Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས།

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་འཚོགས་བཞིན་པ།

བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་འཚོགས་བཞིན་འདུག དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་གཉེར་བའི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པ་དེ་ཁ་སང་ཕྱི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་ ༡༥  བར་ཚོགས་རྒྱུ་ཡིན་པ་དང་ཚོགས་ཆེན་ཐོག་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་དང་རྣམ་གྲོལ་གླིང་། བཙུན་དགོན་བྱང་ཆུབ་ཆོས་གླིང་། སྒྲོལ་མ་གླིང་། ཏཱ་ལའི་བླ་མ་མཐོ་སློབ།  ཝཱཎ་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་སློབ་སོགས་མཐོ་སློབ་ཁག་ ༢༦ གི་ཚོགས་བཅར་བ་ ༨༠ ལྷག་ནས་མཉམ་ཞུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཁྱིམ་ཚང་ནང་དུ་བོད་ཡིག་ཉར་ཚགས་བྱ་ལུགས་དང་དགེ་མཚན་བཤད་པ།  ཆེད་ལས་རིགས་གཅིག་རྐང་འཛིན་པའི་ཐོན་ཁུངས་རྒྱ་བསྐྱེད་དགོས་པའི་གལ་གནད།  དུས་རབས་བདུན་པའི་ཡར་སྔོན་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་སྐད་ཡིག་གི་གནས་བབ་ལ་དཔྱད་པ། ལོ་རྒྱུས་ཐོག་བོད་དེ་རང་རྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་བཤད་པ་སོགས་བརྗོད་གཞི་ཁག་ ༡༣ ཐོག་གཏམ་བཤད་དང་གོ་བསྡུར། བསམ་ཚུལ་བརྗེ་ལེན་གནང་བཞིན་འདུག ཚོགས་གཙོ་ཤེས་རབ་གྲགས་པ་ལགས་ཀྱིས་རླུང་འཕྲིན་ཁང་ལ་སྤྱིར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ནི་གཙོ་བོ་ཤེས་ཡོན་རྒྱབ་ལྗོངས་མི་འདྲ་བ་ཕན་ཚུན་དབར་གོ་རྟོགས་དང་བསམ་ཚུལ་བརྗེ་ལེན་སླད་ཚོགས་ཀྱི་ཡོད་པ་དང་ལྷག་པར་ཚོགས་ཆེན་བརྒྱུད་སློབ་ཕྲུག་ཚོར་རང་ཉིད་ཀྱི་མི་ཚེ་དང་འབྲེལ་སྡིངས་ཆའི་གོ་སྐབས་རག་གི་ཡོད་སྟབས་ཚོགས་ཆེན་དེ་སླད་མར་རྒྱུན་སྐྱོང་གནང་གལ་ཡིན་སྐོར་གསུངས་སོང་།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས། བོན་གཞིས་སམ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། ...

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས།

རྒྱ་གར་ནང་གི་མཐོ་སློབ་ཁག་འདྲ་མིན་དུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་དང་གདན་ས་བཤད་གྲྭ་ཁག་ཏུ་གཞུང་ཆེན་དག་ལ་སློབ་གཉེར་གནང་མུན་ཡིན་པའི་དགེ་བཙུན་སོགས་ནས་ཤེས་ཡོན་དང་རིག་གནས། ཆབ་སྲིད་དང་བོད་ཕྲུག་སློབ་མར་འཁྲི་བའི་འོས་འགན་སོགས་ཀྱི་ཐོག་སློབ་མ་ཕན་ཚུན་དབར་བགྲོ་གླེང་གནང་རྒྱུར་ཆེད་དམིགས་གནང་དོན་ལྟར། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཁ་སང་ཟླ་ ༣ ཚེས་ ༤ ཉིན་དབུ་འཛུགས་ཀྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་ནང་གི་མཐོ་སློབ་མི་འདྲ་བ་ ༡༨ ཀྱི་བོད་རིགས་སློབ་གཉེར་བ་ཁྱོན་ ༧༠ ལྷག་ནས་ལྷན་ཞུགས་གནང་འདུག བོད་ཀྱི་མཐོ་རིམ་སློབ་མ་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྱམས་པ་ལྷུན་གྲུབ་ལགས་ཀྱིས་གསུངས་པར་ཉིན་གྲངས་ལྔ་རིང་གི་ཚོགས་ཆེན་ཐོག་གཙོ་བོ་སློབ་མའི་ཤེས་ཡོན་དང་འགན་འཁྲི་ཞེས་པའི་བརྗོད་གཞི་དང་འབྲེལ། མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན་གང་ཡིན་དང་། ལྷག་དོན་བོད་དོན་འཐབ་རྩོད་ཐོག་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཇི་ལྟར་གནང་དགོས་པ་སོགས་ཀྱི་དོན་གནད་ ༡༤ ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་ཡོད།

Latest news

- Advertisement -spot_img