Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བེུད་སྒེར་ལངས།

སུད་སི་ནང་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༣ པ་དུས་དྲན་སྲུང་བརྩི་ཞུས་པ།

དེ་རིང་གི་ཉིན་མོར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་སྟེང་དུ་བུད་མེད་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་གནང་སྟེ་མི་ལོ་ ༦༣ འཁོར་བའི་དུས་ཚིགས་ཡིན་སྟབས། འདས་པའི་བོད་ཀྱི་དེ་བྱུང་ཁྲོད་བོད་ཀྱི་བེུད་ཚོས་རང་མི་རིགས་ཀྱི་རང་དབང་འཐབ་རྩོད་སླད་དུ་ཕྱིའི་བཙན་འཛུལ་ལ་ཞི་བའི་འཐབ་རྩོད་གནང་བ་ཐོག་མ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། ཉིན་འདིར་བོད་པའི་བེུད་ཚོས་བཙན་འབྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་བོད་མིའི་གནས་ཡུལ་ས་གནས་གང་སར་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་ཏེ་ཉིན་མོ་དེ་རྗེས་དྲན་ཞུས་པ་ལྟར། ཡོ་རོབ་རྒྱལ་ཁབ་སུད་སི་ནང་དུ་སུད་སི་ས་གནས་བེུད་ལྷན་ཚོགས་ཀྱི་ལྷན་ཚོགས་ནས་གོ་སྒྲིག་གནང་དོན་ལྟར་ཛུ་རིག་གྲོང་ཁྱེར་ Wedmuhleplatz ས་ཚིགས་སུ་བོད་མི་ཚོ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང། དེ་བཞིན་ད་བར་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུས་པ་མ་ཟད། ཛུ་རིག་གྲོང་ཁྱེར་ Wedmuhleplatz ནས་ Burkliplatz བར་བོད་མི་ལས་འགུལ་བ་ཚོས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དངབོད་ལ་རང་དབང་དགོས། བོད་སྐྱོབ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་མི་སྤྱོད་ལས་འདས་པ་དྲག་གནོན་དང་དམར་གསོད་ཀྱི་བྱ་སྤྱོད་སྤེལ་ཁག་འཕྲལ་མར་མཚམས་འཇོགས་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཕྲེད་དར་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་རེད། སྐབས་དེར་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ད་ལྟའི་ཆར་རང་དབང་ལུང་པའི་ནང་ཡོད་པའི་བོད་ཀྱི་བེུད་གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་ཐོག་སྔར་ལྷག་འགན་བཞེས་དགོས་པའི་གཞེན་སྐུལ་ནན་པོ་གནང་སོང་། དེ་བཞིན་སྐབས་དེར་ཞི་བའི་རྔམ་སྟོན་ལས་འགུལ་བ་རྣམས་ནས་ Burkliplatz དུ་འབྱོར་མཚམས་སུ་ས་གནས་བེུད་ལྷན་ཚོགསཀྱི་ཚོགས་གཙོས་དབུས་བེུད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་མ་ཟད། དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་དང་སུད་སི་དང་ལིག་ཏིག་སི་ཊིཡན་བོད་རིགས་མི་མང་གི་ཚོགས་གཙོ། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་བོད་མཐུན་ཚོགས་བཅས་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། སྐུ་ཚབ་འཐུས་མི་སོགས་ནས་གཏམ་བཤད་གནང་ཡོད་པ་རེད། བོད་མི་ལས་འགུལ་བ་ཚོས་ཚོར་ཤུགས་ཆེན་པོས་བདེན་ཚིག་སྨོན་ལམ་དང་བསྔོ་སྨོན་གསུང་འདོན་གནང་བ་བརྒྱུད་ད་བར་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུས་ཏེ།...

ལྡི་ལིའི་བུད་མེད་ཚོས་ཇན་ཏར་མན་ཏར་དུ་བུད་མེད་སྒེར་ལངས་སྲུང་བརྩི་ཞུས་པ།

ཁ་སང་བུད་མེད་སྒེར་ལངས་ཐེངས་ ༦༣ ཉིན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བུད་མེད་ཚོས་ཇན་ཏར་མན་ཏར་ཁུལ་དུ་ངོ་རྒོལ་སྐད་འབོད་གནང་བའི་ཐོག་ནས་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད། རྒྱལ་ས་ལྡི་ལིའི་ཁུལ་གྱི་བེུད་བརྒྱ་ལྷག་གིས་ཕྲེད་དར་སྣ་ཚོགས་བསྣམས་ཏེ་དེ་དག་གི་སྟེང་ལ་ཉེ་ཆར་སྐུ་ལུས་མེར་བསྲེགས་གནང་བའི་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་པར་དང་ཀུན་གཟིགས་༸པཎ་ཆེན་༸སྐུ་གོང་མའི་སྐུ་པར། དེ་བཞིན་བོད་དོན་དང་འབྲེལ་བའི་འབོད་ཚིག་འདྲ་མིན་ཆེད་བཀོད་གནང་བ་དང་སྦྲགས། ལྷག་པར་དུ་བོད་ཀྱི་རྒྱལ་དང་བུད་མེད་ལྷན་ཚོགས་ཀྱི་དར་ཆ་བཅས་པ་མཁའ་དབྱིངས་སུ་འཕྱར་བ་མ་ཟད། བོད་མིར་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཞེས་སོགས་སྐད་འབོད་གནང་ཡོད།ཇན་ཏར་མན་ཏར་ཁུལ་དུ་ཆུ་ཚོད་གཅིག་ལྷག་ཙམ་རིང་ངོ་རྒོལ་སྐད་འབོད་གནང་རྗེས་ལས་འགུལ་གོ་སྒྲིག་ཞུ་མཁན་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བུད་མེད་སྒེར་ལངས་དང་འབྲེལ་བའི་དུས་དྲན་གྱི་སྐུ་མགྲོན་དུ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་གདན་ཞུ་ཕུལ་འདུག་པ་དང་། སྐབས་དེར་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་པའི་བུད་མེད་ཚོར་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགན་དྲན་སྐུལ་དང་།   རྒྱ་ནག་གིས་བོད་ནང་བོད་མི་ཤེས་ཡོན་ཅན་དང་སྒྱུ་རྩལ་མཁན་སོགས་ལ་དེང་སྐབས་དམིགས་བསལ་ལྡང་ཟུག་བྱེད་ཤུགས་ཆེས་ཆེར་ཕྱིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་ཀྱི་གནས་སྟངས་ཆེས་ཛ་དྲག་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་འབྲེལ་ཏེ། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་མཚམས་འཇོག་དགོས་སྐོར་སོགས་གསུངས་ཡོད།དེ་བཞིན་  BTM  རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Punkaj Goyal  ལགས་དང་ Himalaya Parivar ཡི་དྲུང་ཆེ་སྐུ་ཞབས་ Rishi Walia...

Latest news

- Advertisement -spot_img