Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནས་གསར་འགོད་པའི་བཅར་འདྲི་དང་ལེན།

བཀའ་བློན་དུ་བདམས་ཐོན་བྱུང་བ་པདྨ་དབྱངས་ཅན་ལགས་ནས་ཤེས་རིག་ལས་ཁུངས་སུ་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་གནང་བཞིན་འདུག

ཁེ་ན་ཌར་བཅའ་བཞུགས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་ཟུར་པ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་བདམས་ཐོན་བྱུང་སོང་། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པའི་དགོངས་དོན་སྲིད་སྐྱོང་གིས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་ཀྱི་འོས་མི་མི་འགྲོའི་མཚན་དང་ལོ་རྒྱུས་གྲོས་ཚོགས་སུ་འབུལ་དགོས་པ་ལྟར། སྲིད་སྐྱོང་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་ཤག་གི་བཀའ་བློན་འོས་མི་གཅིག་ཏུ་མཚན་འབོད་གནང་ཡོད་པ་རེད། འོས་མི་དེའི་ཐོག་ལ་སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་འཐུས་རྩ་འབོར་ ༤༤ ནས་འོས་པ་ ༢༦ དང་མི་འོས་པ་ ༡༥ བར་བཞུགས་གྲངས་ ༣ བཅས་ཁོང་ལ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད། བཀའ་བློན་འོས་མི་དེ་ལ་འགག་པ་གནང་མཁན་སྤྱི་འཐུས་གཅིག་བྱུང་ཡོད་པ་ལས་འཕྲོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟ་ཤེས་རིག་ལས་ཁུངས་ལ་ངེས་པར་དུ་བཀའ་བློན་གཅིག་དགོས་ཀྱི་ཡོད་པ་ལྟར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནི་བཀའ་བློན་འོས་མི་ཚད་མཐོ་པོ་ཞིག་ཐོབ་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད། བཀའ་བློན་དུ་གསར་དུ་བདམས་ཐོན་བྱུང་བ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནས་འདི་ག་རླུང་འཕྲིན་ཁང་གི་བཀའ་འདྲི་དང་ལེན་དང་སྦྲགས། ཁོང་ད་རེས་བཀའ་བློན་དུ་བདམས་ཐོན་བྱུང་བར་དགའ་ཚོར་དང་བཅས་ཁོང་གིས་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་རྒྱུ་ནི་གོ་སྐབས་དང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་དང་། ཁྱད་པར་དུ་ཤེས་རིག་ལས་ཁུངས་སུ་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་སོང་། འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནས་ཕྱི་ལོ་ ༢༠༡༢...

སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་གྲོས་སྟོན་པའི་ངོ་བོ་ཐོག་ནས་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག

ཟླ་བ་སྔོན་མའི་ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད།  ད་ཆ་དྲིལ་བསྒྲགས་དྲུང་ཆེ་གཅིག་དགོས་པ་བཞིན་སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལོ་གཉིས་རིང་གྲོས་སྟོན་པའི་ངོ་བོ་ཐོག་ནས་བསྐོ་གཞག་གནང་པ་དང་། ད་ཆ་ཁོང་གི་ལས་གནས་དེ་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཡིན་ཞིང་། དེ་རིང་ནས་དངོས་སུ་ལས་འཁུར་འགོ་འཛུགས་གནང་འདུག རྩ་བའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནི་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་གནང་མྱོང་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་ཁོ་མོ་གྲོས་ཚོགས་སྐབས་སྔ་མའི་ཐོག་བཀའ་བློན་དུ་མིང་འདོན་གནང་ཡོད་ཀྱང་།  ལོ་ངོ་ ༣༥ ཧྲིལ་པོ་མ་སོན་སྟབས་ལོ་ནའི་ཆ་ནས་བཀའ་བློན་གྱི་འོས་ཆོས་མ་ཚང་པས་ཕྱི་ཉིན་དེར་སྲིད་སྐྱོང་མཆོག་གིས་བཀའ་བློན་ནས་ཕྱིར་འཐེན་གནང་ཡོད་པ་མ་ཟད། ཉེ་ཆར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ནང་སླར་བཀའ་བློན་གྱི་འོས་མིར་མིང་འདོན་གནང་པར་གྲོས་ཚོགས་ཀྱི་འཐུས་མི་ལས་དགོས་ངེས་ཀྱི་རྒྱབ་སྐྱོར་གྲངས་ཚད་མ་ལོན་སྟབས་བཀའ་བློན་དུ་བསྐོ་གཞག་ཐུབ་མེད་པ་རེད། དེ་མཚུངས་ད་ལྟ་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་གནང་བཞིན་པ་སྣང་ས་ཆོས་སྒྲོན་ལགས་ཉེ་ཆར་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་ཟིན་ཀྱང་། ད་ཆ་ཁོང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་འདུག རྩ་བའི་བདམས་ཐོན་བྱུང་བའི་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ནི་ཕྱི་ལོ་ ༡༩༥༤ ལོར་སྟོད་སྐྱིད་གྲོང་དུ་འཁྲུངས་ཞིང་། དགུང་ལོ་ ༤ ཙམ་ལ་བཙན་བྱོལ་དུ་ཕེབས་ནས་གཞི་རིམ་གོང་འོག་བར་གསུམ་གྱི་སློབ་གྲྭ་དང་མཐོ་སློབ་ཁག་སློབ་མཐར་སོན་རྗེས། ༡༩༧༧ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བར་བཞུགས་ནས་རིམ་པས་ཐེམ་པ་རིམ་འཛེགས་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་བཅས་གནང་པ་མ་ཟད།  ཕྱི་ལོ་...

Latest news

- Advertisement -spot_img