Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་མོལ་བྱེད་བཞིན་པ།

འཕགས་བོད་ས་མཚམས་ཉེ་འགྲམ་གྱི་བོད་ཀྱི་ས་ཁུལ་དུ་རྒྱ་གཞུང་གིས་འཛུགས་སྐྲུན་ཤུགས་ཆེ་སྤེལ་བྱེད་བཞིན་པ།

ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Takur མཆོག་འཕགས་བོད་ས་མཚམས་ས་ཁུལ་དུ་འཚམས་གཟིགས་སུ་ཕེབས་པ་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་ས་མཚམས་ཉེ་འགྲེམ་གྱི་བོད་ཀྱི་ས་ཁུལ་ནང་དུ་རྒྱ་གཞུང་གིས་འཛུགས་སྐྲུན་ཤུགས་ཆེ་སྤེལ་བྱེད་བཞིན་ཡོད་པ་དང་ས་ཁུལ་དེ་དག་ཏུ་ལྟ་སྲུང་ཆེས་ཆེར་བྱེད་བཞིན་ཡོད་པ་གསུངས་འདུགཉེ་ཆར་ NDTV སོགས་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ Kinnaur དང་ Lahaul-Spiti བཅས་ཧི་མཱ་ཅལ་ས་ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་འབྲེལ་ནས་ཁོང་གིས་རྒྱ་ནག་གིས་འཕགས་བོད་ས་མཚམས་ཉེ་འགྲམ་གྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དེ་དངོས་བདེན་ཡིན་པ་མ་ཟད་རྒྱ་གར་གྱི་ས་མཚམས་ས་ཁུལ་ལས་མཐོ་བའི་ས་ཁུལ་དུ་རྒྱ་ནག་གིས་ལྟ་སྲུང་ལས་དོན་ཆེས་ཆེར་སྤེལ་བཞིན་ཡོད་པར་མངོན་གསལ་གནང་འདུག་པ་དང་ཆབས་ཅིག གནད་དོན་དེ་དག་ཐོག་རྒྱ་གར་དབུས་གཞུང་ལ་སྙན་སེང་ངེས་པར་དུ་ཞུ་རྒྱུ་ཡིན་པར་གསུངས་འདུག ཐེངས་འདིའི་སྐོར་སྐྱོད་ཐོག་ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ Jai Ram Takur མཆོག་གིས་འཕགས་བོད་ས་མཚམས་ས་ཁུལ་གྱི་མཐའ་སྲུང་དམག་སྒར་ཁག་ཅིག་གི་དམག་དཔོན་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།རྩ་བའི་སྔ་ལོའི་ཕྱི་ཟླ་ལྔ་པ་ནས་བཟུང་སྟེ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་ཕྱིན་ཏེ་ཕྱི་ཟླ་དྲུག་པའི་ནང་དུ་ལ་དྭགས་ Galwan རི་གཤོངས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་དང་རྒྱ་མིའི་དམག་མི་ཡང་མང་དག་ཅིག་ལ་རྨས་པའི་གནད་དོན་བྱུང་ཡོད་པ་རེད།དེའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་དབར་འབྲེལ་མོལ་རིམ་པ་ཁྲོད་མཐར་འདི་ལོའི་ཕྱི་ཟླ་དང་པོའི་ནང་དུ་གྲོས་མོལ་སྐབས་ཐག་གཅོད་བྱུང་བ་བཞིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ Rajnath Singh མཆོག་གིས་འདི་ལོ་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་ཕྱོགས་གཉིས་ཀའི་ངོས་ནས་མཐའ་མཚམས་ཀྱི་ས་ཁུལ་ཁག་ཅིག་ནས་དམག་མི་ཕྱིར་འཐེན་བྱས་ཟིན་ཡོད་ལུགས་གསུངས་ཡོད་པ་རེད། འོན་ཀྱང་འདི་ལོའི་ཕྱི་ཟླ་ ༤...

རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་མོལ་བྱེད་བཞིན་པ།

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩་དང་༣༠ ཕྱེད་ཀའི་སྟེང་། རྒྱ་དཀར་ནག་གི་ཆེས་མཐོའི་དཔོན་རིགས་དང་དམག་སྤྱིའི་བར་དུ་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་དང་འབྲེལ་བའི་གྲས་མོལ་ཐེངས་བརྒྱད་པ་དེ་བྱེད་བཞིན་ཡོད་པ་དང་འབྲེལ་ནས། སྔོན་དཔག་གི་དགོངས་ཚུལ་འདྲ་མིན་སྤེལ་མཁན་བྱུང་བཞིན་པའི་ཁྲོད།    མང་དག་ཅིག་གིས་ཕྱོགས་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ཀྱི་དམག་མི་ཕྱིར་བསྡུ་བྱེད་མི་སྲིད་པ་མ་ཟད།  ད་དུང་དགུན་དུས་དང་འབྲེལ་ནས་གྱོན་གོས་དང་བཟའ་འབྲུ་རིགས་མང་དུ་འབོར་འདྲེན་བྱེད་བཞིན་ཡོད་སྐོར་གསུངས་འདུག  

Latest news

- Advertisement -spot_img