Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པ་མཇུག་སྒྲིལ་གནང་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཇོ་ནང་པ་ལ་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་སྙན་ཕུལ་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཇོ་ནང་པའི་ཆོས་བརྒྱུད་ལ་བོད་ཀྱི་ཆོས་བརྒྱུད་གཞན་དང་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་ཞུ་འབོད་ལས་འགུལ་སྔ་ཕྱིར་དོན་འབྲས་མ་སོན་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པར་ཇོ་ནང་པ་ལ་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་སྙན་ཕུལ་འདུག དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མ་འཚོགས་པའི་ཉིན་གཅིག་གི་སྔ་རོལ་དུ་སླར་ཇོ་ནང་པའི་སྐུ་ཚབ་ལྷན་ཚོགས་ནས་འཕགས་ཡུལ་ཇོ་ནང་པར་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། ཞུ་སྙན་དེིའི་ནང་གཙོ་བོ་ཉེ་ཆར་ཇོ་ནང་པའི་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོ་བསྐོང་ཚོགས་ཀྱིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གནད་དོན་དེའི་ཐད་ཁྲིམས་མཐུན་ཐོབ་ཐང་གནང་བའི་རེ་འདུན་ཤུགས་དྲག་ཞུས་པ་མ་ཟད། གལ་ཏེ་དེ་ལྟར་མ་གནང་ཚེ་ཇོ་ནང་པ་རྣམས་དང་རང་གཞུང་དབར་གྱི་དམ་ཚིག་ལ་ལྷད་འབྱུང་ཉེན་ཡོད་པས་སྤྱི་འཐུས་རྣམ་པས་དགོངས་པ་ཆེ་བཞེས་གནང་དགོས་སྐོར་སོགས་འཁོད་འདུག བཞུགས་སྒར་དུ་ཁ་སང་དང་ཁ་ཉིན་བཅས་སུ་ཚོགས་པའི་ཇོ་ནང་པའི་སྐུ་ཚབ་ལྷན་ཚོགས་དེའི་ཐོག་ཚོགས་པ་དེའི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་སྔ་ལོ་གྲོས་ཚོགས་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ལས་འགུལ་སྤེལ་བར་གྲུབ་འབྲས་གང་ཡང་སོན་མེད་སྟབས། ད་རེས་ཁོང་རྣམ་པའི་ཞུ་འབོད་ལ་དྲང་བདེན་གྱི་ཐག་གཅོད་ཡོང་སླད་རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་ཇོ་ནར་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་སྙན་ཞུ་སླར་འབུལ་རྒྱུ་གཙོས། སྐུ་ཚབ་ཆ་བགོས་ཀྱིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཐོག་རེ་འདུན་སྙན་གསེང་ཞུ་རྒྱུ་དང་། གྲོས་ཚོགས་ཚོགས་དུས་གཉིས་པར་ཐག་གཅོད་གང་ཡང་མ་གནངཚེ་དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་གནང་རྒྱུ་ཐག་གཅོད་བྱུང་འདུག དེའི་སྐོར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབྱངས་རྒྱ་མཚོ་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་ཇོ་ནང་པས་ད་ལན་སླར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་གཉིས་པར་ཞུ་སྙན་ཕུལ་བ་དེར་ལན་འདེབས་གང་ཞིག་གནང་བའི་ཐུགས་རེ་གནང་གི་ཡོད་པ་དང་། དེར་ཐུགས་རེ་ཇི་ཙམ་གནང་གི་ཡོད་སྐོར་བཅར་འདྲི་ཁག་ཅིག་ཞུས་ཡོད། གཞི་རྩའི་འདས་པའི་ཉིན་གཉིས་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དུ་ཇོ་ནང་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོ་བསྐོང་ཚོགས་ཀྱིས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་བྱུང་བའི་དགོངས་དོན་ལྟར། ཞུ་སྙན་དེ་སྤྱི་འཐུས་ལྷན་ཚོགས་སུ་དེ་རིང་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་ཕུལ་འདུག་པ་དང་། སྙན་ཞུ་དེའི་ངོ་བཤུས་དཔལ་ལྡན་དགའ་ལྡན་ཕོ་བྲང་།...

