Tibetan Royal Year of 2151 | Year of the Wood Dragon

ཁམས་སྡེ་དགེ་ཁུལ་གྱི་ཆུ་མཛོད་ལས་གཞི་དེ་འཕྲལ་མར་མཚམས་འཇོག་དགོས་པའི་བསྒྲགས་གཏམ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་གློག་གསར་རྒྱག་ཆེད་དབོན་སྟོད་གྲོང་སྡེ་དང་ཤིས་པ་གྲོང་སྡེ་གཉིས་བཙན་སྤོ་དགོས་པ་དང་། དབོན་སྟོད་དགོན་སོགས་དགོན་སྡེ་ཁག་དྲུག་བཙན་གཏོར་གྱི་བཙན་བཀའ་བཏང་སྟེ། ས་གནས་བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཞི་རྒོལ་གནང་བར་རྒྱ་གཞུང་གིས་མང་ཚོགས་ཐོག་དྲག་གནོན་གྱི་ལས་གཞི་ཚབས་ཆེན་སྤེལ་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆུ་མཛོད་ཀྱི་ལས་གཞི་དེ་འཕྲལ་མར་མཚམས་འཇོག་དགོས་པ་བཅས་ཀྱི་དོན་ཚན་གསུམ་ཆེད་འདོན་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་ཇི་བཞིན། རྒྱ་ནག་གཞུང་གིས་སྡེ་དགེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐྱོན་འཛུགས་ནན་པོ་བྱེད་ཀྱི་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་གཞུང་གིས་འབྲི་ཆུའི་ཆུ་མཛོད་ལས་གཞིར་ཞི་རྒོལ་བྱེད་མཁན་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག གློག་ཤུགས་མེ་གྷ་ཝཱཊ་ ༡༣,༩༢༠ བཏོན་ནུས་ལྡན་པའི་རྩེག་རིམ་ ༡༣ ཅན་གྱི་ཆུ་མཛོད་ལས་གཞི་དེ་མཚམས་འཇོག་ཡོང་བར་དམིགས་ཏེ་སྡེ་དགེ་ཁུལ་གྱི་བོད་མི་ཚོས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ནས་ད་བར་ཞི་རྒོལ་བྱེད་མུས་ཡིན་འདུག་ཅེས་འཁོད་འདུག

དེ་བཞིན་དབོན་སྟོད་དགོན་དང་།  ཡེ་ན་དགོན། མཁར་མདོ་དགོན།  རབ་བརྟན་དགོན།  དགོན་གསར་དགོན།  བཀྲ་ཤིས་དགོན་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་གཏང་འཆར་ཡོད་འདུག  དགོན་སྡེ་དེ་དག་ནང་སྐུ་གདུང་རྩ་ཆེན་རིགས་མང་པོ་ཡོད་པ་དང་། ལྷག་པར་དབོན་སྟོད་དགོན་གྱི་ལྡེབས་རིས་ནི་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་འདུག་ཅེས་འཁོད་འདུག

ད་དུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གང་མགྱོགས་གློད་གྲོལ་གཏོང་དགོས་པ་དང་།  ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ཉིད་འཕྲལ་དུ་མཚམས་འཇོག་དགོས་པ།  ས་གནས་སུ་ལས་འཆར་ཇི་འདྲ་ཞིག་སྤེལ་རུང་མང་ཚོགས་ཀྱི་འདོད་པ་དང་རེ་བ་གཙོ་བཟུང་དགོས་པ་ནན་བརྗོད་ཞུ་ཡི་ཡོད། ཅེས་སྐྱོན་འཛུགས་ནན་པོ་གནང་འདུག

ལྷག་པར་དེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དེ་འབྲེལ་གནད་དོན་ཐད་བོད་མི་ཞི་རྒོལ་བའི་ཐོག་རྒྱ་གཞུང་གི་དྲག་གནོན་ལ་སྐྱོན་བརྗོད་ནན་པོ་གནང་བ་དང་འབྲེལ། བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་བྱ་དགོས་པ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རིག་གཞུང་གི་བསྟི་གནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་པ་ནན་བརྗོད་གནང་འདུག

གཞི་རྩའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བོད་མི་སྒྲིག་འཛུགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐྱོན་བརྗོད་དང་ཞི་རྒོལ་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པའི་ཁྲོད་ཁ་སང་སུད་སི་ Geneva ཇི་ནི་ཝཱར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༥ དེ་འགོ་འཛུགས་གནང་བ་དང་བསྟུན། ས་གནས་བོད་རིགས་དང་སུད་སི་བོད་ཀྱི་མཛའ་འབྲེལ་ཚོགས་པའི་ཚོགས་མི་སོགས་ཁྱོན་མི་གྲངས་ ༤༥ ཙམ་གྱིས་མྱ་ངན་གུས་འདུད་བརྒྱུད་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་བཞིན་འདི་ཚེས་ ༢༥ ཉིན་ཁེ་ན་ཌ་ཁུལ་དུའང་དེ་མཚུངས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།