Tibetan Royal Year of 2151 | Year of the Wood Dragon

ཉི་འོང་དུ་ས་འགུལ་གྱི་གོད་ཆགས་བྱུང་བར་ངལ་སེལ་སྐྱོབ་གསོའི་ཞལ་འདེབས་ཕུལ་འདུག

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

ཉི་འོང་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་བར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་གཙོས་པའི་བཅའ་སྡོད་བོད་མི་རྣམས་ནས་ངལ་སེལ་སྐྱོབ་གསོའི་ཞལ་འདེབས་ཕུལ་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱབ་ཉི་འོང་ནུབ་བྱང་ས་གནས་ Noto ནོ་ཊོ་ཉེ་བའི་གླིང་ཕྲན་དུ་ས་འགུལ་ཚད་གཞི་ ༧་༦ ཅན་ཞིག་བྱུང་ནས་མི་གྲངས་ ༢༤༠ ལྷག་རྐྱེན་འདས་སུ་གྱུར་བ་དང་ཁང་པ་དང་གཞུང་ལམ་སོགས་གཏོར་སྐྱོན་ཚབས་ཆེ་བྱུང་བ་སོགས་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེ་ཆེར་ཕོག་ཡོད་པ་དང་བསྟུན། དུས་དེ་ནས་བཟུང་ཉི་འོང་སྲིད་གཞུང་དང་ས་གནས་མི་མང་བཅས་ནས་ངལ་སེལ་བསྐྱར་གསོ་གང་ཐུབ་ཞུ་མུས་ཡིན་པ་རེད་འདུག

Tibetans Donates Japan Earthquake

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཉི་འོང་བོད་ཁང་གི་ལས་བྱེད་ལྕམ་ཧ་སི་གྷ་བ་ལགས་གཉིས་ནས་ཁུལ་དེའི་རྒྱ་གྲམ་དམར་པོའི་ལས་ཁུངས་སུ་ཆེད་ཕེབས་ཀྱིས། ཉེ་ལམ་ཕྱི་ཟླ་ ༡ པོའི་ནང་ནུབ་བྱང་ནོ་ཊོ་ཉེ་བའི་གླིང་ཕྲན་དུ་ས་འགུལ་གྱི་གོད་ཆགས་ཚབས་ཆེ་བྱུང་བར་ས་གནས་བོད་མི་རྣམས་ནས་གནོད་སྐྱོན་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས། ངལ་སེལ་སྐྱོབ་གསོའི་ཆེད་ཞལ་འདེབས་ཉི་སྒོར་ཁྱོན་ ༢༢༨༠༠༠ ཕུལ་འདུག

སྐབས་དེར་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་འོང་གནས་སྡོད་བོད་མི་ཉུང་ཤས་ལས་མེད་ཀྱང་། བོད་མི་རྣམས་ནས་ཉི་འོང་མི་མང་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་དེར་ཐུགས་སྨོན་དང་ཞལ་འདེབས་ཕྲན་བུའི་བརྒྱུད་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ཅེས་གསུངས་འདུག

དེ་བཞིན་རྒྱ་གྲམ་དམར་པོའི་ལས་བྱེད་ Matsuda Shigeo མཊ་སུ་ཌ་ཤི་གོ་ལགས་དང་། Nakamura Youji ན་ཀ་མུ་ར་ཡུ་ཇི་ལགས་གཉིས་ཀྱིས་བོད་མི་རྣམས་ནས་ངལ་སེལ་སྐྱོབ་གསོའི་ཆེད་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཞལ་འདེབས་ཇི་བྱུང་གནོད་སྐྱོན་ཕོག་ཡུལ་ས་གནས་སུ་གང་མྱུར་གཏོང་རྒྱུའི་ཞལ་བཞེས་གནང་བ་མ་ཟད།  ད་ལྟའི་ཆར་གོད་ཆགས་བྱུང་སའི་ས་གནས་ཀྱི་གནས་བབ་དང་ངལ་སེལ་སྐྱོབ་གསོའི་ལས་གཞིའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

Tibetans Donates Japan Earthquake

ལྷག་དོན་ཉི་འོང་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སྲིད་བློན་ Fumio Kishida ཕུ་མི་ཡོ་ཀི་ཤི་ཌ་མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་ཡོད་པ་དང་། གོད་ཆགས་དེའི་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ནང་མི་སོགས་ལ་ཐུགས་གསོ་བསྩལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།