Tibetan Royal Year of 2151 | Year of the Wood Dragon

རྒྱ་དམག་ཁག་ཅིག་ལ་དྭགས་ཆུ་ཤུལ་ཁུལ་གྱི་འབྲོག་སར་བཙན་འཛུལ་གྱིས་འབྲོག་པ་དང་གདོང་ཐུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རྒྱ་ནག་གི་དམག་མི་ཁག་ཅིག་གིས་འཕགས་བོད་ས་མཚམས་ཀྱི་ཉེ་འདབས་སུ་ཆགས་པའི་ལ་དྭགས་ཆུ་ཤུལ་ལུང་གཤོངས་ཀྱི་བཀག་གཞུང་ཁུལ་གྱི་འབྲོག་སར་བཙན་འཛུལ་གྱིས་ས་གནས་འབྲོག་པ་དང་ལྷན་དུ་གདོང་འདུག་བྱུང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་འཕགས་བོད་ས་མཚམས་དང་ཐག་ཉེ་བའི་ལ་དྭགས་ཀྱི་ Nyoma གྲོང་གསེབ་ཀྱི་སྐོར་སྲུང་ས་ཚིགས་ཨང ༣༥ དང་། ༣༦ ༣༧ བཅས་སུ་མཚོན་ཆ་མེད་པའི་རྒྱ་དམར་དམག་མི་ཉུང་མཐར་བཅུ་གྲངས་ཤིག་གིས་ཁུལ་དེའི་ས་གནས་འབྲོག་པ་རྣམས་ལ་རང་གི་ས་ཐོག་ཏུ་སྒོ་ཕྱུགས་སེམས་ཅན་འཚོ་བར་བཀག་འགོག་བྱས་ཏེ་འབྲོག་པ་དང་གདོང་ཐུག་བྱུང་འདུག་པ་མ་ཟད། རྒྱ་དམག་མཉམ་དུ་ད་དུང་དམག་གི་རླངས་འཁོར་གསུམ་ཡང་ཡོད་པ་མངོན་གསལ་རེད་འདུག

གནད་དོན་དེ་བྱུང་བའི་སྐབས་དེར་འབྲོག་མི་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་བརྙན་པར་བླངས་ཏེ་འདི་ཚེས་ ༢༤ ཉིན་ཁོང་གིས་སྤྱི་ཚོགས་དྲ་ལམ་ Instagram ཐོག་འགྲེམས་སྤེལ་གནང་འདུག་པ་དང་། སྐར་མ་ ༩།༥༠ ཅན་གྱི་བརྙན་ཐུང་དེའི་ནང་ས་གནས་བོད་མི་འབྲོག་པས་རྒྱ་དམག་ཁྱེད་ཚོ་འདིར་ཡོང་དོན་ཅི་ཡིན་ནམ། དམག་འཁོར་འདིར་འཁྱེར་དོན་ཅི་ཡིན་ནམ། ཞེས་སྐད་ཤུགས་ཆེན་པོས་འགོག་རྒོལ་གནང་ཡོད་པ་དང་འབྲེལ། རྒྱབ་ཏུ་རྒྱ་དམག་རླངས་འཁོར་གྱི་ཉེན་བརྡའི་སྒྲ་སྒྲོག་བཞིན་ཡོད་པ་མ་ཟད། བོད་མིས་གཙོས་པའི་ས་གནས་འབྲོག་པས་མུ་མཐུད་ས་འདི་ང་ཚོའི་མེས་པོའི་ས་ཆ་ཡིན་པ་དང་། ས་འདིར་ང་ཚོས་སྒོ་ཕྱུགས་སེམས་ཅན་རྣམས་འཚོ་གི་ཡོད་ཅེས་འགོག་རྒོལ་དྲག་པོ་བྱས་པ་མངོན་གསལ་མཐོང་ཐུབ་ཀྱི་འདུག

ད་དུང་བརྙན་ཐུང་དེའི་ནང་རྒྱ་དམག་དང་འབྲོག་པ་ཕན་ཚུན་བར་གདོང་ཐུག་གིས་ཁ་རྩོད་དྲག་པོ་བྱུང་ཡོད་ཅིང་། རྒྱ་དམག་གིས་འབྲོག་པ་རྣམས་ས་གནས་དེ་ནས་མར་ཕྱིར་འབུད་རྒྱག་བཞིན་པ། བརྙན་པར་ལེན་མཁན་གྱི་པར་ཆས་བཀག་འགོག་བྱ་ཐབས། དེ་བཞིན་གཡས་གཡོན་གྱི་རྒྱ་དམག་ཚོས་ངོས་ནས་ཀྱང་བརྙན་པར་ལེན་བཞིན་འབྲོག་པ་ཚོར་ས་གནས་དེ་ནས་འགྲོ་དགོས་ཞེས་ལག་པ་གཡུག་བཞིན་པའང་མཐོང་ཐུབ།