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ཨོ་རྩེད་རྩེད་འགྲན་རྣམ་པར་དགའ་བསུའི་འཚམས་འདྲི་ཞུས་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གཞུང་གི་ན་གཞོན་རྩེད་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་  Shri Vijay Goel  མཆོག་གིས་གཙོས་པའི་རྒྱ་གར་གྱི་རྩེད་འགྲན་རྣམ་པར་འདི་ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་སྡུར་ནང་དུ་ལོ་རྒྱུས་ཀྱི་རང་བཞིན་པའི་གྲུབ་འབྲས་གཟེངས་སུ་ཐོན་པར་དགའ་བསུའི་འཚམས་འདྲི་ཞུས་འདུག དེའང་འཚམས་འདྲིའི་གསུང་འཕྲིན་དེའི་ནང་། ཉེ་ཆར་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་སྡུར་སྐབས་རྒྱ་གར་གྱི་བུད་མེད་རྩེད་འགྲན་པ་ P.V. Sindhu དང་། Sakshi Malik   དེ་བཞིན་ Dipa Karmakar བཅས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གར་བུད་མེད་ཀྱི་ནུས་རྩལ་མངོན་བཏོན་གྱིས་རྒྱ་གར་མང་ཚོགས་རྣམས་དགའ་སྤོབས་སྐྱེས་གཞི་བཟོས་སྟབས། རྒྱ་གར་ཨོ་རྩེད་འགྲན་ཞུགས་རྣམ་པའི་སློབ་སྟོན་པ་རྣམས་ཀྱི་འབད་བརྩོན་ལ་བསྔགས་བརྗོད་ཞུ་རྒྱུ་མ་ཟད། སླད་མར་རྒྱ་གར་གྱི་རྩེད་འགྲན་པ་གང་མང་མཉམ་ཞུགས་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་དེ་འབྲེལ་འཚམས་འདྲིའི་གསུང་འཕྲིན་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཉེ་ཆར་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་སྡུར་དེའི་ནང་རྒྱ་རིགས་མི་འབོར་ས་ཡ་མང་པོ་ཡོད་པའི་ཁྲོད་བོད་ནང་གི་བོད་མི་ཚོས་གོ་སྐབས་ཆེས་བཞེས་ཀྱིས་འབད་བརྩོན་གནང་སྟེ། རྒྱལ་སྤྱིའི་ཨོ་རྩེད་འགྲན་སྡུར་ཐོག་མཉམ་ཞུགས་གནང་ཐུབ་པར་ཡི་རངས་ཀྱི་བསྔགས་བརྗོད་དང་དགའ་བསུའི་འཚམས་འདྲི་ཞུས་པ་མ་ཟད། ཁྱད་པར་དུ་ཕྱི་རྒྱལ་དང་རང་དབང་ལུང་པར་ཡོད་པའི་བྱེས་བཞུགས་བོད་མི་ཚོས་ཀྱང་དེ་ལྟར་གོ་སྐབས་ཆེས་བཞེས་ཀྱིས་རྒྱལ་སྤྱིའི་རྩེད་འགྲན་གྱི་སྡིངས་ཆར་སླེབས་ཐུབ་ཐབས་གནང་དགོས་གལ་ཡིན་པ་གསུངས་ཀྱི་འདུག      

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབྱིན་ཡུལ་སྲིད་བློན་གསར་པར་འཚམས་འདྲི་གནང་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྕམ་ Theresa May མཆོག་དབྱིན་ཡུལ་གྱི་སྲིད་བློན་གསར་པར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་དབྱིན་ཡུལ་གྱི་ Conservative Party འམ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ཐེ་རེ་ས་མེ་མཆོག་ཉེ་ལམ་ཁུལ་དེའི་སྲིད་བློན་གསར་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་གནང་པ་དང་ཆབས་ཅིག ལྕམ་སྐུ་མཆོག་གི་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་པ་དང་། ལྷག་དོན་དབྱིན་ཡུལ་དེ་ནི་བོད་ནང་རྒྱ་ནག་བཙན་འཛུལ་ཇི་ལྟར་བྱེད་ལུགས་ཐད་དཔང་པོ་གལ་ཆེ་ཞིག་ཆགས་ཡོད་སྟབས། ལྕམ་སྐུ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་ཅེས་སོགས་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབྱིན་ཡུལ་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་བཀའ་དྲིན་སྙིང་བཅངས་ཐོག་ཐུགས་རྗེ་ཞུ་དང་། ཁྱད་པར་དུ་དབྱིན་ཡུལ་གྱི་སྲིད་བློན་ David Cameron མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་བསྔགས་བརྗོད་ཡོད་སྐོར་ཡང་གསུངས་ཡོད་འདུག རྩ་བའི་ལྕམ་ Theresa May མཆོག་ནི་ཟླ་ ༧ ཚེས་ ༡༣ ཉིན་དབྱིན་ཡུལ་གྱི་...

