ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་རྒྱལ་དི་ལླཱིར་ཚོགས་པའི་ ༢༠༢༠ ལོའི་ Mr and Miss Glory of India ཞེས་པའི་མཛངས་མའི་འགྲན་བསྡུར་ནང་བོད་རིགས་བེུད་མེ་ཏོག་ལྷ་མཛེས་ལགས་ལ་ Miss Himalaya Global བྱ་དགའ་ཐོབ་འདུག
Aman Gandhi གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག་ཉེ་ཆར་དི་ལླླི་གསར་པར་ཚོགས་པའི་མཛངས་མའི་འགྲན་བསྡུར་ནང་མེ་ཏོག་ལྷ་མཛེས་ལགས་ནས་མཉམ་ཞུགས་གནང་བ་ལྟར་ཁོང་ལ་ Miss Himalaya Global བྱ་དགའ་ཐོབ་འདུག
འགྲན་བསྡུར་དེའི་ནང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་དང་བལ་ཡུལ་བཅས་ནས་བུ་དང་བུ་མོ་རང་ལོ་ ༡༨ ནས་...