རྒྱ་ནག་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

RSS ཞེས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་ཆེ་གྲས་ Indresh Kumar ལགས་ཀྱིས། ཉེ་ཆར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ Lahaul དང་སྤི་ཏི། དེ་བཞིན་ Kinnaur བཅས་ཀྱི་འཕགས་བོད་ས་མཚམས་ཁག་ཏུ་སྐོར་སྐྱོད་གྲུབ་པ་དང་འབྲེལ། གསར་འགོད་པའི་ལྷན་དུ་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་བོད་གཙོས་པའི་ཧི་མ་ལ་ཡའི་ནང་པ་ཚོའི་རིག་གཞུང་ལ་མཐོང་ཆུང་གིས་ཁོང་ཚོའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསུངས་འདུག

Senior RSS Leader Claims China Is Trying to Undermine Buddhist Culture in Tibet and the Himalayas

དེ་ཡང་ཁ་སང་རྒྱ་གར་གྱི་ PTI གསར་ཁང་དང་ The Print སོགས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན།  སྐུ་ཞབས་ Indresh Kumar ལགས་ཀྱིས་རྒྱ་གར་བྱང་ཕྱོགས་འཕགས་བོད་ས་མཚམས་ས་ཁུལ་ཁག་ཏུ་ཉིན་གྲངས་བཞིའི་རིང་གི་སྐོར་སྐྱོད་གྲུབ་མཚམས་ཁ་སང་གསར་འགོད་པའི་ལྷན་དུ་མཇལ་འཕྲད་གནང་བའི་སྐབས་སུ། རྒྱ་ནག་གི་བོད་བཙན་བཟུང་བྱས་པའི་རྗེས་སུ་རིམ་པས་བོད་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་ནང་པ་ཚོའི་བུ་མོ་རྣམས་རྒྱ་རིགས་གཞོན་སྐྱེས་མཉམ་དུ་གཉེན་སྒྲིག་བྱེད་དུ་བཅུག་སྟེ་ཁོང་ཚོའི་ངོ་བོར་ལྷད་ཕོག་ཏུ་བཅུག་བཞིན་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་རྒྱུ་ཡིན་པའི་གསལ་སྒྲགས་སྤེལ་བ་དང་འབྲེལ། བོད་མི་གཙོས་པའི་ནང་པ་སུ་རུང་གིས་རྒྱ་ནག་གི་ཆོས་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་པ་ཡིན་ན་མཐའ་གཅིག་ཏུ་དགག་པ་རྒྱག་རྒྱུ་ཡིན་སྐོར་བརྗོད་པར་སྐྱོན་བརྗོད་བྱས་འདུག

སྐུ་ཞབས་ Indresh ལགས་ཀྱིས་ད་དུང་ཁོང་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཡོད་སའི་ས་ཁུལ་དུ་ཆེད་ཕེབས་གནང་སྟེ་དེའི་མང་ཚོགས་དང་ལྷན་དུ་འཛུགས་བསྐྲུན་ཡར་རྒྱས་དང་ཆོས་ཕྱོགས། དེ་བཞིན་རིག་གཞུང་གིས་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་གནང་ཡོད་སྐོར་དང་འབྲེལ། ཁོང་ཚོའི་དཀའ་སྡུག་སྐོར་ལ་ཚང་མས་ཤེས་རྟོགས་དགོས་ངེས་ཡིན་པ་གསུངས་འདུག

ཁོང་གིས་ད་དུང་རྒྱ་ནག་ཙམ་མ་ཟད་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཀྱང་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སོགས་ཀྱི་བརྒྱུད་ནས་ཆོས་དད་བསྒྱུར་རྒྱུའི་ལས་དོན་སྤེལ་བཞིན་ཡོད་སྐོར་དང་འབྲེལ། ཆོས་དད་བསྒྱུར་བ་ཡིན་ན་སོ་སོའི་ངོ་བོ་བརླགས་པ་དང་གཅིག་མཚུངས་ཡིན་སྟབས་ནང་པ་དང་ Sanatan ཧིན་རྡུ་རྣམས་ནས་དེ་དག་ལ་མཉམ་རུབ་ཀྱི་གདོང་ལེན་གནང་དགོས་པ་གསུངས་ཏེ། རྒྱ་གར་དབུས་གཞུང་གི་ངོས་ནས་ས་མཚམས་ས་ཁུལ་དུ་ཕྱོགས་ཡོངས་ནས་འཛུགས་བསྐྲུན་ཡར་རྒྱས་གཏོང་སླད་ལས་གཞི་སྣ་མིན་སྤེལ་བཞིན་ཡོད་པ་ལྟར། མངའ་སྡེ་གཞུང་ཁག་ནས་ཀྱང་ལས་གཞི་དེ་དག་མགྱོགས་མྱུར་སྒྲུབ་རྒྱུའི་འབད་བརྩོན་གནང་དགོས་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026