མ་ཟད་རྒྱ་ནག་དམག་མིས་ལུག་ལ་རྡོ་ཞུས་ཏེ་བཙན་འདེད་བྱེད་བཞིན་པ་དང་འབྲེལ། གློ་བུར་དུ་འབྲོག་པ་ཞིག་གིས་རྒྱ་དམག་ལ་ཕར་འུར་རྡོ་འཕངས་ཤིང་། སྐབས་དེར་འབྲོག་པ་རྣམ་པས་རྡོ་མ་འཕངས། འདི་ང་ཚོས་ས་ཆ་རེད། སྐད་ཆ་བཤད་དགོས་ཞེས་ལབ་ཀྱང་ད་དུང་རྡོ་འཕངས་བཞིན་པ་མཐོང་ཐུབ། ལྷག་པར་དུ་རྒྱ་དམག་དེའི་ཁྲོད་བོད་མི་ཡང་ཡོད་པ་མངོན་གསལ་རེད་འདུག

འདི་ག་རླུང་འཕྲིན་ཁང་གིས་ཁ་སྔོན་གནད་དོན་དེ་བྱུང་བའི་སྐབས་བརྙན་པར་ལེན་མཁན་འབྲོག་པ་ཀུན་བཟང་རྣམ་རྒྱལ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས ཁ་སྔོན་གནད་དོན་དེ་བྱུང་ས་ནི་འཕགས་བོད་ས་མཚམས་སྨད་ལུང་། བྲག་ལུང་། བད་ལུང་གསུམ་གྱི་བར་ན་ཡིན་པ་དང་། དེའི་ཁྲོད་སྨད་ལུང་ནི་དེ་སྔོན་རྒྱ་དམག་གིས་བཙན་བཟུང་བྱས་ཡོད་ཅིང་། ད་ལྟའི་ཆར་བྲག་ལུང་དང་བད་ལུང་གཉིས་ཁོང་ཚོའི་ཡིན་ལུགས་བཤད་ཀྱི་ཡོད་པ་དང་། རྒྱ་དམག་རྣམས་སྐབས་འགར་འཕགས་བོད་ས་མཚམས་བརྒལ་ཏེ། ང་ཚོའི་འབྲོག་སར་བཙན་གྱིས་ཡོང་གི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཁ་སྔོན་གྱི་གནད་དོན་དེར་ཐོག་མ་རྒྱ་དམག་ཁག་ཅིག་དམག་ཆས་མ་སྤྲས་པར་ཡོང་ནས་འབྲོག་པ་རྣམས་བཙན་འདེད་བྱ་ཐབས་བྱས་ཀྱང་། དེར་འབྲོག་པ་རྣམས་ནས་ཉན་མེད་སྟབས། རྗེས་སུ་རྒྱ་དམག་ཁག་ཅིག་སླེབས་ཏེ། བད་ལུང་འདི་ཁོང་ཚོས་ཡིན་ལུགས་བཤད་པ་ཡོད་པ་དང་། དེར་འབྲོག་པ་རྣམས་ཀྱིས་ས་འདི་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པར་རེད་བཅས་ལན་འདེབས་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ས་ཁུལ་དེར་བོད་མི་འབྲོག་པ་ ༥༠ ཙམ་ཡོད་པ་འགྲེལ་བརྗོད་གནང་སོང་།

རྩ་བའི་དེ་ལྟ་བུའི་གནད་དོན་དེ་ཐོག་མ་མིན་པར་འདས་པའི་དུས་ཡུན་ཁྲོད་ལ་དྭགས་ཁུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་གནས་ཚུལ་ཁ་ཤས་བྱུང་ཡོད་ཅིང་། ལྷག་པར་དུ་རྒྱ་གར་གྱི་མཐའ་མཚམས་སྐོར་སྲུང་བྱ་ཡུལ་ Depsang དང་། Demchok དེ་བཞིན་ལ་དྭགས་ཤར་ཕྱོགས་ས་ཁུལ་ཁག་གཅིག་ལ་རྒྱ་གར་དམག་མིས་སྐོར་སྲུང་བྱེད་མི་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་མཐའ་མཚམས་ལ་དྭགས་གྷལ་ཝན་ནང་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་དྲག་པོ་བྱུང་བ་ནས་བཟུང་། ལ་དྭགས་ཀྱི་ས་ཁུལ་མང་པོ་ཞིག་གི་ནང་འབྲོག་པའི་རྩ་ཐང་དེ་དག་ Buffer Zone བར་ཆོད་ས་ཁུལ་ཞིག་ཏུ་གྱུར་ཡོད་པར་བརྟེན། འབྲོག་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་ཆགས་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།