Tibetan Royal Year of 2151 | Year of the Wood Dragon

བསྟན་འཛིན་འཛོམས་སྐྱིད་ལགས་སུ་ Miss Grand Belgium གྱི་མཛངས་མའི་དབུ་རྒྱན་ཐོབ་པ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཡོ་རོབ་སྦེལ་ཇམ་དུ་གནས་བཞུགས་བོད་པའི་བུད་མེད་བསྟན་འཛིན་འཛོམས་སྐྱིད་ལགས་སུ་འདི་ལོའི་ Miss Grand Belgium ཞེས་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་ཁྲོད་དབུ་རྒྱན་ཐོབ་འདུག འདི་ལོའི་ Miss Grand Belgium ཞེས་པའི་མཛངས་མའི་འགྲན་བསྡུར་དེ་ཟླ་ ༩ ཚེས་ ༡༨ ཉིན་དབུ་འཛུགས་གནང་སྟེ་བསྟན་འཛིན་འཛོམས་སྐྱིད་ལགས་ཆེས་མཐའ་མའི་འགྲན་ཞུགས་ཁོངས་སུ་ཚུད་པ་དང་འབྲེལ་ཏེ་ཁོང་ལ་འདི་ལོའི་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་ཡོད།སྤྱིར་དགུང་ལོ་ ༡༩ ལ་སོན་པའི་འཛོམས་སྐྱིད་ལགས་ལ་འདི་ལོའི་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་པ་དེ་རྒྱལ་སྤྱིའི་ཁྲོད་དུ་བོད་པའི་བུད་མེད་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཁོང་ལ་སྦེལ་ཇམ་གྱི་མཛངས་མའི་དབུ་རྒྱན་ཐོབ་པ་མ་ཟད་དེ་བཞིན་ Miss Personality ཞེས་པའི་མཚན་བྱང་ཡང་ཐོབ་འདུག ཁ་སང་མཛངས་མའི་དབུ་རྒྱན་གྱི་རྒྱལ་ཁ་གསལ་བསྒྲགས་གནང་རྗེས་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་དང་རྒྱབ་སྐྱོར་བ་རྣམས་ཀྱིས་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། བོད་པའི་བུད་མེད་ཅིག་ལ་རྒྱལ་སྤྱིའི་ཁྲོད་མཛངས་མའི་དབུ་རྒྱན་དེ་འདྲ་བཞེས་པར་དགའ་སྤོབས་ཆེན་པོ་ཡོད་ཅེས་ཡི་རངས་བསྔགས་བརྗོད་གནང་འདུག ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་ད་ལན་ཁོང་ལ་མཛངས་མའི་དབུ་རྒྱན་དེ་ཐོབ་པར་གཙོ་བོ་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་དང་ཁོང་ལ་མཛངས་མའི་དབུ་རྒྱན་ཙམ་མིན་པར་རྒྱབ་སྐྱོར་བ་ཚོས་ཡིད་ཆེས་བློས་འགེལ་གནང་འཐུས་ཤིག་བྱུང་སོང་བར་གསུངས་འདུག  ལྷག་དོན་ཁོང་གིས་མཛངས་མའི་འགྲན་བསྡུར་ནང་ཐོག་མར་ལོ་ངོ་ ༡༥ ནས་འཛུལ་ཞུགས་དབུ་འཛུགས་གནང་ཡོད་སྟབས། བརྒྱུད་རིམ་དེའི་ཁྲོད་ཁོང་གི་ངོས་ནས་རྒྱལ་ཁ་ལས་ཕམ་ཁ་མང་བ་གཟིགས་པ་དེ་ལྟར་ནའང་། རྣམ་ཀུན་ནས་ཁང་གི་དམིགས་ཡུལ་གང་ཡིན་པ་དེའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། ད་ལན་ Miss Grand Belgium གྱི་མཛངས་མའི་དབུ་རྒྱན་ཐོབ་པ་འདི་ནི་འདས་པའི་དུས་ཡུན་ནང་སྐུ་ངལ་ལ་མ་འཛེམས་པར་ཧུར་བརྩོད་བའི་གྲུབ་འབྲས་ཤིག་ཀྱང་ཡིན་པར་གསུངས་འདུགགཞི་རྩའི་བསྟན་འཛིན་འཛོམས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་འཚར་ལོངས་བྱུང་ཞིང་ལོ་བཅུའི་སྐབས་སྦེལ་ཇམ་དུ་གཞིས་སྤོས་གནང་འདུག  ཁོང་གིས་ཕྱི་ལོ་ ༢༠༡༨ ལོར་སྦེལ་ཇམ་གྱི་ Top Model དང་ཕྱི་ལོ་ ༢༠༡༩ ལོར་ Miss Asia Global དང་Miss Earth Belgium གྱི་མཛངས་མའི་འགྲན་བསྡུར་ལ་ཞུགས་འདུག  འཛོམས་སྐྱིད་ལགས་ཀྱིས་ཉེ་ལམ་རེ་བ་ཞེས་པའི་དགེ་རྩ་ཚོགས་པ་དབུ་འཛུགས་གནང་ཡོད་པ་དང་། དེ་ནི་གཙོ་བོ་རྒྱ་གར་ནང་དུ་ཡོད་པའི་སྐྱབས་བཅོལ་གྱི་གཞིས་སྒར་དང་དབུལ་ཕོངས་ཚོར་རོགས་སྐྱོར་སོགས་གནང་རྒྱུར་ཆེད་དམིགས་གནང་བ་ཞིག་ཡིན་པ་མ་ཟད། ཁོང་གིས་ད་ལན་མཛངས་མའི་འགྲན་བསྡུར་ལ་འཛུལ་ཞུགས་གནང་བ་དེ་ནི་དགེ་རྩ་ཚོགས་པ་དེའི་ཆེད་དུ་ཡིན་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།