག་སྐྱོད་གསུམ་གཙོས་བསམ་བློ་སོགས་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པའི་གནས་སྟངས་དང་། ལྷག་དོན་རེས་གཟའ་སྤེན་པའི་ཉིན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཆེ་ཤོས་ Shanghai གཙོ་གྱུར་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་སོགས་ཀྱི་ནང་མང་ཚོགས་སྟོང་ཕྲག་དུ་མ་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་མངོན་གསལ་དོད་པོའི་ཐོག་ནས་ཐད་ཀར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་གནང་འདུགལས་འགུལ་བ་དེ་དག་ལ་སྲིད་གཞུང་གི་ངོས་ནས་དྲག་གནོན་བྱེད་བཞིན་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་ཡོད། རྒྱ་ནག་གཞུང་ཚབ་ཀྱི་ཉེ་འགྲམ་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འཚོགས་བཞིན་ཡོད་པའི་སྟེང་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་གནང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་གྱི་ངོ་བོ་གང་ཡིན་བཅས་ངོ་སྤྲོད་ཀྱང་གནང་སོང་།

ཚོགས་པ་བཞིས་གྲོས་ཚོགས་ཀྱི་དཀའ་ངལ་དང་འབྲེལ་བའི་རེ་སྐུལ་གྱི་ལས་རིམ་མཚམས་འཇོག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ཏུ་བབས་ཏེ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གཙོས་གྲོས་ཚོགས་ཀྱི་ལས་དོན་ཁག་སྔར་རྒྱུན་བཞིན་གནང་མ་ཐུབ་པའི་དཀའ་རྙོག་དེ་དེ་མུར་ལྷག་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་པའི་མཚམས་འདིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བཞི་ཐུན་མོང་གིས་ཟླ་ ༨ ཚེས་ ༤ ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་རྒྱུར་འབྲེལ་ཡོད་ཕྱོགས་ཡོངས་ནས་དགོངས་པ་བཞེས་དགོས་པའི་རེ་སྐུལ་དོན་ཚན་གསུམ་ཅན་གྱི་ལས་རིམ་ཞིག་དབུ་འཛུགས་གནང་ཡོད་པ་རེད།རེ་སྐུལ་གྱི་ལས་རིམ་དེ་གནང་སྟེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་པའི་མཚམས་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེས་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་པའི་དུས་སྐབས་དང་བོད་ནང་གི་གནས་སྟངས་ཛ་དྲགས་ཆེས་ཆེར་འགྲོ་བཞིན་པའི་གནས་སྟངས། དེ་བཞིན་འབྱུང་འགྱུར་རྒྱ་ནག་ནང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་ཚོགས་འཚོགས་གཏན་ཁེལ་བ་སོགས་ཀྱི་དུས་སྐབས་འདིར་བོད་དོན་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་སྐབས་ཤིག་ཆགས་ཀྱི་ཡོད་སྟབས། ང་ཚོ་ནང་ཁུལ་ཕན་ཚུལ་དབར་ཤོག་ཁག་སྒྲིག་རེས་དང་། ཚིག་རྩོད་རྒྱག་རེས་ལ་དབུ་འཁོར་ནས་བཞུགས་ཐབས་རྩ་བ་ནས་མེད་པའི་ཁར་བོད་དོན་མ་སེལ་གྱི་བར་དུ་ལས་འགུལ་རྒྱུན་སྐྱོང་དང་ཆོལ་གསུམ་ཆིག་སྒྲིལ་གནང་དགོས་པའི་འགན་འཁྲི་དེ་མི་མང་གིས་འོས་འདེམས་ཞུས་པའི་དབུ་ཁྲིད་ཚོར་ཡོད་པ་གཡོལ་ཐབས་མེད་པ་ཞིག་ཡིན་པར་བརྟེན་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་མང་གཙོའི་གཞུང་འདི་རྒྱུན་གནས་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་ཁག་སྔར་རྒྱུན་བཞིན་འགྲོ་ཐུབ་ཐབས་སུ་འབྲེལ་ཡོད་ཕྱོགས་ཚང་མས་སྤྱི་དོན་དོན་ལ་དགོངས་བཞེས་ཀྱིས་ནང་ཁུལ་ལེ་འགྲིག་ཅིག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུས་ཡོད་ཀྱང་། ཚོགས་པ་བཞིས་བཏོན་པའི་རེ་སྐུལ་ལ་ནུས་པ་ཐོན་ཐབས་མེད་པའི་གནད་དོན་གསལ་ཤེས་བྱུང་བར་བརྟེན་དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་བའི་ལས་རིམ་ཡོངས་རྫོགས་མཚམས་འཇོག་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།   གཞུང་ཁོངས་མ་ཡིན་པའི་ཚོགས་ཁག་བཞིས་དེ་སྔ་དོན་ཚན་གསུམ་ཅན་གྱི་རེ་སྐུལ་བཏོན་པ་དེའང་ཚོགས་པ་སོ་སོའི་དམིགས་ཡུལ་གཞིར་བཞག་ཐོག་གཞན་གྱི་གནོད་ཤུགས་དང་བརྒྱུད་སྐུལ་ཕྱོགས་ལྷུང་སོགས་ཀྱི་དབང་དུ་མ་སོང་བར་དྲང་ཚུགས་ཀྱི་ཐོག་སྤྱི་དོན་ཁོ་ནར་བསམ་ཞིབ་དང་འགན་འཁུར་ཞུས་པ་ཞིག་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག ཚོགས་ཁག་བཞིས་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་སྐྱོང་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད།གཞི་རྩའི་ཉེ་ལམ་བོད་མིའི་ཚོགས་ཁག་ཆེ་གྲས་བཞིས་ད་ཆ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་རྒྱུན་སྐྱོང་མ་ཐུབ་པར་ལྷག་པའི་གནད་དོན་དེ་སེལ་ཆེད་དུ་དེ་སྔ་ཕྱི་ཟླ་ ༦ ཚེས་ ༨ ཉིན་བདམས་ཐོན་སྤྱི་འཐུས་...

གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།

ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ས་མཚམས། ཚོང་འབྲེལ་སོགས་ཀྱི་གནད་དོན་དུ་མའི་ཐད་ནས་རྒྱ་ནག་གཞུང་ལ་ཕྱིའི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་དུས་སྐབས་འདིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཡན་ལག་ལས་ཁུངས་ཁག་དང་། ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལས་ཁུངས་སོ་སོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་མེག་ལོཊ་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་དབུས་རྒྱུན་ལས་བྱེད་རྣམ་པ་ལྷན་ཞུགས་ཐོག་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བླངས་པ་དང་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་སྐུ་སྲོག་བློས་བཏང་གནང་མཁན་དང་། ད་ལྟ་རྒྱ་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་ངག་བཅད་གནང་ཐོག་ཞུ་གཏུག་ལས་འགུལ་དབུ་འཛུགས་དང་འབྲེལ་བའི་བསྒྲགས་གཏམ་སྙན་སྒྲོན་ཞུས་སོང་།   བསྒྲགས་གཏམ་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་འོག་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་བཏང་བ་དང་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟེ་གནས་ཁག་གཏོར་བཤིག་བཏང་བ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ད་བར་གར་སོང་ཆ་མེད་དུ་ཕྱིན་པ་དང་། ད་ལྟ་མུ་མཐུད་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༥ ཙམ་གྱིས་བོད་དོན་སླད་རང་ལུས་མེར་བསྲེགས་བཏང་བ། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་བསྙད་དེ་བོད་མིའི་ཆོས་ཕྱོགས་ཀྱི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་ཤོག་གྲངས་ ༢༠ ཅན་གྱི་སྙན་ཐོ་ཞིག་རྒྱལ་སྤྱིའི་གཞུང་ཚབ་ཁག་ལ་འབུལ་རྒྱུ་གཙོས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་རེད་འདུགཐེངས་འདིའི་ཞུ་གཏུག་ལས་འགུལ་འདི་རྐང་སྦྲག་ཐོག་དང་མྱུར་འཕྲིན་བརྒྱུད་སྤེལ་གནང་རྒྱུ་ཡིན་པ་དང་། གལ་ཏེ་ད་ལྟའི་གནས་སྟངས་ལ་གུ་ཡངས་ཏོག་ཙམ་ཕྱིན་ཚེ་ཚོགས་པ་ལྔའི་སྐུ་ཚབ་རྣམ་པ་ས་གནས་ས་ཐོག་ཏུ་ཆེད་བཅར་གྱིས་ཞུ་གཏུག་གནང་འཆར་འདུགརྒྱ་ནག་གཞུང་གིས་ཐོག་མ་ཉིད་ནས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་ཐད་སྦས་གསང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཀག་འགོག་བྱས་པའི་དབང་གིས་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་པའི་ནག་ཉེས་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་དང་།...

Latest news

- Advertisement -spot_img