Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཤེས་རིག་ཚོགས་ཆེན།

ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས།

དེ་རིང་བཞུགས་སྒར་གངས་སྐྱིད་ཊི་ཁང་པའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དེ་འཚོགས་པ་དང་སྦྲགས། སྐབས་དེར་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགེ་རྒན་ཚོས་སློབ་ཕྲུག་ལ་བརྩེ་བ་དང་། ཤེས་ཡོན་ཡར་རྒྱས་ཐད་ཚོར་བ་མེད་ན་སློབ་གྲྭ་སྤྱི་ཡོངས་ཀྱི་ཤེས་ཡོན་གྱི་གནས་ཚད་ཉམས་རྒུད་འགྲོ་ངེས་ཡིན་པ་གསུངས་སོང་།དེ་ཡང་དེ་རིང་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་མཆོག་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་རྒྱ་བལ་དང་ཕྱི་རྒྱལ་གཟའ་མཇུག་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན་༢༤༠ མན་ཙམ་ཞིག་ནས་མཉམ་ཞུགས་གནང་འདུག  སྐབས་དེར་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས། ངོས་ནས་ཤེས་ཡོན་སྲིད་བྱུས་ནི་རང་ཉིད་སློབ་ཕྲུག་ཡིན་པའི་སྐབས་མཐུན་རྐྱེན་མི་འདང་བ་དེ་ད་ལྟའི་སློབ་ཕྲུག་ཚོར་སྦྱོར་ཐུབ་པ་དེར་ངོས་འཛིན་ཞུ་བཞིན་ཡོད་པ་དང་འབྲེལ། དགེ་རྒན་ཟེར་བ་དེ་རྩ་ཆེན་ཞིག་དང་། དགེ་རྒན་ཚོས་ངོས་ནས་མི་ཚེ་ཧྲིལ་པོ་ཤེས་ཡོན་གྱི་ཐོག་གཏོང་བ་དང་། མ་འོངས་སོན་རྩ་བསྐྲུན་མ་བསྐྲུན་དེ་དགེ་རྒན་ལ་རག་ལས་པས། དགེ་རྒན་གྱི་ལས་དོན་དེ་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་དང་སྦྲགས།  ད་རེས་ཚོགས་ཆེན་དེ་བརྒྱུད་དགེ་རྒན་ཚོས་གྲོས་གཞི་བཞག་པ་དེའི་ཐོག་བཀའ་བསྡུར་ཞིབ་ཞིང་ཕྲ་བ་དང་། དོན་ལ་འཁེལ་བ་ཡོང་རྒྱུའི་རེ་བ་དང་། བཀའ་ཤག་ངོས་ནས་གྲོས་ཆོད་ཁག་ཕྱག་བསྟར་གནང་ཐབས་སུ་འབད་བརྩོན་མཐའ་ཅིག་ཏུ་བྱེད་རྒྱུ་ཡིན་པ་གསུངས་འདུགགཞི་རྩའི་ཚོགས་ཆེན་བདུན་པའི་ཐོག་གྲོས་གཞི་རིམ་པ་བཞིར་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་དང་། གྲོས་གཞི་དེ་ཡང་སློབ་གྲྭ་ཁག་ནང་བོད་རིགས་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པ་དང་བསྟུན་མ་འོངས་པའི་སློབ་གྲྭའི་གྲངས་ཚད་དང་། ཤེས་ཡོན་གྱི་གནས་ཚད་ཐད་འཛིན་སྐྱོང་ནས་ལས་དོན་ཚགས་ཚུད་གཏོང་ཐབས་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་ ༡༣ ལྷག་འགྲོ་བཞིན་པར་ད་དུང་མུ་མཐུད་ཚགས་ཚུད་གཏོང་ཐབས་དང་། བོད་དབྱིན་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཐབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་ཕྱོགས་སློབ་སྤེལ་སྐོར་གནང་ཕྱོགས། དེ་བཞིན་སློབ་སྤྱི་དང་དགེ་རྒན་རྣམ་པའི་ཆེད་ལས་དང་ནུས་པ་སོགས་གོང་མཐོར་གཏོང་ཕྱོགས་དང་།...

Latest news

- Advertisement -spot_img