Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཛ་དྲག་རྐྱེན་ངན་ལས་མྱུར་སྐྱོབ་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

དེ་རིང་བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གཉིས་ཟུང་འབྲེལ་གྱིས་སྒྱུ་རྩལ་གཏམ་བརྗོད་ཀྱི་ལམ་ནས་ད་ལྟའི་བོད་ནང་གི་ནད་ཡམས་ཁྱབ་གདལ་ཁྲོད་བོད་མིར་ནད་གཞི་ཕོག་ཡོད་མེད་ལ་མ་ལྟོས་པར་དོན་མེད་བཙན་ཁྲིད་ཐོག་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་དངོས་ཡོད་གནས་སྟངས་མངོན་གསལ་གནང་བ་བརྒྱུད་རྒྱལ་ཚོགས་ལ་བོད་མི་རྣམས་ཛ་དྲག་གི་རྐྱེན་ངན་ལས་མྱུར་སྐྱོབ་ཡོང་བའི་འབོད་སྐུལ་ཞུས་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་སྒོས་རྒྱ་གཞུང་གིས་གཉན་རིམས་ལ་ཁ་གཡར་ཏེ་བོད་མི་ཚོར་དོན་མེད་རང་ཁྱིམ་ནས་ས་ཕྱོགས་གང་སར་བཙན་ཁྲིད་ཐོག་བཀག་ཉར་བྱས་པ་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་ཁར་ཟ་མ་གང་ཡང་མ་སྤྲད་པ་དང་གལ་ཏེ་སྤྲད་ཚེ་དེའང་རྙིང་པ་དང་རུལ་པ་སྤྲོད་བཞིན་ཡོད་པའི་དངོས་ཡོད་གནས་སྟངས་རྣམས་སྒྱུ་སྩལ་གཏམ་བརྗོད་ཀྱི་ལམ་ནས་ས་གནས་མང་ཚོགས་ལ་མངོན་གསལ་གནང་སོང་། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་གསལ་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་རྒྱ་གཞུང་གིས་བོད་དབང་སྒྱུར་བྱས་པ་ནས་བཟུང་བོད་མི་རིགས་རྩ་མེད་བཟོ་ཆེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་མུས་ཐོག་བོད་མི་རྣམས་དོན་མེད་འཛིན་བཟུང་གིས་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བ་ལ་སོགས་པའི་ཚད་ལས་བརྒལ་བའི་སྡུག་སྦྱོང་བཏང་དང་གཏོང་བཞིན་པ་དང་ལྷག་དོན་ཕྱི་ལོ་ ༢༠༡༩ ལོ་མཇུག་ནས་བཟུང་བོད་ནང་རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་གཉན་རིམས་ ༡༩ ཁྱབ་གདལ་གྱི་རྐྱེན་གྱིས་བོད་གཙོས་འཛམ་གླིང་གི་མི་མང་སྤྱིར་ངལ་བ་དང་གྱོང་གུད་ཆེན་པོ་ཐེབས་ཡོད་པར་མ་ཟད། ད་ལྟའི་ཆར་བོད་ནང་གི་བོད་མི་ཚོར་ནད་ཡམས་ཕོག་ཡོད་མེད་ལ་མ་ལྟོས་པར་དོན་མེད་རང་ཁྱིམ་ནས་ས་ཕྱོགས་གང་སར་སྨན་བཅོས་ལ་ཁ་གཡར་ཏེ་བཙན་བཀག་གིས་མི་བརྒྱ་ཕྲག་མང་པོ་བཀག་ཉར་བྱས་པ་དང་བཀག་ཉར་བྱེད་སའི་ས་ཁུལ་ཁ་ཤས་ནང་ཟ་མ་དང་སྨན་བཅོས་གང་ཡང་རག་གི་མེད་སྟབས་འུ་ཐུག་བཟོད་བྲལ་གྱིས་ངལ་བ་ཆེས་ཆེར་འཕྲད་པའི་དཔང་རྟགས་བཅས་ཏེ་་ཐད་གཏོང་གནང་བ་མང་པོ་མཇལ་རྒྱུ་ཡོད་པར་འགྲེལ་བརྗོད་གནང་སྟེ། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་མཆོག་དང་རྒྱལ་ཚོགས་ཀྱི་ལྷན་ཁང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བཅས་ལ་བོད་ནང་གི་བོད་མི་རྣམས་ཛ་དྲག་གི་རྐྱེན་ངན་ལས་མྱུར་སྐྱོབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།སྤྱིར་འདི་ལོའི་ཟླ་བརྒྱད་པའི་ཚེས་ཤར་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་དག་ཅིག་དང་སྒོས་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ནང་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་སོང་སྟབས་ད་ཆ་བོད་མི་གཙོས་རྒྱ་རིགས་མང་ཚོགས་ཕལ་མོ་ཆེ་བ་ཐེམ་སྤང་བཀའ་རྒྱའི་འོག་གནས་མུས་ཡིན་པ་དང་། ཉེ་ལམ་བོད་ནང་གི་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་མི་ཁག་གཅིག་གིས་འཕྲིན་ཐུང་སྤེལ་ཏེ་ཁོང་གིས་གཙོས་པའི་བོད་མི་མང་དག་ཅིག་ཡུན་རིང་ཐེམ་སྤང་བཀའ་རྒྱའི་འོག་རང་ཁྱིམ་དུ་གནས་མུས་ཁྲོད་ཟ་མ་དང་སྨན་སོགས་དགོས་ངེས་ཀྱི་མཁོ་ཆས་རིགས་རྩ་བ་ནས་མེད་པའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་སྟེ་རྒྱ་གཞུང་ལ་དེ་འབྲེལ་ངལ་བ་སེལ་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུས་ཡོད་པར་མ་ཟད། བོད་ནང་གི་བོད་མི་ཞིག་གིས་རྒྱའི་སྨན་པ་གཅིག་གིས་རང་གི་གྲོགས་པོར་སྤྲིངས་པའི་ཡི་གེ་ཞིག་བོད་སྒྱུར་གནང་སྟེ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་གནང་གསལ་ལ་གཞིགས་ན། ད་ལྟའི་ཆར་ལྷ་ས་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་ནད་གཞི་ཕོག་མིན་ལ་མ་ལྟོས་པར་ཚང་མ་བཙན་ཁྲིད་བྱས་པ་དེ་ནི་ཆེས་ཞེད་སྣང་སྐྱེ་གཞི་ཞིག་ཆགས་ཡོད་སྟབས། ལྷ་ས་ནས་གང་མགྱོགས་ཁ་བྲལ་ཏེ་རྒྱ་ནག་ལ་ཕྱིར་ལོག་དགོས་པའི་སྐུལ་མ་གནང་འདུག

ཁ་སང་རྒྱ་ནག་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ཁ་སང་ཉིན་གཅིག་ནང་རྒྱ་ནག་སྐམ་ས་ཆེན་མོ་ནས་གཉན་རིམས་གསར་པ་ཕོག་མཁན་མི་གྲངས་ ༡༦༡ བྱུང་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་ནས་མི་ ༡༡༨ བྱུང་ཡོད་པ་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།