Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མི་རྣམས་བློ་སྟོབས་གོང་འཕེལ་དང་རེ་བ་ནམ་ཡང་མ་བརླག

བོད་མི་རྣམས་བློ་སྟོབས་གོང་འཕེལ་དང་རེ་བ་ནམ་ཡང་མ་བརླག

ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་སྐུ་ཞབས་ Enes Kanter Freedom གདན་ཞུ་ཕུལ་ཏེ་བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་ཡོད།ཁ་སྔོན་རེས་གཟའ་ཉི་མའི་ཉིན་ཨོན་ཊ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ཁེ་ན་ཌ་མདོ་ཁམས་ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་མཐུན་ཚོགས་བཅས་ས་གནས་བོད་རིགས་ཚོགས་པ་ལྔས་ཐུན་མོང་གིས་གོ་སྒྲིག་འོག་སྐུ་ཞབས་ Freedom ལགས་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་གདན་འདྲེན་ཞུས་ཏེ་མི་མང་རྣམས་ནས་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།ཁོང་ནས་ད་བར་བོད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཆེད་ལེགས་གསོལ་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།མཛད་སྒོའི་ཐོག་ཨོན་ཊ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་ཉག་ཕྲ་བའི་གནས་སྟངས་ངོ་སྤྲོད་དང་། སྐུ་ཞབས་ Freedom  ལགས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཞུས་པའི་ཐོག་ནས་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད།སྐབས་དེར་སྐུ་ཞབས་ Freedom  ལགས་ཀྱིས་ཁོང་ཆུང་དུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་ལ་ཡིད་སྨོན་དང་། དགའ་མོས་ཧ་ཅང་ཆེན་པོ་ཞུས་དང་ཞུ་བཞིན་ཡོད་ཅེས་གསུངས་པ་མ་ཟད། འཛམ་གླིང་གི་འགོ་ཁྲིད་རྣམ་པས་མགོན་པོ་༸གང་ཉིད་མཆོག་གི་བཀའ་ལ་སློབ་གཉེར་དང་གསན་བསམ་གནང་དགོས་སྐོར་གསུངས་འདུག་ལ། ཁོང་གིས་བོད་དང་ཤིན་ཅང་། ཐེ་ཝན། ཧོང་ཀོང་། ནང་སོག་རྣམས་ཆིག་སྒྲིལ་གྱིས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་དགོས་ཞེས་སོགས་གསུངས་ཡོད། ཕྱི་ཚེས་ ༦...

Latest news

- Advertisement -spot_img