Tibetan Royal Year of 2151 | Year of the Wood Dragon

ཨ་རི་དང་དབྱིན་ཡུལ་གཉིས་ནས་རྒྱ་ནག་གི་ཚོང་ལས་ཁང་གཅིག་དང་མི་སེར་གཉིས་ལ་སྲིད་དོན་ཉེས་ཆད་བཏང་བ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དབྱིན་ཡུལ་དང་ཨ་རི་གཞུང་འཛིན་གཉིས་ནས་རྒྱ་ནག་གི་གསང་བའི་ལས་དོན་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་གཅིག་དང་མི་སེར་གཉིས་ཀྱིས་ཨ་རི་དང་དབྱིན་ཡུལ་ནང་གི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ། ཤེས་ལྡན་མི་སྣ། དེ་བཞིན་རྒྱལ་སྲུང་གོ་བཟོ་ཚོང་ཁང་གཙོས་པའི་ཚོང་ལས་ཁང་ཁག་གི་དྲ་ལམ་ཁག་ལ་གསང་འཛུལ་གྱིས་གནས་ཚུལ་རྐུ་འཁྱེར་བྱས་པའི་ཁྲོད། མི་གྲངས་ས་ཡ་མང་པོའི་བདེ་འཇགས་ལ་གནོད་འཚེ་བཟོ་ཡོད་སྐོར་དང་འབྲེལ། རྒྱ་ནག་མི་སེར་གཉིས་པོ་དང་ཚོང་ལས་ཁང་དེའི་ཐོག་སྲིད་དོན་ཉེས་ཆད་བཀལ་བ་དང་། དེ་དག་གཙོས་པའི་གཞན་རྒྱ་ནག་གི་དྲ་རྒྱའི་བཙན་རྒོལ་བ་ཁག་གཅིག་གི་ཐོག་ལ་ཁྲིམས་ཀྱི་གྱོད་དོན་བཙུགས་འདུག

དེ་ཡང་དེ་རིང་ Reuters དང་ BBC སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཨ་རི་དང་དབྱིན་ཡུལ་གཉིས་ནས་ Zhao Guangzong དང་ Ni Gaobin བཅས་རྒྱ་ནག་མེ་སེར་གཉིས་དང་ Wuhan Xiaoruizhi Science and Technology Company Ltd ཞེས་པའི་ཚོང་ལས་ཁང་གཅིག་གིས་དྲ་རྒྱའི་བཙན་འཛུལ་བྱས་ཏེ་ཡུལ་དེ་དག་གཉིས་པོའི་ནང་དུ་གྲོས་ཚོགས་འཐུས་མི་དང་། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན། དེ་བཞིན་འོས་མི་ས་ཡ་མང་པོའི་དྲ་རྒྱའི་གནས་ཚུལ་རྐུ་ཁྱེར་བྱས་པ་ཐེར་འདོན་དང་འབྲེལ་ནས། དེ་དག་ལ་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ཐག་གཅོད་གསལ་བསྒྲགས་སྤེལ་བ་དང་འབྲེལ། རྒྱ་ནག་མི་སེར་དེ་གཉིས་དང་ཚོང་ལས་ཁང་དེ་དག་གི་ལས་དོན་བྱས་པ་རྣམས་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་ཡོད་པ་གསུངས་འདུག

