Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྦག་སྦག་སྐོར་སྐྱོད་བརྒྱུད་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དྲིལ་བསྒྲགས།

སྦག་སྦག་སྐོར་སྐྱོད་བརྒྱུད་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དྲིལ་བསྒྲགས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་འདི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉིན་མོ་ཞིག་ཡིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བེུད་ལྷན་ཚོགས་བཅས་མཉམ་འབྲེལ་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་གཙོ་བོར་གྱུར་པའི་བོད་ནང་གི་ཛ་དྲག་གནད་དོན་མངོན་གསལ་གནང་བའི་ཐོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་གཉིས་ནས་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་གང་ཡིན་གསལ་པོ་བཟོ་དགོས་པ་དང་ད་བར་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་མངོན་འདོད་རྣམས་བདག་སྤྲོད་དགོས་པ། དེ་བཞིན་རྒྱའི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་ཆེད་བཀོད་དང་སྦྲགས། ཟླ་བ་འདིའི་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཀར་ཀ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་གནང་ཡོད་པ་མ་ཟད། དེ་རིང་ལས་འགུལ་བ་རྣམས་ཀྱིས་སྦེང་ལོར་ས་གནས་གཞོན་ནུ་དང་ལྷན་བོད་ཁྱིམ་སྡོད་ཁང་ནས་དབུ་འཛུགས་ཀྱིས་ Freedom Park ཞེས་པའི་ས་ཚིགས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག་ཏུ་མཛད་སྒོ་ཚོགས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Neerajan  ལགས་དང་ Bharat Tibet Sahyog...

Latest news

- Advertisement -spot_img