Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཨོ་གླིང་ནང་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་ཆབ་སྲིད་ཚོགས་པ་གསར་འཛུགས།

མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་མེད་ཀྱང་ཉམས་མྱོང་གསར་པའི་ཐོག་མ་འོངས་རྒྱལ་ཡོངས་འོས་བསྡུར་གྲ་སྒྲིག

Australia རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ Democratic Alliance ཞེས་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་གསར་པའི་མིང་ཐོག་ནས་ Australia ལ་གནས་བཞུགས་བོད་མི་མང་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིར་བཞེངས་ཡོད་པ་དང་། དེ་ནི་ལོ་རྒྱུས་ཐོག་བོད་རིགས་ཤིག་ཨོ་གླིང་གི་ཆབ་སྲིད་ནང་འོས་བསྡུ་རྩོད་ལེན་གནང་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།ཁོང་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་མེད་ཀྱང་ཁོང་ནས་འོས་བསྡུའི་བརྒྱུད་རིམ་ཁྲོད་བྱུང་བའི་ཉམས་མྱོང་གསར་པའི་ཐོག་ནས་མ་འོངས་ཨོ་གླིང་གི་རྒྱལ་ཡོངས་འོས་བསྡུ་ནང་སླར་བཞེངས་རྒྱུར་གྲ་སྒྲིག་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་གསུངས་འདུགDemocratic Alliance ཞེས་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་དེ་བཞིན་ Australia ལ་གནས་བཞུགས་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་གཙོས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཡུ་གུར་ཐོབ་ཐང་རྩོད་ལེན་པ། དེ་བཞིན་ཧོང་ཀོང་གི་གཞོན་སྐྱེས་ལས་འགུལ་བ་བཅས་མི་སྣ་ལྔས་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་གསར་འཛུགས་གནང་བ་ཞིག་དང་ཆབ་སྲིད་ཚོགས་པའི་འོས་མི་ཁོངས་སུ་ཡོད་པའི་སྤྱི་ཟུར་སྐྱིད་འཛོམས་ལགས་ཨོ་གླིང་གི་ Bennelong ས་གནས་ནས་བཞེངས་པ་ཆགས་ཀྱི་འདུགརྩ་བའི་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱི་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་མེད་ཀྱང་ཁོང་གི་སྙིང་སྟོབས་དང་རྩོལ་བར་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག མ་འོངས་པར་ཨོ་གླིང་གི་རྒྱལ་ཡོངས་འོས་བསྡུ་ནང་སླར་བཞུགས་ཐུབ་པའི་སྨོན་འདུན་ཞུ་བཞིན་འདུག

ཨོ་གླིང་ནང་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་ཆབ་སྲིད་ཚོགས་པ་གསར་འཛུགས།

དེ་རིང་ཨོ་གླིང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་ Democratic Alliance ཞེས་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་བ་དང་ཚོགས་པའི་འོས་མི་ཁོངས་སུ་ཡོད་པ་བོད་མི་མང་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མིར་བཞེངས་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད།ཨོ་གླིང་གི་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པར་བོད་མི་མང་སྤྱི་འཐུས་ཟུར་པ་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་གཙོས་པའི་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱངས་མྱོང་མཁན་ཡུ་གུར་ཐོབ་ཐང་རྩོད་ལེན་པ་ལྕམ་ Adila Yarmuhammad ལགས་དང་ Inty Elham ལགས། དེ་བཞིན་ཧོང་ཀོང་བ་ Max Mok ལགས། ཨོ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ Drew Pavlou ལགས་བཅས་ཡོད་པ་དང་གསར་འགོད་ལྷན་ཚོགས་ཐོག་ཆབ་སྲིད་ཚོགས་པ་དེ་དབུ་ཁྲིད་གནང་མཁན་ Drew Pavlou ལགས་ཀྱིས་ད་རེས་ཨོ་གླིང་ནང་རྒྱ་ནག་ལ་ཁ་གཏད་གཅོག་ཕྱིར་མང་གཙོའི་མནའ་འབྲེལ་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་ཞིང་། ཆབ་ཚོགས་པ་དེའི་ནང་གི་འོས་མི་ཆ་ཚང་རྒྱ་གཞུང་གི་དྲག་གནོན་འོག་དངོས་སུ་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཀྱི་སྐུ་ཚབ་ཡོད་པ་བཅས་ནི་དེ་བྱུང་ཁྲོད་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། ཚོགས་པ་དེའི་བརྒྱུད་ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་ལ་ཁ་ཡོད་ལག་ཡོད་ཐོག་ནས་གདོང་ལེན་གནང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།ལྷག་དོན་སྐྱིད་འཛོམས་ལགས་ཀྱིས་འདས་པའི་ལོ་གཅིག་གཉིས་ཙམ་ནས་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་ཐོག་གི་མཐོང་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད་པའི་མཚམས་འདིར་བཙན་བྱོལ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་བོད་དོན་འཐབ་རྩོད་ལ་ནུས་པ་ལྡན་པའི་ལས་འགུལ་དང་སྡིངས་ཆ་གསར་པ་ཞིག་བསྐྲུན་ནས་རྒྱ་ནག་ལ་སྔར་ལྷག་ཁ་གཏད་གཅོག་དགོས་གལ་དུ་གཟིགས་ཀྱི་ཡོད་སྟབས། ད་རེས་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་དང་ཤར་ཏུར་ཀིས་ཏན། ཧོང་ཀོང་།...

Latest news

- Advertisement -spot_img