Tibetan Royal Year of 2151 | Year of the Wood Dragon

Trump དང་ Vance གཉིས་ཀྱིས་སྣེ་འཁྲིད་པའི་སྲིད་གཞུང་འོག་རྒྱ་ནག་ཐད་ལངས་ཕྱོགས་མཁྲེགས་རུ་འགྲོ་རྒྱུ་ཡིན་པ་བརྗོད་འདུག

Tibetan News Headlines

  • Ramon Magsaysay award foundation launches 7-volume series in commemoration of Dalai Lama’s 65th anniversary award
  • Rain-triggered flood kills 6 in Amdo province
  • U.S. Ambassador Eric Garcetti reaffirms support for Tibetan values at a Tibet festival in Delhi
  • National Democratic Party of Tibet celebrates the 30th Founding Anniversary
  • Ukraine criticises Mongolia’s failure to arrest Putin

རེས་གཟའ་ལྷག་པ། ༢༠༢༤།༠༩།༠༤

  • ༸གོང་ས་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།
  • བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་བོད་མི་ ༦ རྐྱེན་འདས་སུ་འགྱུར་བ།
  • གཞུང་ཚབ་པ་ Eric Garcetti མཆོག་གིས་བོད་མིའི་རྒྱབ་ཏུ་ཨ་མི་རི་ཀའི་ལངས་ཕྱོགས་བརྟན་པོ་ཡིན་གསུངས་སོང་།
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི།
  • Ukraine གྱིས་སོགས་ཡུལ་གཞུང་ལ་ཨུ་རུ་སུའི་སྲིད་འཛིན་ Putin འཛིན་བཟུང་མ་བྱས་པར་སྐྱོན་བརྗོད།

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ Donald Trump ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། ཁོང་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ James David Vance ལགས་གཉིས་ཀྱིས་སྣེ་འཁྲིད་པའི་སྲིད་གཞུང་འོག རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་བཟུང་ཆེ་རུ་འགྲོ་ངེས་ཡིན་པ་བརྗོད་འདུག

Trump and Vance
Trump and Vance

དེ་ཡང་ Centre for Independent Studies ཞེས་ཨོ་གླིང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ Tom Switzer ལགས་ཀྱིས་ CNA གསར་ཁང་ལ་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཁྲོད་སྟོབས་ཤུགས་རྒྱས་བཞིན་པའི་རྒྱ་ནག་ལ་གདོང་ལེན་དགོས་གལ་གྱི་བསམ་ཚུལ་གཅིག་མཐུན་དང་སྦྲགས། སྐུ་ཞབས་ Vance ལགས་ནས་རྒྱ་ནག་གི་འཕེལ་བཞིན་པའི་དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་ལ་ཁ་གཏད་གཅོག་འདོད་ཡོད་སྐོར་གསུང་འདུག

མ་ཟད་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ Ohio མངའ་སྡེ་ནས་ཡིན་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Vance ལགས་ནས་རང་ཉིད་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་འདེམས་ཐོན་བྱུང་རྗེས་ཐོག་མའི་བཅར་འདྲི་ཞིག་གི་ནང་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་དེ་ཡིན་པ་བརྗོད་ཡོད་པ་དང་། CNA གསར་ཁང་གིས་དེ་ནི་གཞི་རྩའི་རྒྱ་ནག་དེ་ཉིད་འཛམ་གླིང་སྤྱིའི་ བཟོ་གྲྭའི་ངོ་བོ་ལྟ་བུར་གྱུར་སྟེ་ཨ་རིའི་བཟོ་ལས་སྡེ་ཁག་ཉམ་ཉེས་སུ་འགྲོ་བཞིན་པའི་ Trump གྱི་ལྟ་ཚུལ་དང་མཐུན་ལ། ཐ་ན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་མང་པོ་ཞིག་གིས་ཀྱང་དེ་ལྟར་འདོད་ཀྱི་ཡོད་པ་བརྗོད་འདུག

Trump and Vance

སྐུ་ཞབས་ Switzer ལགས་ཀྱིས་ད་དུང་ད་སྐབས་ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་མང་པོ་ཞིག་གི་དོ་སྣང་རིམ་བཞིན་ཡོ་རོབ་ནས་ཨེ་ཤེ་ཡའི་ཕྱོགས་སུ་བསྒྱུར་བ་དང་། རྒྱ་ནག་གི་མངོན་འདོད་ལ་ཁ་གཏད་གཅོག་མཁན་རྣམས་མཉམ་རུབ་ཀྱིས་ཁོང་རྣམས་ནས་པེ་ཅིང་ལ་གདོང་ལེན་བྱ་རྒྱུའི་ནུས་ཤུགས་མཉམ་སྤུངས་བྱ་རྒྱུའི་འདུན་པ་ཡོད་པ་བརྗོད་འདུག་པ་དང་འབྲེལ། དེས་ཚོང་འབྲེལ་དང་ཚད་མཐོའི་ཚན་རྩལ་གྱི་དམག་འཁྲུག་ཐད་རྒྱབ་སྐྱོར་གཙོས་པའི་ཐའེ་ཝན་དང་འབྲེལ་བ་དམ་ཟབ་བཟོ་རྒྱུ། དེ་བཞིན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོར་བདག་དབང་རྩོད་བཞིན་པ་ཁག་ལ་དགག་པ་བརྒྱག་རྒྱུ་སོགས་རྒྱ་ནག་ལ་ཁ་གཏད་ཀྱི་ཐབས་ལམ་མཁྲེགས་རུ་བཟུང་རྒྱུར་རོགས་འདེགས་བྱུང་གི་ཡོད་པའི་འགྲེལ་བརྗོད་བྱས་འདུག

