Tibetan Royal Year of 2151 | Year of the Wood Dragon

བོད་མལ་གྲོ་གུང་དཀར་ནང་གི་ཟངས་གཏེར་འདོན་ཁང་དེ་འཛམ་གླིང་ཁྲོད་ཟངས་འདོན་ཁང་ཆེ་ཤོས་སུ་བསྒྱུར་འཆར།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ Zijin ཙི་ཅིན་གཏེར་འདོན་ཚོང་ལས་ཁང་ལ། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འདབས་མལ་གྲོ་གུང་དཀར་རྒྱ་མ་གྲོང་རྡལ་དུ་རྟེན་གཞི་བྱས་པའི་ Julong ཅུས་ལོང་ཟངས་ཀྱི་གཏེར་འདོན་ལས་གཞི་རྒྱ་སྐྱེད་གཏོང་རྒྱུའི་ཆོག་མཆན་ཐོབ་པ་དང་འབྲེལ། ལས་གཞི་དེ་འཛམ་གླིང་ཁྲོད་ཟངས་ཀྱི་གཏེར་འདོན་ཁང་ཆེ་ཤོས་སུ་བསྒྱུར་འཆར་ཡོད་འདུག

ཁ་ཉིན་ Mining Techonlogy.com ཞེས་པའི་རྒྱལ་སྤྱིའི་གཏེར་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་དེས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ Tibet Autonomous Region Development and Reform Commission ཞེས་རྒྱ་ནག་གི་གཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་དང་བསྒྱུར་བཅོས་ལྷན་ཚོགས་ཀྱིས། ཙི་ཅིན་ཚོང་ལས་ཁང་ལ་རྒྱ་མ་གྲོང་རྡལ་ནང་ཡོད་པའི་ཅུས་ལོང་ཟངས་ཀྱི་གཏེར་འདོན་ལས་གཞི་དེ་རྒྱ་སྐྱེད་རིམ་པ་གཉིས་པ་གཏང་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ། དེ་སྔོན་གཏེར་འདོན་ལས་གཞི་ཁྲོད་ཉིན་རེར་འབུམ་གཉིས་ཀྱི་ཚད་གཞི་ལྡན་པའི་གཏེར་ཁ་སྔོན་འདོན་དེ་ད་ཆ་ཉེན་རེར་འབུམ་གསུམ་དང་ཕྱེད་ཀ་ཙམ་གྱི་ཚད་གཞི་ལྡན་པ་ཞིག་སྔོག་འདོན་བྱ་ཐུབ་རྒྱུ་ཡིན་པ་རེད་འདུག ལས་གཞི་དེའི་ཆེད་ཅུས་ལོང་ཟངས་ཀྱི་གཏེར་འདོན་ཁང་ནས་ཨ་སྒོར་འཐེར་འབུམ་ ༢་༤༢ མ་འཛུགས་བྱ་རྒྱུ་དང་། འཛུགས་སྐྲུན་གྱི་ལས་གཞི་གྲུབ་མཚམས་ཕྱི་ལོ་ ༢༠༢༥ ལོ་མཇུག་ནས་གཏེར་འདོན་དངོས་སུ་འགོ་འཛུགས་བྱ་རྒྱུ་རེད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་ཙི་ཅིན་གཏེར་འདོན་ཚོང་ལས་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། མ་འོངས་པར་ཅུས་ལོང་གཏེར་སྔོག་གི་ལས་གཞི་དེར་རྒྱ་སྐྱེད་རིམ་པ་གསུམ་པ་གཏང་འཆར་ཡོད་པ་དང་། དེ་འབྲེལ་ཆོག་མཆན་ཐོབ་ཚེ་ལོ་རེར་ཟངས་ Tonnes ཊོན་ས་ཡ་ ༢༠༠ ཙམ་སྔོག་འདོན་ཐུབ་རྒྱུ་ཡིན་པ་མ་ཟད། འཛམ་གླིང་ཁྲོད་ཟངས་ཀྱི་གཏེར་འདོན་ཤུགས་ཆེ་ཤོས་བྱ་ཡུལ་ཞིག་ཏུ་བསྒྱུར་འཆར་ཡོད་ཅིང་། མ་འོངས་ལོ་ ༣༦ རིང་གཏེར་ཁུངས་དེ་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད་འདུག

རྩ་བའི་ཅུས་ལོང་ཟངས་གཏེར་སྔོག་འདོན་ཁང་ནི་བོད་ཀྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོའི་ནང་ཡོད་ཅིང་། ཕྱི་ལོ་ ༡༩༨༠ ལོ་རབས་ནས་གཏེར་ཁ་སྔོག་འདོན་བྱེད་འགོ་བཙུགས་ཡོད་པ་མ་ཟད།  ཕྱི་ལོ ༢༠༠༧ ནས་བཟུང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་བཏང་རྐྱེན། ས་གནས་ཀྱི་ཁོར་ཡུག་ལ་འབག་བཙོག་ཐེབས་ནས་མི་ཕྱུགས་གཉིས་ཀར་དཀའ་ངལ་འཕྲད་དེ། ས་གནས་མི་མང་གིས་དེ་འབྲེལ་ལས་གཞི་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་པའི་གནད་དོན་བྱུང་མྱོང་ཡོད་ཀྱང་། སྐབས་དེར་སྲིད་གཞུང་གིས་ཞུ་གཏུག་བྱེད་མཁན་མི་མང་ལ་གཅར་རྡུང་དང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།

ལྷག་པར་ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ནང་ཅུས་ལོང་རྒྱ་ནག་གཏེར་ཁ་སྔོན་འདོན་བྱ་ཡུལ་དུ་ས་རུས་ཀྱི་དོན་རྐྱེན་བྱུང་སྟེ། ལས་བཟོ་བ་ཁྱོན་ ༨༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེའི་ཁྲོད་བོད་མི་གཉིས་ཡོད་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༥ པའི་ནང་དུའང་ལས་མི་ ༦ གཏེར་ཁུངས་ནང་ནས་བོར་བརླག་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

མ་ཟད་སྔ་ལོའི་ཕྱི་ཟླ་ ༩ པའི་ནང་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་གི་ཅི་ཙིན་གཏེར་འདོན་ཚོང་ལས་ཁང་གིས་ Latin ལེ་ཊིན་ཨ་མི་རི་ཀའི་ Argentina ཨར་ཇིན་ཊི་ནའི་ས་ཁུལ་དུ་གཏེར་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པའི་ཁྲོད། ལས་མིར་བཤུ་གཞོག་བཏང་བ་དང་། ཁོར་ཡུག་ལ་གནོད་འཚེ་བཟོ་བ། དེ་བཞིན་བདེ་འཇགས་གནས་ཚད་མེད་པ་སོགས་ཀྱི་གནད་དོན་བྱུང་ཡོད་ཅིང་། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྐྱོན་བརྗོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།