Tibetan Royal Year of 2151 | Year of the Wood Dragon

ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་འདུག

Tibetan News Headlines

  • Tibetans and well-wishers begin early birthday celebrations of HHDL across the world
  • Delhi encircled with billboards marking Dalai Lama’s birthday
  • CTA hosts second ‘International Tibet Youth Forum’ in Dharamsala
  • China claims ‘Natural Say’ in choosing next Dalai Lama
  • 17th annual general body meeting of the Tibetan Chamber of Commerce commences in Dharamshala

རེས་གཟའ་ལྷག་པ། ༢༠༢༤།༠༧།༠༣

  • འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་རྣམ་པ་འདྲ་མིན་ཐོག་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་བཙུགས་པ།
  • ལྡི་ལིར་གོང་ས་མཆོག་གི་བཀའ་སློབ་འཁོད་པའི་བསྒྲགས་བྱང་ ༦༠ ལྷག་ཆེད་འཛུགས་སྒོ་ནས་༸སྐུའི་འཁྲུངས་སྐར་བསུ་བ་ཞུས་པ།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།
  • ༸སྐུའི་ཡང་སྲིད་འདེམས་སྒྲུག་གི་བདག་དབང་རྒྱ་ནག་ལ་རང་བཞིན་དུ་ཡོད་ཚུལ་བཤད་འདུག
  • བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པ་འཚོགས་པ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༡༦ ནས་འགོ་འཛུགས་ཀྱིས་ཉིན་གྲངས་ ༡༤ རིང་ལ་རྩེད་འགྲན་གནང་བའི་མཐའ་མར།   རེས་གཟའ་སྤེན་པའི་ཉིན་བལ་ཡུལ་དང་ཨོ་རི་ས་ཪུ་ཁག་གཉིས་བར་ཨ་ཕ་གསེར་གྱི་ཕོར་པའི་མཐའ་མའི་རྐང་སྤོལ་རྩེད་འགྲན་དེ་གནང་ཡོད་པ་རེད།   རྩེད་འགྲན་གྱི་དུས་བཀག་སྐར་མ་ ༨༠ ཡོད་པའི་ནང་ནས།    སྐར་མ་ ༢༡ ཙམ་ལ་ཨོ་རི་ས་གཞིས་ཆགས་ཀྱི་ Goal དང་པོ་དེ་བླུགས་སོང་ཡང་།  སྐར་མ་ ༣༥ མཚམས་སུ་ཁ་གཏད་བལ་ཡུལ་རུ་ཁག་གི་ངོས་ནས་Goal གཅིག་བླུགས་ཏེ་དུས་བཀག་ཕྱེད་དང་པོའི་སྐར་མ་ ༤༠ བར་སེང་བར་ Goal གཅིག་དང་གཅིག་བཅས་ཀྱིས་རུ་ཁག་གཉིས་འདྲ་མཉམ་ངང་གནས་ཡོད་པ་རེད།  

APFA final

སྐར་མ་ ༤༠ བར་སེང་གཉིས་པའི་རྗེས་སུ་རུ་ཁག་གཉིས་ཀའི་ངོས་ནས་ཧུར་བརྩོན་ཆེན་པོས་ Goal བླུགས་ཐབས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཡོད་པ་མ་ཟད།    གཟིགས་མོ་བ་ཚོ་ཡང་སོ་སོའི་རྒྱབ་སྐྱོར་བྱེད་སའི་རུ་ཁག་དེར་ཤུགས་རྒྱག་དགོས་པའི་སྐད་བཅོར་བཅས་ཀྱི་དངངས་སྐྲག་ཆེན་པོ་ཡོད་པ་དེ་ལྟར་ཡང་སྐར་མ་ ༦༠ མཚམས་སུ་ཨོ་རི་ས་ཪུ་ཁག་ངོས་ནས་ཡང་བསྐྱར་ Goal གཅིག་བླུགས་སོང་།  

བལ་ཡུལ་རུ་ཁག་ངོས་ནས་ཧུར་བརྩོན་ཆེན་པོས་སྐར་མ་ ༢༠ ལྷག་ཡོད་པ་དེའི་ཐོག་སྒོལ་འདྲ་མཉམ་བཟོ་རྒྱུའི་ཐབས་ཤེས་གང་ཡོང་བྱས་སོང་ཡང་།   ཨ་རི་སའི་རུ་ཁག་གི་ངོས་ནས་སྤོ་ལི་འགོག་སྲུང་ཡག་པོ་བྱས་པའི་མཐའ་མར།     སྒོལ་ ༢ དང་ ༡ བཅས་ཀྱིས་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོའི་རྒྱལ་ཁ་དེ་ཨོ་རི་སའི་རུ་ཁག་ལ་ཐོབ་ཡོད་པ་རེད། 

