དེ་རིང་ཨོ་གླིང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་ Democratic Alliance ཞེས་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་བ་དང་ཚོགས་པའི་འོས་མི་ཁོངས་སུ་ཡོད་པ་བོད་མི་མང་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མིར་བཞེངས་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད།
ཨོ་གླིང་གི་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པར་བོད་མི་མང་སྤྱི་འཐུས་ཟུར་པ་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་གཙོས་པའི་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱངས་མྱོང་མཁན་ཡུ་གུར་ཐོབ་ཐང་རྩོད་ལེན་པ་ལྕམ་ Adila Yarmuhammad ལགས་དང་ Inty Elham ལགས། དེ་བཞིན་ཧོང་ཀོང་བ་ Max Mok ལགས། ཨོ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ Drew Pavlou ལགས་བཅས་ཡོད་པ་དང་གསར་འགོད་ལྷན་ཚོགས་ཐོག་ཆབ་སྲིད་ཚོགས་པ་དེ་དབུ་ཁྲིད་གནང་མཁན་ Drew Pavlou ལགས་ཀྱིས་ད་རེས་ཨོ་གླིང་ནང་རྒྱ་ནག་ལ་ཁ་གཏད་གཅོག་ཕྱིར་མང་གཙོའི་མནའ་འབྲེལ་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་ཞིང་། ཆབ་ཚོགས་པ་དེའི་ནང་གི་འོས་མི་ཆ་ཚང་རྒྱ་གཞུང་གི་དྲག་གནོན་འོག་དངོས་སུ་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཀྱི་སྐུ་ཚབ་ཡོད་པ་བཅས་ནི་དེ་བྱུང་ཁྲོད་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། ཚོགས་པ་དེའི་བརྒྱུད་ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་ལ་ཁ་ཡོད་ལག་ཡོད་ཐོག་ནས་གདོང་ལེན་གནང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
ལྷག་དོན་སྐྱིད་འཛོམས་ལགས་ཀྱིས་འདས་པའི་ལོ་གཅིག་གཉིས་ཙམ་ནས་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་ཐོག་གི་མཐོང་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད་པའི་མཚམས་འདིར་བཙན་བྱོལ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་བོད་དོན་འཐབ་རྩོད་ལ་ནུས་པ་ལྡན་པའི་ལས་འགུལ་དང་སྡིངས་ཆ་གསར་པ་ཞིག་བསྐྲུན་ནས་རྒྱ་ནག་ལ་སྔར་ལྷག་ཁ་གཏད་གཅོག་དགོས་གལ་དུ་གཟིགས་ཀྱི་ཡོད་སྟབས། ད་རེས་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་དང་ཤར་ཏུར་ཀིས་ཏན། ཧོང་ཀོང་། དེ་བཞིན་རྒྱ་ནག་ལ་མཐའ་ཅིག་ཏུ་ངོ་རྒོལ་གནང་མཁན་ཨོ་གླིང་ལས་འགུལ་བ་སོགས་ཟུང་འབྲེལ་གནང་སྟེ་ཆབ་སྲིད་ཚོགས་པ་དེ་ཉིད་གསར་འཛུགས་གནང་ཡོད་པར་གསུངས་ཡོད།
ཁོང་གིས་ད་རེས་ཨོ་གླིང་ནང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་མང་གཙོའི་མནའ་འབྲེལ་ཆབ་སྲིད་ཚོགས་པ་དངོས་སུ་གསར་འཛུགས་གནང་ཐུབ་པར་ཁུལ་དེའི་ནང་དུ་གནས་བཞུགས་བོད་མི་ཚོའི་ངོས་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་དང་བླངས་ཞབས་ཞུ་སོགས་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།
ཤེས་རྟོགས་བྱུང་བར་གཞིགས་ན། མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་དབུ་ཁྲིད་གནང་མཁན་ཨོ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ Drew Pavlou ལགས་སུ་ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིར་བཞེངས་སྐབས་སུ་ རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པའི་གནས་སྟངས་འོག་དཀའ་ངལ་འཕྲད་འདུག
ཨོ་གླིང་ནང་རྒྱ་ནག་ལ་གདོང་ལེན་གཙོ་བཟུང་གིས་ཆབ་སྲིད་ཚོགས་པ་གསར་འཛུགས།
Tibetan News Headlines
- Kelsang Tharchin Reaches Dharamshala After Long Walk to Raise Awareness of Tibetan Language Preservation
- China Launches New Reception Centre for Overseas Tibetans in Qinghai
- NYNJ RTYC Stages 26th ‘10th Day’ Protest Outside Chinese Embassy
- CTA Says China’s ‘Tell China’s Story Well’ Campaign Has Become ‘Tell China’s Lies Well’
- UK Lawmakers Raise Concerns over Chinese Espionage Targeting Parliament
- Nepal seeks stronger global action to address climate change impact on Himalayas at COP31
- India Hits Back at Chinese Vloggers Over Alleged Anti-India Disinformation Campaign in Dhaka
ཪེས་གཟའ་ལྷག་པ། ༢༠༢༦།༡༡།༡༡
- ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལ་དགས་ནས་རྡ་རམ་ས་ལ་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
- ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག
- ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ཚེས་བཅུའི་ལས་འགུལ་སྤེལ་འདུག
- རྒྱ་ནག་གི་ལོ་རྒྱུས་ཡག་པོ་ཤོད་དགོས་ཞེས་པ་དེ། དོན་དངོས་སུ་རྒྱ་ནག་གི་རྫུན་གཏམ་ཡག་པོ་བཤད་དགོས་པའི་གོ་དོན་ཡིན་པ་ཐེར་འདོན།
- རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
- ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་འདུག
- རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བཏང་བར་རྒྱ་གར་གཞུང་གིས་སྐྱོན་བརྗོད་ལན་འདེབས།




