Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འཛུགས་གནང་བ།

རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

ཕྱི་ལོ་ ༡༩༧༠ ནང་གསར་འཛུགས་བྱུང་བའི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱིར་བཏང་བཤད་ན་སྔ་ལོ་ནས་ལོ་ངོ་ ༥༠ འཁོར་ཟིན་ཡོད་ཀྱང་། རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་སྔ་ལོར་དུས་དྲན་སྲུང་བརྩི་ཞུ་ཐུབ་མེད།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་རྡ་རམ་ས་ལར་ ༥༠ དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཤིག་སྲུང་བརྩི་ཞུས་ཡོད་པ་མ་ཟད་དེ་བཞིན་ས་གནས་ཁག་ཅིག་ནས་ཀྱང་དེ་ལྟར་སྲུང་བརྩི་ཞུས་ཡོ་པ་རེད།   ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་བོད་སྒར་བསམ་ཡས་གླིང་གི་སློབ་གྲྭར་ཚོགས་པ་དེ་གསར་འཛུགས་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སླར་ཡང་སྲུང་བརྩི་ཞུ་བཞིན་པ་དང་ས་གནས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ལྡི་ལི་འདི་ནི་རྒྱ་གར་གྱི་རྒྱལ་ས་ཡིན་པར་མ་ཟད་ལྷག་པར་དུ་ཕྱི་རྒྱལ་དང་མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་གནད་ཡོད་ཀྱི་ཚོགས་པ་མང་པའི་གཞུང་ཚབ་ཀྱི་ལྟེ་གནས་ཤིག་དང་ལར་ནས་བོད་མི་ཚོར་ཆ་མཚོན་ན་རང་དབང་འཐབ་རྩོད་ལ་སོགས་པའི་རྒྱུན་ལྡན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སའི་གནད་འགག་ཆེ་བའི་ས་གནས་ཤིག་ཡིན་སྟབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་མི་མང་ལ་ངོ་སྤྲོད་གསལ་པོ་ཞིག་ཡོང་ཐབས་དང། བོད་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་སྔར་ལྷག་བོད་དོན་ལས་འགུལ་ལ་ནུས་པ་སྤུངས་ཐུབ་ཐབས་སུ་དུས་དྲན་དེ་སྲུང་བརྩི་ཞུ་ཡི་ཡོད་སྐོར་གསུངས་ཡོད།དེ་རིང་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཡུན་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Sham Gambhir མཆོག་གིས་དབུས་པའི་འདེམས་ཐོན་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དཀོན་མཆོག་ཡར་འཕེལ་ལགས། ལྡི་ལི་ས་གནས་འགོ་འཛིན། BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Pankaj Goyal...

རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འཛུགས་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གིས་གོ་སྒྲིག་འོག་ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་དབུ་འཛུགས་གནང་ཡོད་པ་རེད།ཁ་སང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལིའི་ India International Centre ལྟེ་གནས་ཁང་དུ་རྒྱ་གར་གྱི་བོད་རིག་པའི་མཁས་དབང་ Dr. Lokesh Chandra མཆོག་གིས་རྒྱ་གར་གྱི་གུབ་ཏ་གོང་མའི་རྒྱལ་ཁམས་དང་བོད་ཀྱི་འབྲེལ་བའི་གནད་དོན་སྐོར་གསུང་བཤད་གནང་བ་དང་སྦྲགས་ཏེ་བོད་ཀྱི་དུས་སྟོན་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ཉིན་གྲངས་གསུམ་གྱི་རིང་གོ་སྒྲིག་ཞུས་པའི་དུས་སྟོན་དེའི་ཐོག་བོད་ཀྱི་ནང་ཆོས་དང་རིག་གཞུང་སོགས་ཀྱི་རྒྱལ་སྤྱིའི་མཁས་པ་མང་པོ་ཞིག་ནས་གསུང་བཤད་གནང་གི་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་སྐྲུན་དང་། ཐང་ཀ་དང་ཤིང་བརྐོས་ཀྱི་སྒྱུ་རྩལ། བོད་ཀྱི་གསོ་རིག་སྨན་གཏུགས། ཡིག་གཟུགས་ཀྱི་སྒྱུ་རྩལ། ཅ་དངོས་དང་ཟས་རིགས་སོགས་ཀྱི་འགྲེམས་སྟོན་དང་སྤུས་ཚོང་སོགས་གྲ་སྒྲིག་གནང་འདུགལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཉིན་གྲངས་གསུམ་གྱི་རིང་འགྲེམས་སྟོན་གནང་རྒྱུའི་དགོས་དོན་གཙོ་བོ་ནི་ཆོས་ལུགས་དང་མ་འབྲེལ་བའི་བྱམས་སྙིང་རྗེར་དགའ་ཞེན་ཡོད་མཁན་མཁས་པ་ཚོའི་ལྟ་གྲུབ་ལས་ལེགས་བྱ་བླང་ཐབས་ཙམ་མིན་པར་རྒྱལ་སྤྱིའི་མཁས་པ་དེ་དག་ཟུང་འབྲེལ་ཐོག་ནས་ལས་དོན་སྤེལ་ཐབས་བཅས་ལ་ཆེད་དམིགས་ཀྱིས་གོ་སྒྲིག་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།གཞི་རྩའི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་ནི་ཕྱི་ལོ་ ༡༩༦༥ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཁྱོན་ཡོངས་གཅིག་ལ་གཅིག་བརྟེན་གྱི་དགོངས་གཞིའི་འོག་ནས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་འཛམ་གླིང་ཁྱོན་དུ་བྱམས་སྙིང་རྗེའི་རིག་གཞུང་བཟང་པོ་ཡོད་པ་དེ་གོང་འཕེལ་བརྒྱུད་ཕན་ཚུན་དབར་མཐུན་གཤིབ་ཡོང་ཐབས་དང་། བོད་ཀྱི་རྩ་ཆེའི་རིག་གཞུང་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ལ་ཆེད་དམིགས་ཀྱིས་འཛུགས་སྐྲུན་ཞུས་པའི་སྒྲིག་འཛུགས་ཤིག་ཡིན་པ་རེད།

Latest news

- Advertisement -spot_img