ཕྱོགས་མཚུངས་ནུབ་ཨོ་གླིང་མཐོ་སློབ་ཀྱི་ཨེ་ཤེ་ཡའི་ལྟེ་གནས་ཁང་གི་འགན་འཛིན་ Gordon Flake ལགས་ཀྱིས། ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་ Vance ལགས་ཀྱི་རྒྱ་ནག་སྐོར་ལྟ་ཚུལ་ནི་ཕལ་ཆེར་ Trump དང་བསྡུར་ན་ཅུང་ཟད་རྙིང་ཞེན་ཆེ་བ་ཡོད་པ་དང་།  Vance ལགས་ནས་ཨ་རིས་རྒྱ་ནག་དེ་ཉིད་ཚོང་འབྲེལ་གྱི་དགའ་མོས་ཆེ་ཤོས་རྒྱལ་ཁབ་དུ་ངོས་འཛིན་བྱས་པ་དེ་ཕྱིར་བསྡུ་བྱ་དགོས་པ་མ་ཟད་རྒྱལ་ཁབ་བདེ་འཇགས་ཀྱི་ཐད་རྒྱ་ནག་ཐོག་ལངས་ཕྱོགས་སྔར་ལས་མཁྲེགས་རུ་བཟུང་དགོས་པ་སོགས་འབོད་སྐུལ་གནང་མཁན་ཞིག་ཡིན་ལ། ཁོང་ནི་ཐའེ་ཝན་གྱི་གནད་དོན་ཐོག་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་བརྗོད་འདུག

James David Vance
James David Vance

དེ་བཞིན་ European Council on Foreign Relations ཞེས་ཡོ་རོབ་ཕྱི་འབྲེལ་ལྷན་ཁང་གི་ཆེད་མགྲོན་སྐུ་ཞབས་ James Crabtree ལགས་ཀྱིས་སྲིད་འཛིན་ཟུར་པ་ Trump ཕྱི་ལོ ༢༠༡༧ ནས ༢༠༢༡ བར་སྲིད་འཛིན་གྱི་ལས་འཁུར་ཐེངས་དང་པོ་བཞེས་སྐབས་ནས་བཟུང་རྒྱ་ནག་ཐོག་སེམས་འཚབ་ཇེ་ཆེར་ཕྱིན་ཡོད་པ་དང་། ཁོང་ཕོ་བྲང་དཀར་པོའི་ནང་ཡོད་དུས་རྒྱ་ནག་ལ་ ཚོང་འབྲེལ་གྱི་དམག་འཁྲུག་ལྟ་བུ་སློང་མགོ་བརྩམས་པ་དེ་ད་ལྟའང་མུ་མཐུད་ནས་འགྲོ་བཞིན་ཡོད་པ། ལྷག་པར་དུ་འདི་ལོའི་འོས་བསྡུའི་དྲིལ་བསྒྲགས་སྐབས་ཁོང་གིས་རྒྱ་ནག་གི་ཚོང་ཟོག་ཡོད་ཚད་ལ་ཁྲལ་ཚད་བརྒྱ་ཆ་དྲུག་ཅུ་ཡན་ཆད་དང་། ཨ་རིའི་ནང་དུ་ནང་འདྲེན་བྱས་པའི་རྒྱ་ནག་གི་ཚོང་ཟོག་ཡོད་ཚད་ལ་ཡོངས་ཁྱབ་ཀྱི་ཁྲལ་ཚད་བརྒྱ་ཆ་བཅུ་བསྡུ་རྒྱུའི་བསམ་ཚུལ་བཏོན་ཡོད་པ་གསལ་འདོན་གནང་འདུག

སྐུ་ཞབས་ James Crabtree ལགས་ཀྱིས་ད་དུང་ CNA ཤར་ཨེ་ཤེ་ཡའི་དོ་ནུབ་གསར་འགྱུར་ཁང་ལ་བཤད་དོན་དུ། ད་ལྟའི་ Trump གྱི་སྲིད་ཇུས་ཀྱི་སྒྲོམ་གཞིའི་ནང་རྒྱ་ནག་ལ་མི་འདོད་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་དང་། ཁོང་གི་གཞུང་འཛིན་འོག་ཕལ་ཆེར་ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱ་རྒྱུ་དང་ཐའེ་ཝན་ལ་རོགས་རམ་བྱ་རྒྱུ་ཡིན་པས། དེ་ཡང་རྩ་བའི་ཨ་རི་གཞུང་རང་གི་མངོན་འདོད་ཡིན་པའི་འགྲེལ་བརྗོད་བྱས་འདུག

Trump and Vance
Trump and Vance

སྤྱིར་རྒྱ་ནག་ངོས་ནས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་སྐུ་ཞབས་ Vance ལགས་ཀྱི་གསུང་དོན་ཁག་ལ་ལན་འདེབས་ཀྱི་ཚུལ་དུ་ཨ་རི་ནས་རྒྱ་ནག་དེ་བཞིན་འོས་བསྡུའི་ལས་རིམ་ཁྲོད་ཀྱི་གནད་དོན་ཞིག་ཏུ་བཟོ་ཡི་ཡོད་པར་དུས་རྟག་ཏུ་ངོ་རྒོལ་ཡོད་པ་བཤད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།