Tibetan Royal Year of 2151 | Year of the Wood Dragon

བོད་རིགས་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་དེ་ཙམ་གྱི་དོ་སྣང་མེད་པ་ཞིག་ཆགས་ཀྱི་ཡོད་པ་བཀའ་ནན་སྩལ་སོང་།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་། རྡ་སྟེང་བོད་ཁྱིམ་གཉིས་ནས་ལོ་ལྟར་བཞིན་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་དང་སང་ཉིན་ཏེ། ཕྱི་ཟླ་ ༦ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་གི་དབུ་མའི་ལྡེ་མིག་ཆོས་འབྲེལ་བཀའ་དྲིན་དབུ་འཛུགས་མཛད་པ་དང་འབྲེལ། བོད་རིགས་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་ཐད་དེ་ཙམ་གྱི་དོ་སྣང་མེད་པ་ཞིག་ཆགས་ཀྱི་ཡོད་པ་བཀའ་ནན་སྩལ་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་ ༨ པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་ནས་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་ཞུས་པའི་ཐོག་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་སུ། གོ་སྤལ་སྤུར་སློབ་མ་ཁག་གཅིག་ནས་བློ་སྡོམས་སྙན་སྒྲོན་ཞུས་ཡོད་པ་དང་། དེའི་རྗེས་གོ་སྒྲིག་ཚོགས་ཆུང་ནས་མཎྜལ་འདེགས་འབུལ་གནང་ཡོད་པ་མ་ཟད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ནས་བརྩམས་པའི་རིགས་ལམ་བརྒྱུད་ཚན་རིག་དང་། ཨང་རྩིས། རིགས་ལམ་སློབ་དེབ་བཅས་ཀྱི་དཔར་ཕུད་ཕུལ་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ཀྱི་འདས་པའི་ལོ་རྒྱུས་ཁག་གཅིག་ཐུགས་དྲན་གསོ་མཛད་པ་དང་འབྲེལ། བློ་རྟགས་ཀྱི་སྡོམས་དེ་ཉིད་སྐུ་ན་ཆུང་དུ་ཐུགས་འཛིན་མཛད་ཡོད་ཅིང་། བོད་ཀྱི་སྲོལ་རྒྱུན་ནང་པའི་ཆོས་ལ་སློབ་གཉེར་གནང་སྟངས་དེ་མིག་དཔེར་འོས་པ་ཞིག་ཡིན་པ་བཀའ་སྩལ་ཡོད་ཅིང་། ལྷག་པར་ད་ལྟའི་ཆར་ང་རང་ཚོ་བཙན་བྱོལ་བའི་གནས་སྐབས་ཡིན་པ་དང་། བོད་རིགས་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་དེ་ཙམ་གྱི་དོ་སྣང་མེད་པ་ཞིག་ཆགས་ཀྱི་ཡོད་པ་བཀའ་ནན་སྩལ་བ་དེ་ལྟར་ཡང་། ང་ཚོས་ལོ་ངོ་སྟོང་ཕྲག་རིང་བདག་གཅེས་བྱེད་པའི་རིགས་ལམ་བློ་ལ་བཟུང་རྒྱུ་དེ་ཡག་པོ་རེད་ཅེས་བཀའ་སྩལ་སོང་།

དེ་བཞིན་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་གལ་གནད་དང་འབྲེལ་ནས་བོད་པའི་སློབ་གྲྭ་བ་ཚོ་ཤེས་རབ་གོང་དུ་འཕེལ་བར་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ནས་ཨ་ར་པ་ཙའི་གཟུང་སྔགས་བགྲང་ན། ཤེས་རབ་གསལ་བ། མྱུར་བ། ཟབ་པ་བཅས་ཡོང་རྒྱུ་ཡིན་པར་ཧུར་བརྩོན་བྱོས་ཞེས་བཀའ་སྩལ་ཏེ། དེའི་བརྒྱུད་ནས་ཆོས་ཙམ་མིན་པར་དོན་དག་ག་རེ་ཡིན་ཡང་རིགས་པའི་དཔྱད་པ་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

OHHDL

དེའི་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་དང་། ཉིན་དང་པོའི་ཆོས་འབྲེལ་གྲུབ་མཚམས་འདི་ག་གསར་འགོད་པས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་རྣམ་གྲྭ་དགེ་བཤེས་བློ་བཟང་གྲགས་པ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་དེ་རིང་འདི་གའི་ཆོས་འབྲེལ་གྱི་གཞུང་དེ་མགོན་པོ་༸གང་ཉིད་མཆོག་ནས་ལྗགས་རྩོམ་མཛད་པའི་དབུ་མའི་ལྡེ་མིག་བཞག་དགོས་དོན་ནི། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ཡིན་སྟབས། ཐོག་འབྲིང་བར་གསུམ་ཚང་མས་ཉམས་ལེན་བྱེད་བདེ་པོ་ཡོད་པ་དེ་དབུ་མའི་ལྡེ་མིག་དེ་གནད་འགག་ཆགས་ཀྱི་ཡོད་པ་སོགས་འབྲེལ་བརྗོད་གནང་སོང་།

OHHDL

གཞི་རྩའི་ཐེངས་འདིའི་ཆོས་འབྲེལ་ཐོག་བོད་ཁྱིམ་སློབ་གྲྭ་ཁག་ལྔ་ནས་འཛིན་རིམ་དགུ་པ་ཡན་གྱི་སློབ་མ་ཁྱོན་ ༩༠༠ ཙམ་དང་། ཕྱི་རྒྱལ་དང་རྒྱ་གར་གྱི་མཐོ་སློབ་ཁག་ ༢༠ ལྷག་ནས་སློབ་མ་ཁྱོན་ ༢༥༠ ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐོ་འགོད་ནང་མེད་པའི་བོད་རིགས་གཞོན་སྐྱེས་དང་མི་མང་སྟོང་ཕྲག་བརྒལ་བ་ནས་མཉམ་ཞུགས་གནང་འདུག

OHHDL
OHHDL

འབྲེལ་ཡོད་གསར་གནས།

གསར་གནས།