Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས།

དེ་རིང་ཟླ་ ༢ ཚེས་ ༡༥ ཉིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་ནང་གི་མཐོ་སློབ་ཁག་འདྲ་མིན་ ༢༣ ནང་གི་བོད་རིགས་སློབ་མའི་སྐུ་ཚབ་སློབ་ཕྲུག་ ༡༠༠ ལྷག་འདུ་འཛོམས་ཀྱིས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས་གནང་འདུག བོད་རིགས་སློབ་མའི་ཚོགས་ཆེན་དེ་དེ་རིང་ནས་མགོ་འཛུགས་ཀྱིས་ཚེས་ ༢༡ བར་ཚོགས་ཀྱི་ཡོད་པ་དང་།  ཐེངས་འདིའི་བོད་རིགས་སློབ་མའི་ཚོགས་ཆེན་གྱི་གླེང་བརྗོད་གཙོ་བོ་ནི། དེང་གི་བོད་རིགས་མཐོ་རིམ་སློབ་མའི་རེ་བ་དང་གནས་སྟངས་ཞེས་པ་དེ་ཆགས་ཀྱི་འདུག  ཚོགས་ཆེན་དེའི་རིང་སློབ་མ་ཚོས་གྲོས་གཞི་དོན་ཚན་ཁག་བཞིའི་ཐོག་ཕན་ཚུན་དབར་ལ་གོ་བསྡུར་གནང་རྒྱུ་དང་། བཙན་བྱོལ་སློབ་གྲྭ་ཁག་ནང་གི་གཞི་རིམ་གོང་འོག་གི་དགེ་རྒན་གྱི་སྤུས་ཚད་གོང་མཐོ་གནང་ཐབས། འབུམ་རམས་སློབ་མའི་མཐུན་རྐྱེན་དང་མདུན་ལམ་སྐོར། ཝཱཎ་དང་སྨན་རྩིས་ཁང་སོགས་ཀྱི་མཐོ་རིམ་སློབ་མའི་འབྲེལ་ལམ་ཁྲོད་ལ་བོད་ཡིག་མཐོ་རིམ་སློབ་གསོའི་མ་ལག་ཞིག་བསྐྲུན་ཐབས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་གྱི་གནད་དོན་བཅས་གྲོས་གཞི་དོན་ཚན་ཁག་བཞི་ཆགས་ཀྱི་འདུག ཚོགས་ཆེན་དེའི་ཚོགས་བཅར་བར་གཞིགས་ན། རྒྱ་གར་མཐོ་སློབ་ཁག་དུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་དང་། ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། སྨན་རྩིས་ཁང་མཐོ་སློབ།...

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས།

བཞུགས་སྒར་རྡ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་གང་ལེགས་ཡོང་སླད་མཐོ་རིམ་སློབ་མའི་འགན་འཁུར་དང་དེའི་སྣེ་འཁྲིད་ཀྱི་བསམ་བློའི་ཁ་ཕྱོགས་འཚོལ་བ་བཅས་ཀྱི་བརྗོད་གཞི་གཙོ་ཁག་གསུམ་གྱི་ཐོག་ལ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས་གནང་ཡོད་པ་རེད། དེ་རིང་ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མས་གོ་སྒྲིག་འོག བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དབུས། དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩའི་བྱུས་སྟོན་པ་ཚེ་དབང་རིག་འ ཛིན་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། དེ་བཞིན་མཐོ་སློབ་ཁག་གི་ཚོགས་བཅར་བ་སློབ་མ་ ༦༥ བཅས་ཚང་འཛོམས་ཀྱིས་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ད་ལན་གྱི་ཚོགས་ཆེན་འདིའི་བརྗོད་གཞི་ཁག་ཤེས་ཡོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པར་དགའ་བསུའི་བསྔགས་བརྗོད་གནང་པ་དང་འབྲེལ། དེ་རིང་གི་ཚོགས་འདུ་འདི་ལྟ་བུར་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་ནས་ཆེད་ཕེབས་གནང་པ་ཡིན་སྐོར་གསུངས་པ་མ་ཟད། ལྷག་དོན་འཛིན་སྐྱོང་བཀའ་ཤག་གིས་ལས་དོན་གལ་ཆེའི་ནང་ནས་ཆེས་གལ་ཆེ་ཤོས་ནི་ཤེས་ཡོན་ཡིན་ཞེས་བཀའ་གནང་པ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་སྔར་ལྷག་ཤེས་ཡོན་ཐོག་ལ་ལས་དོན་སྣ་མང་ཞིག་གནང་མུས་ཡིན་པ་དང། ཁྱད་པར་དུ་བཙན་བྱོལ་བོད་མིའི་ལོ་འཁོར་མའི་མ་དངུལ་འགྲོ་གྲོན་སྔོན་རྩིས་ལས་སཾ་བྷོ་ཊ་དང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཐོག་མ་དངུལ་སྔོན་རྩིས་བརྒྱ་ཆ་སུམ་ཅུ་ལྷག་འཕར་མ་གཏོང་བཞིན་ཡོད་པ་གསུངས་སོང། ཁོང་གིས་མུ་མཐུད་གསུངས་དོན་ལ་རྒྱལ་ཁབ་དང་མི་རིགས་གང་ཡིན་གསོན་པོ་གནས་མིན་ནི་དེའི་མི་རིགས་ལ་ཤེས་ཡོན་གྱི་གནས་ཚད་ཇི་ཡོད་ལ་རག་ལས་སྟབས། ཤེས་རིག་ལས་ཁུངས་ཀྱིས་འགྲོ་གྲོན་བརྒྱ་ཆ་བརྒྱ་ནས་བརྒྱད་ཅུ་ལྷག་ཤེས་ཡོན་ཐོག་བཏང་ཡོད་པ་གསུངས་སོང། ད་དུང་ཁོང་གིས་ལོ་ཤས་སྔོན་ནས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་གི་འཛིན་རིམ་བཅིུས་ཀྱི་སློབ་མ་ཚོར་ཟབ་སྦྱོང་གནང་པ་དང་མཐོ་སློབ་ཁག་གི་སློབ་མར་སློབ་ཡོན་འཕར་ཆ་གནང་པ་མཚོན།...

Latest news

- Advertisement -spot_img