- Advertisement -spot_img

TAG

འཕགས་བོད་ས་མཚམས།

སྡུམ་མཚེས་ལེ་དང་བདེ་མཆོག་གཉིས་འཕགས་བོད་ས་མཚམས་ཚོང་འབྲེལ་དང་གངས་རིན་པོ་ཆེའི་སྐོར་ལམ་གྱི་གཞུང་འབྲེལ་ས་ཚིགས་སུ་གཏན་འབེབས་དགོས་པའི་འབོད་སྐུལ།

ཉེ་ལམ་རྒྱ་དཀར་ནག་གཉིས་བར་ཕན་ཚུན་མོས་མཐུན་ཡོད་པའི་ཐོག་ལོ་ངོ་དྲུག་ལྷག་རིང་རྒྱུན་ཆད་པའི་ཡུལ་དེ་གཉིས་ཀྱི་བར་ཡོད་པའི་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་འབྲེལ་ལམ་ཁ་གསུམ་སྒོ་ཕྱེ་ཟིན་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར།  རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་སྲིད་བློན་མོ་དི་མཆོག་ལ་ཞུ་སྐུལ་སྙན་ཐོ་ཞིག་གི་བརྒྱུད།  ལ་དྭགས་ཤར་ཕྱོགས་སུ་ཡོད་པའི་བདེ་མཆོག་ས་ཁུལ་དེ་བཞིན་གནས་མཆོག་གངས་རིན་པོ་ཆེའི་སྐོར་ལམ་གྱི་གཞུང་འབྲེལ་ས་ཚིགས་དང་།  དེའི་ཉེ་འཁྲིས་སུ་ཆགས་པའི་སྡུམ་མཚེས་ལེ་ས་ཁུལ་དེ་ཡང་འཕགས་བོད་ས་མཚམས་ཚོང་འབྲེལ་གྱི་གཞུང་འབྲེལ་ས་ཚིགས་སུ་གཏན་འབེབས་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་ཞུ་སྐུལ་སྙན་ཐོ་དེའི་ནང་།  ལ་དྭགས་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་སྲིད་བློན་མོ་དི་མཆོག་ལ།  ཉེ་ལམ་རྒྱ་གར་གཞུང་ངོས་ནས་ཧི་མ་ལ་ཡའི་ཁུལ་གྱི་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་འབྲེལ་ས་ཚིགས་རྣ་ཐོས་ལ་དང་།  སྲིབ་སྐྱིད་ལ།  ལི་ཕུ་ལེ་གསུམ་སྒོ་ཕྱེ་སྟེ་སྲོལ་རྒྱུན་གྱི་ས་མཚམས་ཚོང་འབྲེལ་སླར་གསོ་གནང་བ་མ་ཟད།  རྣ་ཐོས་ལ་དང་ལི་ཕུ་ལེ་གཉིས་རྒྱུད་ནས་གནས་མཆོག་གངས་རིན་པོ་ཆེར་གནས་སྐོར་བསྐྱར་གསོ་ཐུབ་པ་དེར་བསྔགས་བརྗོད་ཡིད་རངས་ཞུས་པ་དང་ཆབས་ཅིག  ཐག་ཆོད་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་དང་།  དེས་རྒྱ་གར་དང་ཧི་མ་ལ་ཡའི་བར་གྱི་གནའ་བོའི་དཔལ་ཡོན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་མ་ཟད།  ས་མཚམས་ས་ཁུལ་འཕེལ་རྒྱས་དང་།  སྲིད་གཞུང་གི་ Viksit Bharat ཞེས་རྒྱ་གར་ཡར་རྒྱས་ཅན་དུ་བསྒྱུར་ཐབས་ཀྱི་ལྟ་གྲུབ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་གསུངས་འདུག མ་ཟད་ཁོང་གིས་ལ་དྭགས་མི་མང་གི་དུས་ཡུན་རིང་པོའི་རེ་འདུན་གཞན་ཞིག་སྟེ་ལོ་རྒྱུས་རང་བཞིན་ལྡན་པའི་ཧི་མ་ལ་ཡའི་ཁུལ་གྱི་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་འབྲེལ་ས་ཚིགས་བདེ་མཆོག་དང་སྡུམ་མཚེས་ལེ་གཉིས་སྒོ་ཕྱེ་དགོས་པའི་གནད་དོན་སྐོར་འགྲེལ་བརྗོད་དང་འབྲེལ།  ལོ་རྒྱུས་ཐོག་ས་ཚིགས་དེ་གཉིས་ནི་གནས་མཇལ་བ་དང་།  ཚོང་པ།  མཁས་པ་བཅས་ཀྱི་བགྲོད་ལམ་ཞིག་ཡིན་པའི་ཐོག  ས་ཚིགས་དེ་དག་གིས་པཱ་ཤི་མི་ནའི་བལ་དང་།  ཚྭ།  ཇ།  ཕྱུགས་ཟོག  རས་ཆ། ...

