Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧོང་ཀོང་གི་ཉེན་རྟོག་པས་དྲུག་བཞི་དོན་རྐྱེན་རྗེས་དྲན་གོ་སྒྲིག་པ་ཁག་ཅིག་འཛིན་བཟུང་།

ཧོང་ཀོང་གི་ཉེན་རྟོག་པས་དྲུག་བཞི་དོན་རྐྱེན་རྗེས་དྲན་གོ་སྒྲིག་པ་ཁག་ཅིག་འཛིན་བཟུང་། 

ཧོང་ཀོང་གི་ཉེན་རྟོག་པས་རྒྱ་ནག་གི་དྲུག་བཞི་དོན་རྐྱེན་ལ་རྗེས་དྲན་གོ་སྒྲིག་ཞུ་མཁན་ Hong Kong Alliance ཞེས་པའི་མང་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཞོན་ Chow Hang-tung ལགས་ཀྱིས་གཙོས་པའི་ཚོགས་མི་གཙོ་གྲས་བཞིར་ཕྱིའི་སྟོབས་ཤུགས་དང་ངན་འབྲེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུགས་གནས་ནས་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། རེས་གཟའ་ལྷག་པའི་སྔ་དྲོར་ཧོང་ཀོང་གི་ཉེན་རྟོག་པ་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་ཞེན་དང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་བཙུགས་པའི་ཧོང་ཀོང་གི་མནའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་ཚོའི་ལས་ཁུངས་དང་དེ་བཞིན་སྡོད་གནས་བཅས་སུ་སླེབས་ཏེ་ཁོང་རྣམ་པ་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཁོངས་སུ་ཚོགས་གཞོན་ Chow Hang-tung ལགས། རྒྱུན་ལས་ Leung Kam-wai ལགས་དང་། Tang Ngok-kwan ལགས། དེ་བཞིན་ Chan Dor-wai  ལགས་བཅས་འཛིན་བཟུང་བྱས་ཡོད་ཅིང་། ཧོང་ཀོང་གི་ཉེན་རྟོག་པས་ད་ལྟའི་ཆར་ཞིབ་དཔྱོད་བྱས་དང་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ་ད་དུང་འབྲེལ་ཡོད་མི་སྣ་གཞན་ཁག་ཅིག་འཛིན་བཟུང་བྱ་མི་སྲིད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་འདུགགནད་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་ཀྱིས་ཐུགས་ཚོར་ཆེན་པོས་ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་མནའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་རྣམ་པ་འཛིན་བཟུང་བྱས་པར་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་འབྲེལ་ཏེ། གནད་དོན་དེ་བརྒྱུད་རྒྱ་གཞུང་གིས་ཧོང་ཀོང་གི་བདེ་འཇགས་ཞེས་པའི་ཁྲིམས་གཞི་དེ་བེད་སྤྱོད་ལོག་སྤྱོད་བྱེད་བཞིན་པ་གསལ་པོར་མངོན་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུགརྩ་བའི་ཧོང་ཀོང་གི་ཉེན་རྟོག་པའི་ངོས་ནས་གཟའ་འཁོར་སྔོན་མའི་ནང་ཧོང་ཀོང་གི་མནའ་འབྲེལ་ཚོགས་པའི་ད་ལྟའི་དཔལ་འབྱོར་གྱི་གནས་བབ་དང་ཚོགས་ཞུགས་སྐོར། དེ་བཞིན་ལས་འགུལ་སོགས་དང་འབྲེལ་བའི་སྙན་སེང་ཞུ་དགོས་པར་བཤད་ཡོད་པ་མ་ཟད། ཚོགས་པ་དེ་ནི་ཕྱིའི་སྟོབས་ཤུགས་ཀྱི་གསོ་མྱུལ་བའི་སྒྲིག་འཛུགས་ཤིག་ཡིན་པར་ཉེ་འཛུགས་ཀྱིས་ཚོགས་པའི་གནས་ཚུལ་རྣམས་དུས་ཐོག་ཏུ་སྙན་གསེང་མ་ཞུས་ནས་བསྡད་ཚེ་ཟླ་བ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཆད་དང་ཡང་ན་ཨ་སྒོར་འབུམ་གཅིག་གི་དངུལ་ཆད་ཕོག་སྲིད་པའིི་འཇིགས་སྐུལ་བྱས་ཡོད།འོན་ཀྱང་ཚོགས་པའི་ཚོགས་གཞོན་དང་ཁྲིམས་རྩོད་པ་ Chow Hang-tung ལགས་ཀྱིས་རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་སུ་བཅར་ཏེ་ཚོགས་པའི་ལས་དོན་དང་ཚོགས་ཞུགས་སོགས་ཀྱི་ཡིག་ཆ་འབུལ་ཐུབ་ཐབས་མེད་སྐོར་ཞུས་པ་མ་ཟད། ཁོང་གིས་སྐབས་དེར་གསར་འགོད་པ་རྣམས་ལ་ང་ཚོའི་ངོས་ནས་ཁུངས་ལུང་མེད་པའི་དབང་ཤུགས་འོག་ཏུ་དུས་ནམ་ཡང་མགོ་མི་སྒུར་བ་དང་ཧོང་ཀོང་གི་མང་ཚོགས་རྣམས་ཀྱིས་མུ་མཐུད་ནས་གནད་དོན་དེའི་ཐད་ལ་གདོང་ལེན་གནང་དགོས་པའི་གཞེན་སྐུལ་གནང་འདུགརྒྱ་ནག་གི་རྒྱལ་ཞེན་དང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཧོང་ཀོང་གི་མནའ་འབྲེལ་ཚོགས་པ་...

Latest news

- Advertisement -spot_img