Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་སྲིད་བློན་ Li Qiang དང་ལྷན་བོད་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་ཡོད་ཅེས་གསུངས་འདུག

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

རྒྱ་ནག་གི་སྲིད་བློན་ Li Qiang  ལི་ཆང་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ Ireland ནང་འབྱོར་ཡོད་པ་དང་བསྟུན། ཡུལ་དེའི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ཀྱིས་ Li Qiang ལི་ཆང་དང་ལྷན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གཙོས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་བྱས་འདུགརྒྱ་ནག་གི་སྲིད་བློན་ Li Qiang དང་ལྷན་བོད་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་འདུག

The Irish Times  གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༡༧  ཉིན་རྒྱ་ནག་གི་སྲིད་བློན་ཡུལ་དེའི་རྒྱལ་ས་ Dublin ཌབ་ལིན་ནང་དུ་སྲིད་འཛིན་སྐུ་ཞབས་ Michael D Higgins མེཀལ་ཌི་ཧིགྣིས་མཆོག་གིས་དབུས་པའི་སྲིད་བློན་སྐུ་ཞབས་ Leo Varadkar ལིཡོ་ཝཱ་རཱདྐར་མཆོག་རྣམ་གཉིས་དང་ཐུག་འཕྲད་སྐོར་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་ཡོངས་གྲགས་གནང་བའི་ནང་། ཐེངས་འདིའི་ཐུག་འཕྲད་ཁྲོད་ Ireland དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུས་གཙོས་ཚོང་དང་བདེ་འཇགས་ཀྱི་གནད་དོན་སོགས་ཕྱོགས་ཡོངས་ནས་གྲོས་བསྡུར་ལྷུག་པོ་བྱུང་ཞེས་དང་། Ireland ཨཡར་ལེཎྜ་ངོས་ནས་རྒྱ་ནག་དང་ལྷན་དུ་མི་མཐུན་པའི་ཕྱོགས་རྣམས་གསལ་འདོན་བྱས་པའི་ཐོག་མཐུན་ཕྱོགས་ཁག་ལ་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུའི་གྲ་སྒྲིག་ཡིན་སྐོར་འཁོད་འདུག

ལྷག་པར་དུ་ཨཡར་ལེཎྜ་གི་སྲིད་འཛིན་སྐུ་ཞབས་མེཀལ་ཌི་ཧིགྣིས་མཆོག་གིས་ལི་ཆང་དང་ལྷན་མཇལ་མོལ་སྐབས།  རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་ཁག་ལ་ཨཡར་ལེཎྜ་ངོས་ནས་བློ་འཚབ་ཆེན་པོ་ཡོད་སྐོར་གླེང་སློང་གནང་ཡོད་པ་དང་།  ལྷག་དོན་སླེབས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་དེ་དག་གླེང་སྲིད་པ་དེར་སྣང་མེད་དུ་བཞག་ཐབས་མེད་སྐོར་ཁ་གསལ་ཀྱིས་གཞི་རྩའི་ཐོབ་ཐང་གཙོས་པའི་རྒྱལ་ཁབ་ཀྱི་རྩ་ཆེ་རིན་ཐང་སྲུང་སྐྱོབ་གནང་རྒྱུའི་ཐད་བཞེངས་ཕྱོགས་མཁྲེགས་པོ་ཡིན་པ་གསལ་བཏོན་གནང་ཡོད་སྐོར་གསུངས་འདུག

དེ་བཞིན་ཨཡར་ལེཎྜ་གི་སྲིད་བློན་སྐུ་ཞབས་ལིཡོ་ཝཱ་རཱདྐར་མཆོག་གིས་ཐེངས་འདིའི་ཕྱོགས་གཉིས་ཀྱི་མགོ་ཁྲིད་དབར་གྱི་ཐུག་འཕྲད་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་དེ་ཉིད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཡོད་ལ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་འཕྲད་བཞིན་པའི་ཚོང་དང་དཔལ་འབྱོར་གྱི་དཀའ་ངལ་ཁག་སེལ་ཡོད་པ་སོགས་གསུངས་བ་འབྲེལ། སླད་མར་ཕྱོགས་གཉིས་ཀྱིས་ཡིད་ཆེས་དང་གུས་བརྩི་གཞིར་བཞག་པའི་ཐོག་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་དོན་ཕན་ལྡན་པའི་འབྲེལ་ལམ་དམ་གཟབ་འཛིན་རྒྱུ་ཡིན་སྐོར་གསུངས་འདུག

གཞན་ཡང་ཁོང་གིས་རྒྱ་ནག་དེ་བཞིན་ Ireland ཨཡར་ལེཎྜ་རྒྱལ་ཁབ་ཀྱི་ཚོང་རོགས་ཆེ་ཤོས་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོ་བོར་གྱུར་བའི་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་དེར་སེམས་འཚབ་ཆེན་པོ་ཡོད་ཞེས་དང་། ལྷག་པར་རྒྱ་ནག་དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་ཡིན་སྟབས་རྒྱལ་སྤྱིའི་ཁྲོད་འགན་འཁྲི་ཡོད་པའི་ཞིག་བྱེད་དགོས་པའི་ཞུ་སྐུལ་གནང་གནང་འདུག

མ་ཟད། Ireland ཨཡར་ལེཎྜ་ངོས་ནས་རྒྱ་ནག་དང་ལྷན་དུ་ Isreal ཨིཛི་རེལ་དང་ Hamas ཧཱ་མས་དེ་བཞིན་ཡུག་རེན་སོགས་དཀའ་རྙོག་ཆེ་བའི་ས་ཁུལ་དེ་དག་ནང་མཉམ་ལས་བྱ་རྒྱུའི་འདུན་པ་ཡོད་སྐོར་གསུངས་པ་དང་ཆབས་ཅིག  ཕྱོགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་གནས་རྒྱུའི་སླད་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

རྩ་བའི་རྒྱ་ནག་གི་སྲིད་བློན་ Li Qiang ལི་ཆང་གིས Ireland ཨཡར་ལེཎྜ་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ་ CCTV རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་པས་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་གཙོས་གཞན་དཔོན་རིགས་ཁག་ཅིག་དང་ལྷན་དོན་ཕན་སོན་པའི་གྲོས་མོལ་བྱུང་ཡོད་ལུགས་དང་། ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་དེའི་ཐོག་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དང་། ལྷག་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་གཉིས་ཕན་གྱི་བསམ་བློ་གཏོང་བར་རེ་བ་བྱེད་ཀྱི་ཡོད་ལུགས་ཅེས་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།