ཨ་རིའི་ཁྲིམས་གཞི་ལྷན་ཁང་གིས་གསུངས་ན། Zhao Guangzong དང་ Ni Gaobin གཉིས་ཀྱིས་ཚོང་གི་གསང་བ་རྐུ་འཁྱེར་དང་གཞུང་གི་ལས་དོན་ལ་དོ་ཕོག་བཏང་རྒྱུ། དེ་བཞིན་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་པ་མཛིན་མཁན་དང་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱི་ཁ་བཀག་རྒྱུར་དམིགས་ཏེ། འདས་པའི་ལོ་ངོ་ ༡༤ རིང་ཨ་རིའི་ནང་དུ་རྒྱ་ནག་གི་དྲ་ལམ་ཁག་ལ་གསང་འཛུལ་ལས་དོན་དེ་དག་སྤེལ་ཡོད་པ་གསུངས་ཡོད་པ་མ་ཟད། དབྱིན་ཡུལ་གཞུང་འཛིན་པ་རྣམས་ཀྱིས་གསུངས་ན། མི་དེ་དག་གིས་འདས་པའི་ཕྱི་ལོ་ ༢༠༢༡-༢༢ ནང་དུ་དབྱིན་ཡུལ་ནང་དུའང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་གྲོས་ཚོགས་འཐུས་མི་དང་། འོས་འཕེན་པ་ས་ཡ་ ༤༠ ཙམ་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་སྐོར་དང་འབྲེལ། ཁོང་རྣམས་ལ་སྲིད་དོན་ཉེས་ཆདབཀལ་གྱི་ཡོད་པ་གསུངས་འདུག ཡིན་ནའང་རྒྱ་ནག་གི་དྲ་རྒྱའི་བཙན་འཛུལ་མྱང་མྱོང་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསུངས་ན། རྒྱ་ནག་གི་དྲ་རྒྱའི་བཙན་འཛུལ་བྱས་པའི་གནད་དོན་དེ་དག་ཕྱི་ལོ་ ༢༠༢༡ ནས་འགོ་བཙུགས་ཡོད་ཀྱང་། སྲིད་གཞུང་གིས་ད་བར་དེའི་སྐོར་ལག་ལེན་བསྟར་མ་ཐུབ་པར་ལུས་པ་དེར་བློ་ཕམ་གྱི་རྣམ་པ་མངོན་གསལ་གནང་འདུག

དེ་ཡང་ཁ་སང་ Inter-Parliamentary Alliance on China (IPAC) ཞེས་རྒྱ་ནག་ལ་གདོང་ལེན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རུ་ཁག་གི་དབྱིན་ཡུལ་སྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ Sir Iain Duncan Smith ལགས་དང་ Tim Loughton ལགས། དེ་བཞིན་ SNP ཞེས་པའི་ Scottish རྒྱལ་ཡོངས་ཚོགས་པའི་གྲོས་ཚོགས་འཐུས་མི་ Steward McDonald རྣམས་ཀྱིས། རྒྱ་ནག་གིས་ཨིན་ཡུལ་གྲོས་ཚོགས་དང་འོས་བསྡུའི་བརྒྱུད་རིམ་ལ་ཐད་བྱུས་དང་སིམ་མཛུལ་བྱས་པའི་གནད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་འོས་བསྡུ་གཙོས་པའི་སྡེ་ཚན་ཚང་མའི་ནང་དུ་སིམ་འཛུལ་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། ད་ལྟའི་དུས་དེར་རྒྱ་ནག་ལྷན་དུ་འབྲེལ་ལམ་ཁྲོད། རྒྱ་ནག་འདི་རྒྱལ་ཁབ་ཚུལ་ལྡན་ཞིག་ཆགས་དགོས་པའི་རེ་བའི་ཐོག་ནས་འབྲེལ་ལམ་གནང་རྒྱུ་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མར་གཞིགས་ནས་འབྲེལ་ལམ་བྱ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག

དེ་ཡང་ཁ་སང་ The Guardian གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གོང་དུ་བརྗོད་པའི་གྲོས་ཚོགས་འཐུས་མི་གསུམ་གྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་བའི་ཐོག ང་ཚོས་རྒྱ་ནག་གིས་དབྱིན་ཡུལ་གྱི་དཔལ་འབྱོར་སྡེ་ཚན་ཚང་མའི་ནང་སིམ་འཛུལ་བྱས་ཟིན་པའི་སྐོར་གསང་བའི་ལས་ཁུངས་དང་བདེ་སྲུང་ལྷན་ཚོགས་གཉིས་ཀྱི་ཉེན་བརྡར་སྣང་མེད་སྐྱུར་འཇོག་བྱས་ནས་བསྡད་པའི་བར་ན་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲོད་དེ་གའི་ཤུགས་རྐྱེན་ཇེ་ཆེར་བཏང་ཡོད་པ་ལྟར། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་བྱ་སྤྱོད་ལ་གདོང་ལེན་བྱེད་མཁན་མེད་པར་ཕྱིན་ཡོད་སྐོར་དང་འབྲེལ། ཁོང་རྣམ་པ་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་སུ་ཞིག་རྒྱ་ནག་གི་ཐུབ་ཚོད་འོག་ཚུད་ནས་ཁ་ཁུ་སིམ་པོ་བཟོ་ཐུབ་ཐབས་མེད་པ་གསུངས་འདུག

