Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་ཐད་གཏོང་གི་བགྲོ་གླེང་གནང་པ།

ཧོང་ཀོང་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད།

དབྱིན་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱལ་སྤྱིའི་ཧོང་ཀོང་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཧོ་ཀོང་མང་ཚོགས་ཀྱི་ལས་འགུལ་དང་མངོན་འདོད་ལ་རྒྱབ་སྐྱོར་གྱི་གདུང་སེམས་མཉམ་བསྐྱེད་ཞུས་འདུག སྤྱིར་འདི་ལོ་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱིས་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་ནས་ད་བར་འདས་པའི་ཟླ་བ་གཉིས་ལྷག་གི་རིང་ལ་ཧོང་ཀོང་མི་མང་ས་ཡ་མང་པོས་པེ་ཅིང་གཞུང་དང་ཧོང་ཀོང་ད་ཡོད་གཞུང་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མི་མི་ཆད་པ་སྤེལ་བཞིན་པ་དང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་གནང་མཁན་ཚོར་དྲག་གནོན་དང་འཛིན་བཟུང་སོགས་བྱེད་འགོ་བཙུགས་ཏེ་ད་ཆ་ཉིན་རེ་བཞིན་ཧོང་ཀོང་ནང་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་རེད། ཟླ་ ༨ ཚེས་ ༡༦ ནས་ ༡༩ བར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་ཧོང་ཀོང་མང་ཚོགས་དང་ཧོང་ཀོང་ལ་རྒྱབ་སྐྱོར་གནང་མཁན་མི་མང་ནས་ GLOBAL: Solidarity with HK Rally ཞེས་རྒྱལ་སྤྱིའི་ཁྱོན་ཀྱི་རྒྱལ་ཁབ་ ༣༠ ལྷག་གི་ནང་ཧོང་ཀོང་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྔམ་སྟོན་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འགོ་བརྩམས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་དབྱིན་ཡུལ་གྱི་རྒྱལ་ལོན་ཊན་དུ་སྤེལ་བའི་རྒྱལ་སྤྱིའི་ཧོང་ཀོང་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་ཁུལ་དེར་གནས་སྡོད་བོད་མི་ཚོས་མཉམ་ཞུགས་ཀྱིས་བོད་མི་ཚོ་ཧོང་ཀོང་མང་ཚོགས་དང་མཉམ་དུ་ཡོད་ཅེས་དང་། ཧོང་ཀོང་མང་ཚོགས་ལ་གཉའ་གནོན་མཚམས་འཇོག་དགོས་ཞེས་པའི་ཕྲད་དར་དང་ཤོག་སྦྱང་སོགས་ཀྱི་སྟེང་ལ་དགོས་འདོན་ཆེད་བཀོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་ཧོང་མང་ཚོགས་ཀྱི་ཞི་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག སྐབས་དེའི་མང་ཚོགས་ཆིག་སྟོང་ལྷག་འདུ་འཛོམས་བྱུང་བའི་ལས་འགུལ་དེ་ལོན་ཊན་རྒྱལ་ས་ Trafalgar Square ཞེས་མང་ཚོགས་འདུ་འཛོམས་ཆེ་བའི་ཐང་ཆེན་ནས་དབྱིན་ཡུལ་སྲིད་བློན་བཞུགས་གནས་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ཐང་ཆེན་བར་རིམ་པས་ལས་འགུལ་སྤེལ་འདུག་ཅིང་།...

ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་ཐད་གཏོང་གི་བགྲོ་གླེང་གནང་པ།

ཁ་སང་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་ལས་འགུལ་སྣེ་ཁྲིད་པ་བཞིས་དྲ་རྒྱའི་བརྒྱུད་ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་ཐད་གཏོང་གི་བགྲོ་གླེང་ཞིག་གནང་ཡོད་པ་རེད། དེའང་ཉེ་ལམ་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ཁྲིམས་འགལ་ཐོག་མི་མང་འདུ་འཛོམས་ཀྱིས་ཆར་གདུགས་གསར་བརྗེ་ལས་འགུལ་སྤེལ་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ལས་འགུལ་སྣེ་ཁྲིད་པ་རང་ལོ་ ༢༠ ཡིན་པ་Joshua Wong ལགས་དང་རང་ལོ་༢༦ ཡིན་པ་ Alex Chow ལགས། དེ་བཞིན་རང་ལོ་ ༢༤ ཡིན་པ་ Nathan Law ལགས་བཅས་གསུམ་ལ་ཟླ་བ་དྲུག་ནས་བརྒྱད་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་མང་གཙོར་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་གིས་ཧོང་ཀོང་ཁྲིམས་ཁང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ TOM Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་།...

Latest news

- Advertisement -spot_img