མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
འཇོ་མདའ་རྫོང་དུ་རི་ཉིལ་ནས་འབྲི་ཆུ་འགག་པ།
གསར་འགྱུར།
འཇོ་མདའ་རྫོང་དུ་རི་ཉིལ་ནས་འབྲི་ཆུ་འགག་འདུག
vot.org
-
12/10/2018
ཁ་སང་ཟླ་ ༡༠ ཚེས་ ༡༡ ཉིན་གྱི་ཞོགས་པར་མདོ་ཁམས་འཇོ་མདའ་རྫོང་། སྤོ་ལོ་ཡུལ་ཚོརརི་ཉིལ་བའི་གོད་ཆག་ཆེན་པོ་ཞིག་བྱུང་སྟབས་ཨེ་ཤ་ཡའི་རྒྱུག་ཆུ་རིང་ཤོས་ཡིན་པའི་འབྲི་ཆུའི་བཞུར་རྒྱུན་འགག་ཡོད་པས་ས་གནས་ཀྱི་ཡུལ་མི་ཚོ་འཕྲལ་དུ་གནས་སྤོ་གནང་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲྭ་ལམ་གང་སར་ཐོན་འདུག རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་འབྲི་ཆུའི་ཉེ་འགྲམ་དུ་ཆགས་པའི་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་། དེ་བཞིན་རང་བྱུང་གོད་ཆག་བྱུང་བའི་ཡུལ་དངོས་ཀྱི་སྤོ་ལོ་ཡུལ་ཚོའི་སློབ་གྲྭ་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་སྟབས་ས་གནས་སུ་ཡུལ་མི་རྣམས་གནས་སྤོ་གནང་ནས་ཉེན་གཡོལ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག རྩ་བའི་ཡུལ་དངོས་ཀྱི་བརྙན་ཐུང་མང་པོ་ཞིག་སྤྱི་ཚོགས་དྲྭ་ལམ་གང་སར་བརྒྱུད་སྤེལ་བྱེད་བཞིན་ཡོད་ནའང། གོད་ཆག་ཕོག་སའི་ཡུལ་མི་དང་སྒོ་ཕྱུགས་སེམས་ཅན་སོགས་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་ཁ་གསལ་མངོན་རྒྱུ་མེད་ཀྱང་། འབྲི་ཆུའི་ཉེ་འགྲམ་གྱི་དུད་ཁྱིམ་རེ་གཉིས་ཤིག་ཆུ་ལ་འཐིམ་བཞིན་པའི་སྣང་བརྙན་དངོས་སུ་མཐོང་རྒྱུ་འདུག གཞན་ཡང་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་བྱེད་བཞིན་པའི་བརྙན་ཞིག་གི་ནང་དུ་མི་ཞིག་ནས་ས་བརྐོ་རྡོ་སློག་གནང་ཚེ་མཇུག་འབྲས་དེ་འདྲ་ཡོང་གི་རེད་ཅེས་བརྗོད་བཞིན་པ་ཐོས་རྒྱུ་འདུག་ཀྱང། ས་བརྐོ་རྡོ་སློག་བྱེད་མཁན་དེ་རྒྱ་ནག་སྲིད་གཞུང་ཡིན་མིན་གྱི་གསལ་ཁ་གང་ཡང་གནང་མི་འདུག རྒྱ་གཞུང་གིས་གང་མགྱོགས་ས་གནས་ས་ཐོག་ལ་ཞིབ་བཤེར་བྱས་ནས་ཆུ་འགག་དེར་ཉེན་སྲུང་བྱེད་མ་ཐུབ་ཚེ། ཉེ་འཁྲིས་ཀྱི་དུད་ཚང་མང་པོ་ཞིག་གི་འཚོ་བ་དང་ཁང་ཁྱིམ་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པར་ཚོད་དཔག་གནང་མཁན་མང་པོ་བྱུང་འདུག
Latest news
ཞི་ཅིན་ཕིང་ France ནང་སླེབ་འཆར་དང་བསྟུན་བོད་མིས་བོད་དོན་འཕྲེད་དར་འཕྱར་ནས་ངོ་རྒོལ།
05/05/2024
ཞི་ཅིན་ཕིང་ France ནང་བསླེབ་འཆར་དང་བསྟུན་ནས་བོད་མིས་བོད་དོན་འཕྲེད་དར་འཕྱར་ནས་ངོ་རྒོལ་གནང་འདུག
05/05/2024
Sunday 05/05/2024
05/05/2024
Saturday 04/05/2024
04/05/2024
Friday 03/05/2024
03/05/2024
- Advertisement -