Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རང་བཙན་སྲུང་བརྩི་བྱ་རྒྱུ་དེ་ཐབས་བྱུས་ཤིག་དང་རེ་བ་ཅིག་རེད་ཅེས་གསུངས་པ།

རང་བཙན་བསྐྱར་གསོ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༢ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་སྣུམ་འཁོར་འབབ་ཚུགས་ཁང་གི་ཡང་སྟེང་དུ་ STAND FOR THE TIBETAN NATIONAL ANTHEM འམ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཐོག་སྐུ་བཞེང་ཞེས་པའི་མཚན་བྱང་འོག་བོད་རང་བཙན་བསྐྱར་གསོ་ཉིན་མོ་སྲུང་བརྩི་ཞུས་སོང་། བཙན་བྱོལ་ནང་གི་བོད་རིགས་གཞོན་སྐྱེས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་ལས་གྲུབ་པའི་བོད་རང་བཙན་གཙང་མ་འདོད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་དང་ཕྱི་སོག་དབར་སོག་པོའི་རྒྱལ་ས་ཨུར་གར་དུ་ཆིངས་ཡིག་བཞག་པ་དང༌། བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་སྦྲགས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པའི་ཉིན་མོ་དང་བསྟུན་རྣམ་པ་འདྲ་མིན་བརྒྱུད་ལས་འགུལ་སྤེལ་ཏེ་བོད་རང་བཙན་བསྐྱར་གསོ་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཁོང་རྣམས་ནས་བོད་རྒྱལ་ཁབ་འདི་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ཏུ་མཚོན་པ་གནང་སྐབས་བོད་ཀྱི་རྒྱལ་དར་དང་བོད་གཞུང་གི་བསྟི་གནས་ཕོ་ཕྲང་ཆེན་པོ་རི་བོ་གྲུ་འཛིན་གྱི་འདྲ་གཟུགས། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་པར་ཡིག་སོགས་འགྲེམས་སྟོན་གྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད། ལྷག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཐོག་སྐུ་བཞེང་ཞེས་པའི་བརྗོད་ཚིག་གཙོ་བཟུང་གནང་དོན་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ནི་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའི་དཔང་རྟགས་གནད་ཆེ་ཞིག་ཡིན་པར་བརྟེན་དེ་ལྟར་གནང་ཡོད་སྐོར་སོགས་གསུངས་སོང་། གཞི་རྩའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་སྔ་དྲོོ་ཚོུད་ ༡༡...

རང་བཙན་སྲུང་བརྩི་བྱ་རྒྱུ་དེ་ཐབས་བྱུས་ཤིག་དང་རེ་བ་ཅིག་རེད་ཅེས་གསུངས་པ།

ཁ་སང་ཟླ་ ༢ ཚེས་ ༡༣ ཉིན་ཕྱི་དྲོར་བཞུགས་སྒར་དྷ་རྨ་ས་ལར་རྩེ་ཕྲང་ཆེན་པོ་པོ་ཏ་ལ་དྲན་གསོ་གནང་པའི་བརྒྱུད་བོད་རང་བཙན་བསྐྱར་གསོའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། བོད་རང་བཙན་མིན་པའི་དུས་ཚོད་གཅིག་ལ་རང་བཙན་སྲུང་བརྩི་བྱ་རྒྱུ་དེ་ཐབས་བྱུས་ཤིག་དང་རེ་བ་ཅིག་རེད་ཅེས་གསུངས་སོང་། དེའང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་དེ་སྔ་ཕྱི་ལོ་ ༡༩༡༣ ལོར་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༤ འཁོར་བའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང། མེག་གྷན་ཀ་ལབ་ཚོགས་ཁང་དུ་གསུང་བཤད་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་རྣམ་པ་གསུམ་གྱིས་གཙོས། དེ་བཞིན་མང་ཚོགས་དོན་གཉེར་བ་ཁག་ཅིག་ཆེད་བཅར་ཐོག་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རྩེ་ཕོ་བྲང་ཆེན་པོ་ཏ་ལ་རྗེས་དྲན་གནང་པའི་བརྒྱུད་བགྲོ་གླེང་གི་ལས་རིམ་ཚོགས་སོང་། སྐབས་དེར་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་རང་བཙན་མིན་པའི་དུས་ཚོད་གཅིག་ལ་རང་བཙན་སྲུང་བརྩི་བྱ་རྒྱུ་དེ་ཐབས་བྱུས་ཤིག་དང་རེ་བ་ཅིག་འདི་བཞིན་རང་བཙན་གྱི་རྨི་ལམ་གྲུབ་རྒྱུའི་འབད་བརྩོན་ཞིག་རེད་ཅེས་གསུངས་པ་དང་། ང་ཚོའི་ངོས་ནས་རྒྱལ་ཁབ་གཞན་ནས་བོད་དོན་ལ་རྒྱབ་སྐྱོར་སློང་རྒྱུའི་བསམ་བློ་དོར་ཏེ་རང་བཙན་གྱི་སླད་དུ་བོད་པ་རང་ཉིད་ནས་དཀའ་ལས་བརྒྱབ་ཀྱི་ཡིན་ཅེས་པའི་བསམ་བློ་དགོས་ཞེས་གསུངས་སོང་། གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་ཕོ་བྲང་པོ་ཏ་ལ་ཐོག་མ་བཞེངས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་པོ་ཏ་ལའི་གནས་བབ། དེ་བཞིན་བོད་དོན་འཐབ་རྩོད་ལ་འགན་འཛིན་ཚུལ། ཕོ་བྲང་པོ་ཏ་ལར་ཆེ་བསྟོད་ཀྱི་སྙན་ངག་སྒེར་འདོན་དང་གཏམ་བཤད་སོགས་གནང་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་མང་ཚོགས་ལ་པོ་ཏ་ལ་དང་འབྲེལ་བའི་གློག་བརྙན་དང་པར་རིས་འགྲེམས་སྟོན་སོགས་གོ་སྒྲིག་ཞུས་འདུག རྩ་བའི་བོད་རང་བཙན་བསྐྱར་གསོའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པོ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཉིན་དབུ་འཛུགས་ཀྱིས་ ལོ་ལྟར་ཟླ་...

Latest news

- Advertisement -spot_img