Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བསྟན་འཛིན་འཛོམས་སྐྱིད་ལགས་སུ་ Miss Grand Belgium གྱི་མཛངས་མའི་དབུ་རྒྱན་ཐོབ་པ།

བསྟན་འཛིན་འཛོམས་སྐྱིད་ལགས་སུ་ Miss Grand Belgium གྱི་མཛངས་མའི་དབུ་རྒྱན་ཐོབ་པ།

ཡོ་རོབ་སྦེལ་ཇམ་དུ་གནས་བཞུགས་བོད་པའི་བུད་མེད་བསྟན་འཛིན་འཛོམས་སྐྱིད་ལགས་སུ་འདི་ལོའི་ Miss Grand Belgium ཞེས་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་ཁྲོད་དབུ་རྒྱན་ཐོབ་འདུག འདི་ལོའི་ Miss Grand Belgium ཞེས་པའི་མཛངས་མའི་འགྲན་བསྡུར་དེ་ཟླ་ ༩ ཚེས་ ༡༨ ཉིན་དབུ་འཛུགས་གནང་སྟེ་བསྟན་འཛིན་འཛོམས་སྐྱིད་ལགས་ཆེས་མཐའ་མའི་འགྲན་ཞུགས་ཁོངས་སུ་ཚུད་པ་དང་འབྲེལ་ཏེ་ཁོང་ལ་འདི་ལོའི་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་ཡོད།སྤྱིར་དགུང་ལོ་ ༡༩ ལ་སོན་པའི་འཛོམས་སྐྱིད་ལགས་ལ་འདི་ལོའི་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་པ་དེ་རྒྱལ་སྤྱིའི་ཁྲོད་དུ་བོད་པའི་བུད་མེད་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཁོང་ལ་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་པ་མ་ཟད་དེ་བཞིན་ Miss Personality ཞེས་པའི་མཚན་བྱང་ཡང་ཐོབ་འདུག ཁ་སང་མཛངས་མའི་དབུ་རྒྱན་གྱི་རྒྱལ་ཁ་གསལ་བསྒྲགས་གནང་རྗེས་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་དང་རྒྱབ་སྐྱོར་བ་རྣམས་ཀྱིས་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། བོད་པའི་བུད་མེད་ཅིག་ལ་རྒྱལ་སྤྱིའི་ཁྲོད་མཛངས་མའི་དབུ་རྒྱན་དེ་འདྲ་བཞེས་པར་དགའ་སྤོབས་ཆེན་པོ་ཡོད་ཅེས་ཡི་རངས་བསྔགས་བརྗོད་གནང་འདུག ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་ད་ལན་ཁོང་ལ་མཛངས་མའི་དབུ་རྒྱན་དེ་ཐོབ་པར་གཙོ་བོ་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་དང་ཁོང་ལ་མཛངས་མའི་དབུ་རྒྱན་ཙམ་མིན་པར་རྒྱབ་སྐྱོར་བ་ཚོས་ཡིད་ཆེས་བློས་འགེལ་གནང་འཐུས་ཤིག་བྱུང་སོང་བར་གསུངས་འདུག  ལྷག་དོན་ཁོང་གིས་མཛངས་མའི་འགྲན་བསྡུར་ནང་ཐོག་མར་ལོ་ངོ་ ༡༥ ནས་འཛུལ་ཞུགས་དབུ་འཛུགས་གནང་ཡོད་སྟབས། བརྒྱུད་རིམ་དེའི་ཁྲོད་ཁོང་གི་ངོས་ནས་རྒྱལ་ཁ་ལས་ཕམ་ཁ་མང་བ་གཟིགས་པ་དེ་ལྟར་ནའང་། རྣམ་ཀུན་ནས་ཁང་གི་དམིགས་ཡུལ་གང་ཡིན་པ་དེའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། ད་ལན་ Miss...

Latest news

- Advertisement -spot_img