Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བློ་ལྡན་རྣམ་གླིང་།

རྒྱ་ནག་གི་གནོན་ཤུགས་འོག་བློ་ལྡན་རྣམ་གླིང་ལགས་རོལ་དབྱངས་དུས་སྟོན་ནས་ཕྱིར་འཐེན། 

སུད་སིར་གནས་བཞུགས་བོད་མི་གཞས་པ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་གནངས་ཕྱི་ཚེས་ ༩ ནས་གླིང་ཕྲན་ཨ་ཕི་རི་ཀ་བྱང་ཕྱོགས་སུ་ཆགས་པའི་ Morocco རྒྱལ་ཁབ་ནང་ལ་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་ཐོག་ཕེབས་རྒྱུའི་གྲ་སྒྲིག་ཆ་ཚང་ཟིན་འདུག་པ་དེ་ལྟར་ནའང་ རྒྱ་ནག་གཞུང་གི་གནོན་ཤུགས་འོག་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་བློ་བུར་དུ་བློ་ལྡན་རྣམ་གླིང་ལགས་རོལ་དབྱངས་དུས་སྟོན་ཐོག་མཉམ་ཞུགས་གནང་རྒྱུའི་མགྲོན་བརྡ་ཕྱིར་འཐེན་གནང་འདུགགཞི་རྩའི་ World Sacred Music Festival ཞེས་པ་དེ་ནི་ Morocco ནང་ལོ་ལྟར་ཚོགས་སྲོལ་ཡོད་པའི་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་ཆེ་གྲས་ཤིག་ཡིན་པ་དང་། ད་རེས་རྒྱ་ནག་གི་གནོན་ཤུགས་འོག་བློ་ལྡན་རྣམ་གླིང་ལགས་དུས་སྟོན་ནས་ཕྱིར་འཐེན་གནང་དགོས་བྱུང་བ་དང་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་དེ་སྔ་དུས་སྟོན་ཐོག་བཅར་རྒྱུའི་མགྲོན་བརྡ་བྱུང་བ་ལྟར། གཞས་དང་རོལ་དབྱངས་སོགས་གཏང་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད་ཀྱང་། རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་གྱིས་དུས་སྟོན་ཐོག་མཉམ་བཞུགས་གནང་མ་ཐུབ་པའི་གནས་སྟངས་གྱུར་ཡོད་པ་འགྲེལ་བརྗོད་གནང་སོང་།    ལྷག་པར་དུ་ཁོང་གིས་ད་བར་རྒྱ་ནག་གཞུང་གི་གནོན་ཤུགས་སྣ་ཚོགས་འོག་ནས་རྒྱལ་སྤྱིའི་སྒྱུ་རྩལ་བ་མང་པོ་ཞིག་ལ་དམ་དྲག་མང་དག་ཅིག་བྱས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་རྒྱ་ནག་གཞུང་གིས་ཁོང་རོལ་དབྱངས་དུས་སྟོན་ཐོག་མཉམ་ཞུགས་བྱ་རྒྱུར་བཀག་སྡོམ་བྱས་པ་དེས་ད་བར་བོད་དོན་ལས་འགུལ་སྤེལ་ཁག་རྒྱ་ནག་གཞུང་ལ་དོ་ཕོག་འགྲོ་ཡོད་པ་མངོན་གསལ་ཆགས་པ་ཞིག་མཚོན་གྱི་ཡོད་སྟབས་སོ་སོའི་ངོས་ནས་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་ཡོད། རྩ་བའི་བློ་ལྡན་རྣམ་གླིང་ལགས་ད་ལྟའི་ཆར་བོད་ནས་ཁྱེད་ལ་གཞས་གཅིག་འམ་ A Song from Tibet for...

གླུ་གཞས་སྒྱུ་རྩལ་ལམ་ནས་ཡོ་རོབ་ཁུལ་དུ་བོད་དོན་ངོ་སྤྲོད་ལས་འགུལ།

སུད་སི་ནང་གནས་བཞུགས་བོད་མི་གཞས་པ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་མིང་བྱང་འོག་ཡོ་རོབ་རྒྱལ་ཁབ་ཁག་ཏུ་རང་ཉིད་ཀྱི་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་འདུག བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་འབོད་ཚིག་སོགས་འཁོད་པའི་བོད་པའི་རྣམ་པ་མཚོན་པའི་རླངས་འཁོར་ཞིག་བཏང་སྟེ། ཡོ་རོབ་རྒྱལ་ཁབ་ཁག་གི་ནང་དུ་བོད་དོན་ཆེད་སྐོར་སྐྱོད་གནང་བཞིན་འདུགལས་འགུལ་དེ་ནི། ཁོང་གིས་ཐོག་མར་སྔར་ལོའི་༸སྐུའི་འཁྲུང་སྐར་ཉིན་སུད་སི་ནས་དབུ་འཛུགས་གནང་ཡོད་པ་དང། བོད་ནས་ཁྱེད་ལ་གཞས་གཅིག་འམ་ A Song from Tibet for You ཞེས་པའི་ལས་འགུལ་ཁྲོད་བོད་ཀྱི་ཐོུང་མ་ཡིན་པའི་གླུ་གཞས་སྒྱུ་རྩལ་ལམ་ནས་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད། བློ་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་བོད་དོན་སྐོར་སྐྱོད་ལས་འགུལ་དེ་སྦེལ་ཇམ་དང་འཇར་མི་ནི། ནི་ཐར་ལན་ཌི། ཨི་ཊ་ལི། ཕ་རན་སོགས་ཡོ་རོབ་རྒྱལ་ཁབ་མང་པོར་སྐོར་སྐྱོད་གནང་གི་ཡོད་པ་རེད། བོད་པའི་གཞས་པ་བློ་ལྡན་རྣམ་གླིང་ལགས་ནས་རྒྱུན་དུ་རང་ཉིད་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད་པ་དང། ཕྱི་ལོ་ ༢༠༡༢ ལོར་ཁོང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་བོད་རང་དབང་གི་འགྲུལ་བཞུད་ཅེས་པའི་མིང་བྱང་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ལྦར་སྤུར་སྒམ་འགྲུད་དེ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་པ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།

Latest news

- Advertisement -spot_img