Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གྲྭ་བསྟན་འཛིན་དར་རྒྱས་ལགས་དང་དགེ་འདུན་པ་གཅིག་སེར་ཤུལ་རྫོང་དུ་བཀག་ཉར་བྱེད་མུས།

གྲྭ་བསྟན་འཛིན་དར་རྒྱས་ལགས་དང་དགེ་འདུན་པ་གཅིག་སེར་ཤུལ་རྫོང་དུ་བཀག་ཉར་བྱེད་མུས།

ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༩ པའི་ནང་འཛིན་བཟུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་བ་རོང་དགོན་པའི་གྲྭ་བསྟན་འཛིན་དར་རྒྱས་ལགས་ད་ལྟའི་ཆར་སེར་ཤུལ་རྫོང་དུ་བཀག་ཉར་བྱེད་བཞིན་པ་དང་ཁོང་དང་ལྷན་དུ་དགེ་འདུན་པ་གཞན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་ར་འཕྲོད་བྱུང་ཡོད།བསྟན་འཛིན་དར་རྒྱས་ལགས་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྫ་ཆུ་ཁ་བ་རོང་ནས་ཡིན་པ་དང་། ཁོང་ ༢༠༢༠ ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གཞུང་གི་ཉེན་རྟོག་པས་ཁ་པར་བསྔོགས་བཤེར་རྩད་གཅོད་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་གནང་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།རླུང་འཕྲིན་ཁང་ལ་དེ་རིང་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བར་བསྟན་འཛིན་དར་རྒྱས་ལགས་དང་ལྷན་དུ་དགེ་འདུན་པ་གཞན་ཞིག་ཀྱང་འཛིན་བཟུང་བྱས་འདུག་པ་དང་ད་ཆ་ཁོང་རྣམ་གཉིས་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཡོད་པར་ཚོད་དཔག་གནང་གི་འདུག་ལ། འདི་ལོར་བོད་ས་ཡོངས་ལ་རྒྱ་ནག་གཞུང་གིས་ཁ་པར་བསྔོགས་བཤེར་བྱ་རྒྱུ་གཙོས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་བཟོ་རྒྱུ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུར་དམ་དྲག་ཤུགས་ཆེར་བཏང་ཡོད་པའི་ཁྲོད་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་བསྟན་འཛིན་དར་རྒྱས་ལགས་དང་དགེ་འདུན་པ་གཞན་གཅིག་བཅས་ཁོང་རྣམ་གཉིས་ད་ལྟའི་ཆར་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཁོང་རྣམ་གཉིས་ལ་ཁྲིམས་ཐག་གང་བཅད་ཡོད་མེད་དང་ནམ་ཞིག་གློད་བཀྲོལ་གཏང་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་སྐོར་གསུངས་ཡོད།

Latest news

- Advertisement -spot_img