APFA final

གཞི་རྩའི་ད་རེས་ཀྱི་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེའི་ནང་རུ་ཁག་ ༡༤ མཉམ་བཞུགས་གནང་ཡོད་ཀྱང་།   རྐང་སྤོལ་རྩེད་འགྲན་ལ་དགའ་མོས་བྱེད་མཁན་ཕལ་ཆེ་བས་བལ་ཡུལ་དེ་རུ་ཁག་ཡག་ཤོས་གྲས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལྟར།  གསར་འགོད་པས་བལ་ཡུལ་གྱི་རྩེད་འགྲན་པ་ཡག་ཤོས་བཀྲིས་ཚེ་རིང་ལགས་སུ་ཁོང་ཚོའི་རུ་ཁག་ངོས་ནས་རྩེད་འགྲན་དེའི་ཐོག་ནོར་འཁྲུལ་ཆེ་ཤོས་དེ་ག་རེ་བཟོས་ཡོད་མེད་སོགས་ཀྱི་ཐད་བཀའ་འདྲི་ཞུས་པར།  བཀྲིས་ཚེ་རིང་ལགས་ཀྱིས་བསམ་པ་ནང་བཞིན་རྩེད་ཐུབ་མེད་པ་འགྲེལ་བརྗོད་གནང་བ་དང་ཆབས་གཅིག ཁོང་གི་རུ་ཁག་ངོས་ནས་ནུས་པ་གང་ཡོད་བཏོན་ཡོད་དུས་ཐོབ་ཤོར་ལ་ལྟོས་མེད་འདི་ལྟ་བུའི་རྩེད་འགྲན་ནང་མཉམ་བཞུགས་ཐུབ་པ་དེས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་གསུང་སོང་།

ཨོ་རི་ས་གཞིས་ཆགས་ཀྱི་རུ་ཁག་ལ་ད་རེས་ཀྱི་ཨ་ཕ་རྐང་སྤོལ་རྩེད་འགྲན་དེའི་རྒྱལ་ཁ་ཐོབ་ཡོད་ཀྱང་།  སྟབས་མ་ལེགས་པ་ཞིག་ལ་ད་རེས་ཀྱི་རྩེད་འགྲན་དེའི་སྐབས་ཁོང་ཚོའི་རུ་ཁག་གི་རྩེད་འགྲན་པ་ཞིག་གློ་བུར་དུ་དགོངས་པ་རྫོགས་དགོས་པའི་ཡིད་སྐྱོའི་གནས་ཚུལ་ཡང་བྱུང་ཡོད།   རུ་དཔོན་བུ་ཆུང་ལགས་ཀྱིས་ད་རེས་ཀྱི་རྒྱལ་ཁ་དེའི་བརྒྱུད་རྩེད་འགྲན་པ་འདས་པོ་ཁོང་གི་མཐའ་མའི་དམིགས་ཡུལ་གྲུབ་ཐུབ་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།

APFA final

འཕྲོད་བསྟེན་ནི་ཞི་བདེའི་རྩ་བ་ཡིན་ཞེས་པའི་སྙིང་དོན་འོག་གོ་སྒྲིག་ཞུས་པའི་ད་རེས་ཀྱི་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་དེའི་ཐོག་ས་གནས་ཁག་ ༡༤ ཪུ་ཁག་ནས་རང་ལོ་ ༤༠ ནས་ ༦༣ བར་གྱི་ཁྱོན་ཨ་ཕ་ ༣༠༠ ལྷག་ནས་མཉམ་བཞུགས་གནང་ཡོད་པ་དང་།   ཪེས་གཟའ་སྤེན་པའི་དབུ་འབྱེད་ཀྱི་མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱའི་ཁྲི་འཛིན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་། གཞན་ཡང་དམིགས་བསལ་སྐུ་མགྲོན་དུ་མ་སུ་རི་བོད་ཁྱིམ་གྱི་དབུ་འཛིན་ཟུར་པ་སྲས་མོ་མཁའ་འགྲོ་མཆོག་དང་ཁོང་གི་སྐུ་ཟླ་མ་སུ་རི་གཏན་སློབ་དང་ཤེས་རིག་ལས་ཁུངས་བཅས་ཀྱི་དྲུང་ཆེ་གནང་མྱོང་ཡོད་པའི་ཕྱག་མཛོད་ཚང་རབ་བསྟན་ལགས་བཅས་མགྲོན་འབོད་གནང་འདུག   ཕྱག་མཛོད་ཚང་རབ་བསྟན་ལགས་ནི་དེ་སྔོན་བོད་ལ་དུས་བསྒྱུར་མ་བྱུང་སྔོན་ནས་བོད་ཀྱི་རྐང་སྤོལ་རྩེད་འགྲན་རུ་ཁག་ཁོངས་སུ་རྩེད་འགྲན་གནང་མྱོང་མཁན་ཞིག་ཡིན་པ་རེད།  

གང་ལྟར་བཙན་བྱོལ་སྤྱི་ཚོགས་ནང་ཨ་ཕ་ཕན་ཚུན་བར་ཚུལ་མཐུན་གྱི་གོ་སྒྲིག་ཞུས་པའི་རྐང་སྤོལ་རྕེད་འགྲན་ཐེངས་དང་པོ་དེ་ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་རྒྱལ་ཁའི་ངང་ནས་འཇུག་སྒྲིལ་བྱུང་ཡོད་ཀྱང་།  ཕྱི་ལོ་ ༢༠༢༥ ལོའི་ཨ་ཕའི་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་དེ་སྒང་ཏོག་ས་གནས་ངོས་ནས་མགྲོན་བདག་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

APFA final

འབྲེལ་ཡོད་གསར་གནས།

གསར་གནས།