Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་བློ་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་གཅིག་རང་ཡོད་པ་འདི་ནི་གྲོས་མོལ་རེད་ཅེས་གསུངས་འདུག

སྲིད་སྐྱོང་བློ་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་གྲོས་མོལ་རེད་ཅེས་གསུངས་འདུག

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་སེང་གེ་མཆོག་ནས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༨ མཇུག་སྒྲིལ་དང་སྦྲགས། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོད་སེམས་བརྟན་པོའི་ངང་མུ་མཐུད་གནས་ཡོད་པ་དང་། བོད་རྒྱ་གཉིས་དབར་གྱི་གནད་དོན་སེལ་རྒྱུའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་གྲོས་མོལ་རེད་ཅེས་གསུངས་འདུག དེ་ཡང་བཞུགས་སྒར་རྡ་ས་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts ཞེས་པའི་མགྲོན་ཁང་དུ་ཁ་སང་དང་ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༨ དེ་འཚོགས་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཏུ་ཚོགས་འདུ་ལེགས་གྲུབ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང། ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་བཅར་བ་རྣམས་ནས་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་ཁྲོད་དང་བོད་རྒྱ་འབྲེལ་མོལ་གྱི་མ་འོངས་གནས་བབས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་བཅས་ཀྱི་ཐོག་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལན་གྱི་གསར་འགོད་གསལ་བསྒྲགས་འདིའི་བརྒྱུད་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་དེ་ཞི་བའི་གྲོས་མོལ་བརྒྱུད་ནས་སེལ་ཐབས་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་པ་དང་སྦྲགས། ཕྱོགས་གཉིས་གྲོས་མོལ་བརྒྱུད་ནས་མ་གཏོགས་བོད་ཀྱི་གནད་དོན་སེལ་རྒྱུར་ཐབས་ལམ་གཞན་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་འདུག རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཟིན་ཡོད་པ་དེ་ལྟར་ཡང། འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་རྗེས། འབྲེལ་མོལ་སྣེ་འཁྲིད་གནང་མཁན་གཉིས་ཀྱིས་ལས་གནས་ནས་དགོངས་ཞུ་གནང་པ་མ་ཟད།...

Latest news

- Advertisement -spot_img