Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་མཆོག་གིས་ལྕམ་ནེན་སིས་དབུ་ཁྲིད་པའི་སྐུ་ཚབ་རྣམས་ཞུགས་སྒར་དུ་ཕེབས་རྒྱུར་འཚམས་འདྲི་གནང་པ།

ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་ཆུང་ཆུང་དང་གཅིག་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝི་ཏི་ནམ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་གནང་པ་དང་འབྲེལ། ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་དང་གཅིག་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་ ༩ ཚེས་ ༢ ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminster གྲོང་ཁྱེར་ནང་གི་ཝི་ཏི་ནམ་དགོན་པར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་་འདུག The orange County Register ཞེས་པའི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་ཝི་ཏི་ནམ་དང་བོད་གཉིས་རྒྱ་ནག་དམར་པོའི་གཞུང་འོག་བཙན་གནོན་མྱངས་དང་མྱོང་བཞིན་ཡོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ལོ་ངོ་ ༡༠༠ ཙམ་ལས་འགྲོ་གྱི་མེད་སྟབས། ནང་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ཕྲུ་གུ་ཆུང་ཆུང་སྤྱོད་ངན་ཞིག་དང་གཅིག་མཚུངས་རེད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ད་ལྟའི་ཆར་ནང་ཆོས་གཞི་རྩ་བརྟན་པོ་ཆགས་ཡོད་པས་ཇི་སྲིད་ནང་པ་སངས་རྒྱས་པའི་བསྟན་པ་གནས་པ་དེ་སྲིད་དུ་བོད་དོན་གནས་ཀྱི་རེད་ཅེས་གསུངས་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་གཞུང་གིས་ད་བར་བོད་མཐོ་སྒང་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ལས་གཞི་འདྲ་མིན་སྤེལ་བཞིན་པར་བརྟེན། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དང་ཐེབས་བཞིན་སྐོར་དང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྤོས་བྱེད་རྐྱེན་བོད་ནང་བོད་མི་རིགས་ཀྱི་གཞུང་ལ་དོ་ཕོག་འབྱུང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱང་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སོགས་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་...

སྲིད་སྐྱོང་མཆོག་གིས་ལྕམ་ནེན་སིས་དབུ་ཁྲིད་པའི་སྐུ་ཚབ་རྣམས་ཞུགས་སྒར་དུ་ཕེབས་རྒྱུར་འཚམས་འདྲི་གནང་པ།

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ནན་སི་པི་ལོ་སི་མཆོག་གིས་དབུ་ཁྲིད་པའི་གནད་ཡོད་མི་སྣ་ ༢༩ ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་རིང་མིན་ཟླ་བ་འདིའི་ནང་བཞུགས་སྒར་དུ་ཕེབས་འཆར་ཡོད་པ་དང་བསྟུན། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགའ་ཚོར་དང་བཅས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྣམ་པར་ཕེབས་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་མིའི་སྒྲིག་འཛུགས་ནས་ཐེངས་འདིར་བཞུགས་སྒར་དུ་ཕེབས་འཆར་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམ་པར་ཆེ་བསྟོད་ཞུ་ཕྱིར་ཟླ་ ༥ ཚེས་ ༡༠ སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ་དང་། ལྷག་དོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ལོ་དགུའི་རྗེས་སུ་འཚམས་གཟིགས་ཐེངས་གཉིས་པ་ཕེབས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགའ་ཚོར་དང་བཅས་ཁོང་རྣམ་པར་ཕེབས་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ད་རེས་བཞུགས་སྒར་དུ་ཕེབས་འཆར་ཡོད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་དག་གི་ཁྲོད་ནས་བརྒྱད་གྲོས་ཚོགས་འཐུས་མི་ཡིན་པ་དང་། དེ་དག་ནི་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Eliot Engel ལགས་དང་སྐུ་ཞབས་ Jim Sensenbrenner ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern...

Latest news

- Advertisement -spot_img