Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་མཆོག་གིས་སློབ་གྲྭ་ལ་ཆབ་སྲིད་ཀྱི་དྲི་མས་མ་བགོ་པར་དགོན་པ་ལྟར་གཙང་མ་ཉར་དགོས་པ་གསུངས་སོང་།

ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་ཆུང་ཆུང་དང་གཅིག་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝི་ཏི་ནམ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་གནང་པ་དང་འབྲེལ། ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་དང་གཅིག་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་ ༩ ཚེས་ ༢ ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminster གྲོང་ཁྱེར་ནང་གི་ཝི་ཏི་ནམ་དགོན་པར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་་འདུག The orange County Register ཞེས་པའི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་ཝི་ཏི་ནམ་དང་བོད་གཉིས་རྒྱ་ནག་དམར་པོའི་གཞུང་འོག་བཙན་གནོན་མྱངས་དང་མྱོང་བཞིན་ཡོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ལོ་ངོ་ ༡༠༠ ཙམ་ལས་འགྲོ་གྱི་མེད་སྟབས། ནང་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ཕྲུ་གུ་ཆུང་ཆུང་སྤྱོད་ངན་ཞིག་དང་གཅིག་མཚུངས་རེད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ད་ལྟའི་ཆར་ནང་ཆོས་གཞི་རྩ་བརྟན་པོ་ཆགས་ཡོད་པས་ཇི་སྲིད་ནང་པ་སངས་རྒྱས་པའི་བསྟན་པ་གནས་པ་དེ་སྲིད་དུ་བོད་དོན་གནས་ཀྱི་རེད་ཅེས་གསུངས་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་གཞུང་གིས་ད་བར་བོད་མཐོ་སྒང་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ལས་གཞི་འདྲ་མིན་སྤེལ་བཞིན་པར་བརྟེན། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དང་ཐེབས་བཞིན་སྐོར་དང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྤོས་བྱེད་རྐྱེན་བོད་ནང་བོད་མི་རིགས་ཀྱི་གཞུང་ལ་དོ་ཕོག་འབྱུང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱང་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སོགས་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་...

སྲིད་སྐྱོང་མཆོག་གིས་སློབ་གྲྭ་ལ་ཆབ་སྲིད་ཀྱི་དྲི་མས་མ་གོས་པར་དགོན་པ་ལྟར་གཙང་མ་ཉར་དགོས་པ་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཁ་སང་ཚེས་ ༨ ཉིན་འདི་ག་བཞུགས་སྒར་དུ་བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། དེ་བཞིན་དགེ་རྒན་ ༣༠༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་༸གོང་ས་མཆོག་གི་བཀའ་སློབ་དང་དུས་མཉམ། མ་འོངས་པར་སློབ་གྲྭའི་ནང་དེ་དོན་བྱེད་སྒོ་སྤེལ་ཐབས་སྐོར་ལ་གོ་བསྡུར་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་ལྟར། ཁ་སང་སྔ་ ཐོག་དགེ་ལས་རྣམས་ལ་༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལས་རིམ་དང་དེ་རྗེས་ཉིན་རྒྱབ་ཏུ་དགེ་ལས་རྣམས་ནས་བྱེད་སྒོ་སྤེལ་ཐབས་ཐོག་གོ་བསྡུར་གནང་ཡོད་པ་རེད། ཕྱི་དྲོ་ཚོུད་༤།༣༠སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག དེ་བཞིན་ཤེས་རིག་དྲུང་ ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་ལས་ཚོའི་དགོངས་འཆར་ཕྱོགས་བསྡུར་ཁག་སྙན་སྒྲོན་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྐོར་དང་། འཛིན་སྐྱོང་གི་ལས་དོན་ཁོངས་སུ་ཤེས་ཡོན་དེ་གལ་ཆེ་ཤོས་སུ་ངོས་འཛིན་ཞུས་དང་ཞུ་མུས་ཀྱིས་ཕྱོགས་གང་ཐད་ནས་མུ་མཐུད་མཐུན་སྦྱོར་གནང་མུས་ཡིན་པ་གསུངས་སོང་། ལྷག་དོན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དང་འབྲེལ་འདི་ནི་དགེ་རྒན་ལས་བྱེད་ཁོ་ནའི་ལས་འགན་མིན་པར་སྤྱི་ཚོགས་སྤྱི་ལ་འཁྲི་བའི་འགན་ཞིག་ཆགས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ཁྱད་པར་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལས་རྣམས་ལ་བྱམས་བརྩེ་གཞི་རྩར་འགྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་ཀྱི་གལ་གནད་སྐོར་ལ་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་ཁག་དྲན་གསོ་དང་འབྲེལ། དགེ་ལས་ཚོས་མགོན་པོ་མཆོག་གི་བཀའ་སློབ་དེ་སྙིང་བཅངས་ཞུས་ནས། མ་འོངས་པར་རང་རང་སོ་སོའི་སློབ་གྲྭའི་ནང་དེའི་ཐོག་བྱེད་སྒོ་སྤེལ་ནས་གྲུབ་འབྲས་བསྟན་ཡག་བྱུང་ཐུབ་ན་དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་སྤྱི་ཚོགས་སྤྱི་ལ་ཕན་ཐོགས་ཡོད་པ་གསུངས་ཡོད་པ་རེད། ད་དུང་སྲིད་སྐྱོང་མཆོག་གིས་དགེ་ལས་རྣམས་ལ་སློབ་གྲྭ་རེ་ཟུང་ནང་ཆབ་སྲིད་ཀྱི་དྲི་མ་སླེབས་ནས་ཆོལ་ཁའི་ཞེན་ཁོག་དང་འཐེན་འཁྱེར་རིགས་ཡོང་གི་ཡོད་སྟབས། མ་འོངས་པ་ན་སློབ་གྲྭ་དེ་དགོན་པ་ལྟར་གཙང་མ་ཉར་རྒྱུའི་ཡིད་གཟབ་དགོས་གལ་ཡིན་སྐོར་གསུངས་ཡོད། གཞི་རྩའི་ཁ་ངས་ཉིན་རྒྱབ་དགེ་ལས་རྣམས་པ་ཚོགས་ཆུང་ ༡༢ ལ་ཆ་བགོས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་ཐོག་གོ་བསྡུར་གནང་གསལ་མཐའ་དོན་དགོངས་འཆར་ ༡༥༠ ལྷག་ཙམ་སྙན་སྒྲོན་ཞུས་པའི་ཁྲོད་མང་ཆེ་བས་གནད་དོན་འདི་ནི་སྤྱི་ཚོགས་སྤྱི་ཡོངས་ནས་ཤུགས་སྣོན་རྒྱབ་དགོས་པ་ཞིག་ཏུ་ངོས་འཛིན་གནང་གི་འདུག

Latest news

- Advertisement -spot_img