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པ་མཇུག་སྒྲིལ་གནང་པ།

དེ་རིང་ཟླ་ ༤ ཚེས་ ༡ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅིུག་པའི་སྔོན་རྩིས་གྲོས་ཚོགས་སམ་གྲོས་ཚོགས་མཐའ་མ་མཇུག་སྒྲིལ་དང་བསྟུན། སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་མཇུག་བསྡོམས་གསུང་བཤད་གནང་དོན། མང་ཚོགས་ཀྱིས་མ་འོངས་པར་འགན་འཁྱེར་མཁན་ཚོར་བསམ་བློ་གསར་པའི་ཐོག་ནས་ནུས་པ་མཉམ་སྤུང་གནང་གལ་ཆེ་བའི་གཞེན་སྐུལ་གནང་སོང། དེ་ཡང། ཟླ་བ་འདིའི་ཕྱི་ཚེས་ ༢༡ ནས་དབུ་བཙུགས་ཀྱིས་དེ་རིང་བར་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅིུག་པའམ་མཐའ་མ་དེ་ཚོགས་ཡོད་པ་དང། ཉིན་གྲངས་བཅིུས་ཀྱི་དུས་ཡུན་དེའི་ནང་གྲོས་ཚོགས་སུ་གཞུང་འབྲེལགྱི་གྲོས་ཆོད་གྲོས་འཆར། ཁྲིམས་བཟོའི་ལས་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དང་ཐུགས་སྣང་གཞེན་སྐུལ་སོགས་ཀྱི་ལས་རིམ་འདྲ་མིན་ཐོག་ལ་འཐུས་མི་རྣམས་ནས་བགྲོ་གླེང་གནང་བ་མ་ཟད། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཐད་ལ་བགྲོ་གླེང་དང་གཏན་འབེབས་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་སྔ་དྲོ་ཚོགས་དུས་ཐོག་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གསུང་བཤད་གནང་དོན། ཁ་སང་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དོགས་འདྲི་ཕེབས་པ་ཁག་ལ་ལན་འདེབས་གནང་ཡོད་པ་དང། ད་དུང་སྲིད་སྐྱོང་མཆོག་གིས་ད་བར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འདས་པའི་ལོ་བཞི་དང་ཕྱེད་ཀའི་ནང་༸གོང་ས་མཆོག་གིས་བཀའ་དགོངས་གལ་ཆེར་འཛིན་པའི་ཐོག ཤེས་ཡོན་དང་ཆོས་རིག་ལས་དོན། དེ་བཞིན་མང་ཚོགས་ཀྱི་བདེ་དོན་བཅས་ཀྱི་ལས་དོན་ལ་ཧུར་ཐག་གནང་ཡོད་པ་དང། ཁྱད་པར་དུ་སྤྱི་འཐུས་འགའ་ཞིག་ནས་སྲིད་སྐྱོང་གིས་བོད་མིའི་གཅིག་སྒྲིལ་ལ་དོ་ཕོག་འགྲོ་བའི་ལས་ཀ་བྱས་སོང་ཅེས་གསུངས་པ་དེར་ངོས་ལེན་ཞུ་ཐབས་མེད་ཅེས་གསུངས་སོང། གཞན་ཡང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་གསུངས་དོན་ལ། ད་བར་འཛམ་གླིང་གི་ལོ་རྒྱུས་ནང་འགོ་ཁྲིད་དང། ཆབ་སྲིད་འཕོ་འགྱུར་སོགས་རིམ་པ་བྱུང་ཡོད་པའི་གནས་ཚུལ་ཁག་ལུང་འདྲེན་དང་སྦྲགས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་དེ་ཡང་སྲིད་པར་འགྲེལ་བརྗོད་གནང་དོན་ལྟར།...

Latest news

- Advertisement -spot_img