རྒྱ་དཀར་ནག་གཉིས་བར་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་ཚོགས་འདུ་ཞིག་འཚོགས་འདུག

རྒྱ་དཀར་ནག་གཉིས་བར་ཉེ་བའི་ཆར་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་ཁྲོད།  ཁ་སང་ཕྱི་ཚེས་ ༦ ཉིན་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་སླར་ཡང་ས་མཚམས་གནད་དོན་དང་འབྲེལ་ནས་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་།  སྐབས་དེར་རྒྱ་གར་གྱིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གིས་རྒྱག་བཞིན་པའི་ཆུ་མཛོད་ཆེན་མོའི་ཞིབ་ཕྲའི་གནས་ཚུལ་གསལ་བཟོ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད་འདུག དེ་ཡང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་དང་དེ་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལ་གཞིགས་ན།  ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ 36th meeting of the Working Mechanism for Consultation & Coordination on India‑China Border Affairs (WMCC) ཞེས་འཕགས་བོད་ས་མཚམས་ཀྱི་གནད་དོན་སྐོར་གྱི་གྲོས་བསྡུར་དང་མཐུན་སྦྱོར་ལས་དོན་གྱི་གྲོས་མོལ་ཚོགས་འདུ་ཐེངས་...

རྒྱ་ནག་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

རྒྱ་ནག་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

རྒྱ་ནག་གི་ས་མཚམས་དང་འབྲེལ་བའི་གྲོས་མཐུན་ལ་ལ་དྭགས་ཀྱི་གྲོས་ཚོགས་ཚོགས་མིིེས་ཡིད་ཆེས་མེད་གསུངས་འདུག

རྒྱ་ནག་གི་ས་མཚམས་དང་འབྲེལ་བའི་གྲོས་མཐུན་ལ་ལ་དྭགས་ཀྱི་གྲོས་ཚོགས་ཚོགས་མིིེས་ཡིད་ཆེས་མེད་གསུངས་འདུག

རྒྱ་ནག་གིས་འབྲུག་ས་མཚམས་ཁུལ་དུ་ད་བར་འབྱོར་འབྲིང་གྲོང་ཚོ་ ༢༢ གསར་རྒྱག་བྱས་ཡོད་པ་མངོན་གསལ།

རྒྱ་ནག་གིས་འབྲུག་ས་མཚམས་ཁུལ་དུ་ད་བར་འབྱོར་འབྲིང་གྲོང་ཚོ་ ༢༢ གསར་རྒྱག་བྱས་ཡོད་པ་མངོན་གསལ།

རྒྱ་གཞུང་གིས་ Pangong མཚོ་འགྲམ་དུ་གྲོང་ཚོ་གསར་རྒྱག་བྱེད་བཞིན་པ་ར་སྤྲོད་བྱུང་འདུག

རྒྱ་གཞུང་གིས་ Pangong མཚོ་འགྲམ་དུ་གྲོང་ཚོ་གསར་པ་རྒྱག་བཞིན་པ་ར་སྤྲོད་བྱུང་འདུག

ཉིང་ཁྲི་རྫ་ཡུལ་ནང་རྒྱ་ནག་གིས་ཐད་འཕུར་གནམ་ཐང་གསར་རྒྱག་བྱས་པར་རྒྱ་གར་གྱིས་སྐྱོན་བརྗོད།

ཉིང་ཁྲི་རྫ་ཡུལ་ནང་རྒྱ་ནག་གིས་ཐད་འཕུར་གནམ་ཐང་གསར་རྒྱག་བྱས་པར་རྒྱ་གར་གྱིས་སྐྱོན་བརྗོད།

རྒྱ་གར་ལ་རྒྱ་ནག་ཐད་འཛམ་གླིང་ཀུན་ལས་ལྷག་པས་དཀའ་ངལ་དམིགས་བསལ་ཡོད་པ་གསུངས་འདུག

རྒྱ་གར་ལ་རྒྱ་ནག་ཐད་འཛམ་གླིང་ཀུན་ལས་ལྷག་པས་དཀའ་ངལ་དམིགས་བསལ་ཡོད་པ་གསུངས་འདུག

རྒྱ་གཞུང་ནས་མཐའ་མཚམས་ཁག་གི་འབྱོར་འབྲིང་གྲོང་ཚོར་མང་ཚོགས་སྟོང་ཕྲག་མང་པོ་གནས་སྤོ་བྱེད་བཞིན་པ།

རྒྱ་གཞུང་ནས་མཐའ་མཚམས་ཁག་གི་འབྱོར་འབྲིང་གྲོང་ཚོར་མང་ཚོགས་སྟོང་ཕྲག་མང་པོ་གནས་སྤོ་བྱེད་བཞིན་པ།

Latest news

Monday 09/11/2026

- Advertisement -spot_img