ཁོང་རྣམས་ཀྱིས་ད་དུང་དབྱིན་ཡུལ་དེ་བཞིན་ཕྱི་ལོ་ ༡༩༩༧ ལོའི་གྲོས་མཐུན་ནང་དུ་ཧོང་ཀོང་ཐོག་འགན་ཡོད་མཁན་གྱི་རྒྱལ་ཁབ་གཞན་པ་དེ་ཡིན་པ་དང་འབྲེལ་ནས། ཧོང་ཀོང་ནང་དུ་རང་དབང་གི་གནས་སྟངས་རྩ་མེད་བཏང་མཁན་གྱི་རྒྱ་ནག་དཔོན་རིགས་ཐོག་ལ་ཉེས་ཆད་བཏང་བ་གཅིག་ཀྱང་བྱས་མེད་སར། ཨ་རིའི་ངོས་ནས་རྒྱ་ནག་དཔོན་རིགས་ ༤༠ ཙམ་ལ་སྲིད་དོན་ཉེས་ཆད་བཀལ་ཟིན་ཡོད་པ་ལུང་འདྲེན་གྱིས། དབྱིན་ཡུལ་གཞུང་གི་ངོས་ནས་རྒྱ་ནག་དེ་བཞིན་ཤུགས་རྐྱེན་ངན་པ་སྤྲོད་མཁན་གྱི་ཕྱིའི་སྟོབས་ཤུགས་ཤིག་ཡིན་མིན་ཐད་ད་དུང་བགྲོ་གླེང་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་ད་ལྟའི་དམར་ཤོག་ཚོགས་པའི་གཞུང་འཛིན་གྱི་བྱེད་ལུགས་གང་ཡིན་པའི་ངོ་གདོང་རང་གི་ཐོག་ནས་མ་གཏོགས། རྒྱ་ནག་དེ་ཚུལ་མཐུན་རྒྱལ་ཁབ་ཅིག་ཆགས་རྒྱུའི་རེ་བའི་ཐོག་ནས་འབྲེལ་ལམ་བྱ་རྒྱུ་མཚམས་བཞག་སྟེ། འབྲེལ་ལམ་གྱི་དུས་རབས་གསར་པ་ཞིག་གི་ཐོག་ལ་བསྐྱོད་དགོས་པ་གསུངས་ཏེ། ད་རེས་ཀྱི་གསར་འགོད་བསྒྲགས་གཏམ་དེ་བཞིན་དབྱིན་ཡུལ་རང་རྒྱལ་ཁབ་ཀྱི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་ཐོག་བརྟེན་པའི་རྒྱལ་ཁབ་ཅིག་ཡིན་པའི་བཞེངས་ཕྱོགས་བརྟན་པོ་འཛིན་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཆགས་དགོས་པ་གསུངས་འདུག

ད་རེས་ཀྱི་གསར་འགོད་ལྷན་ཚོགས་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས། ང་ཚོའི་དཀའ་སྡུག་གང་མྱོང་བ་དེ་དག་རྒྱ་ནག་གཞུང་དང་ལྟ་ཕྱོགས་མི་མཐུན་པ་འཛིན་མཁན་རྣམས་ཀྱི་དཀའ་སྡུག་དང་བསྡུར་ན་གང་ཡང་མིན་སྐོར་དང་འབྲེལ། མི་སྣ་དེ་དག་ལ་བཅའ་སྡོད་རྒྱལ་ཁབ་རྣམས་ཀྱི་རྒྱབ་སྐྱོར་མང་ཙམ་ཐོབ་དགོས་པའི་དུས་ལ་བསླེབས་དགོས་པ་ཡང་གསུངས་འདུག

དེའི་བར་ན་དེ་རིང་ Al-Jazeera གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ New Zealand གཞུང་ནས་ཀྱང་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་པའི་ APT40 ཞེས་པའི་རུ་ཁག་ནས་ New Zealand གྲོས་ཚོགས་ཀྱི་དྲ་བར་བཙན་འཛུལ་བྱས་ཡོད་པའི་སྐྱོན་བརྗོད་བྱས་པ་དང་འབྲེལ། ཡུལ་དེའི་ཕྱི་སྲིད་བློན་ཆེན་ Winston Peters དང་རྒྱལ་སྲུང་བློན་ཆེན་ Judith Collins གཉིས་ཀྱིས་རྒྱ་ནག་གི་བྱ་སྤྱོད་དེར་ངོ་རྒོལ་ཡོད་སྐོར་གསུངས་འདུག་ཀྱང་། ད་ལྟའི་ཆར་སྲིད་དོན་ཉེས་ཆད་རིགས་བཀལ་རྒྱུ་མིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།