Tibetan Royal Year of 2151 | Year of the Wood Dragon

ཁོར་ཡུག་ལས་འགུལ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ནས་དི་ལླི་བར་མི་དམངས་ཀྱི་ཞི་བའི་གོམ་བགྲོད་སྣེ་ཁྲིད་གནང་བཞིན་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ལ་དྭགས་འདི་བཞིན་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་དགོངས་དོན་འོག་ཚུད་དགོས་པའི་དགོས་འདུན་སོགས་ཀྱི་ཆེད་དུ་ལ་དྭགས་མི་མང་བརྒྱ་སྐོར་ཞིག་ཟླ་བ་འདིའི་ཚེས་ ༡ ཉིན་ལ་དྭགས་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༢ རྒྱལ་ས་དི་ལླི་བར་ཞི་བའི་གོམ་བགྲོད་གནང་བཞིན་འདུག

Photo: Sonam Wangchuk X (twitter)

དེ་ཡང་ལས་འགུལ་འདི་བཞིན་ Leh Apex Body དང་། Kargil Democratic Alliance ཞེས་པའི་ཆབ་སྲིད་ཚོགས་པ་གཉིས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་། ལས་འགུལ་དེ་སྣེ་ཁྲིད་གནང་མཁན་གཙོ་བོ་ལ་དྭགས་གནས་བཞུགས་ཁོར་ཡུག་ལས་འགུལ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་ལགས་ཡིན་ཞིང་། ལས་འགུལ་དེའི་བརྒྱུད་ནས་རྒྱ་གར་དབུས་གཞུང་ལ་དྭགས་ཀྱི་དཔོན་རིགས་ལྷན་དུ་གྲོལ་མོལ་བསྐྱར་གསོ་བྱེད་དེ། ལ་དྭགས་ལ་མངའ་སྡེའི་གནས་བབ་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ཆེད་འཛུགས་བརྒྱུད་ལས་བྱེད་བསྐོ་འཛུགས། གྲོས་ཚོགས་འོག་མའི་ནང་གླེ་དང་ཀཱར་གིལ་གཉིས་ཀྱི་འཐུས་མི་ལོགས་སུ་དགོས་པ། ལྷག་པར་ལ་དྭགས་འདི་བཞིན་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་ནང་ཚུད་དགོས་ཞེས་པའི་དགོས་འདུན་བཏོན་པ་མ་ཟད། ལ་དྭགས་སྲུང་སྐྱོབ། ཧི་མ་ལ་ཡ་སྲུང་སྐྱོབ་ཅེས་འབོད་ཚིག་འཁོད་པའི་འཕྲད་དར་ཡང་བསྣམས་འདུག

Photo: Sonam Wangchuk X (twitter)

ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་བསོན་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་དེ་བཞིན་རྩ་ཁྲིམས་ལེའུ་དྲུག་པའི་ནང་ཚུད་དགོས་པ་དང་། དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་དང་ལྷན་དུ་ང་ཚོའི་མང་གཙོའི་ཐོབ་ཐང་གཞིར་བཟུང་མི་མང་གི་མངོན་འདོད་ལྟར་ཡར་རྒྱས་དང་སྟངས་འཛིན་ཆེད་དུ་འཐུས་མི་དགོས་མ་ཟད། ཞི་བའི་གོམ་བགྲོད་འདི་ནི་མི་མང་གི་ལས་འགུལ་ཞིག་ཡིན་སྟབས། གཞུང་ནས་མི་མང་གི་མངོན་འདོན་བསྒྲུབ་དགོས་ཞེས་གསུངས་འདུག

Photo: Sonam Wangchuk X (twitter)

ལྷག་པར་འདི་ཚེས་ ༡ ཉིན་ཁོང་གིས་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག་དགོས་འདུན་བསྐྱར་ནན་དང་འབྲེལ། Leh Apex Body ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་གལ་ཏེ་དབུས་གཞུང་ནས་དགོས་འདུན་དེ་དག་མ་བསྒྲུབ་ཚེ་ཞི་བའི་གོམ་བགྲོད་འགོ་འཛུགས་བྱ་རྒྱུ་གསལ་བསྒྲགས་སྤེལ་མ་ཐག ཚེས་ ༢༦ སྟེ་རྒྱ་གར་རང་བཙན་ཉིན་མོར་དབུས་གཞུང་གིས་ལ་དྭགས་ནང་རྫོང་ལྔ་གསར་འཛུགས་བྱ་རྒྱུ་གསལ་བསྒྲགས་སྤེལ་ཡོད་སྟབས། ཁོང་གིས་གལ་ཏེ་རྫོང་དེ་དག་ནང་མི་མང་ནས་འོས་འདེམས་བྱས་པའི་སོ་སོའི་འགོ་ཁྲིད་ལས་དོན་བྱེད་དབང་ཡོད་ན་དེ་ནི་རྩ་ཁྲིམས་ལེའུ་དྲུག་པའི་ནང་ཚན་ཞིག་ཡིན་པར་ལས་འགུལ་དེའི་བརྒྱུད་ནས་དགའ་བསུ་ཞུ་རྒྱུ་ཡིན་པ་དེ་ལྟར་ཡང་། རྫོང་དེ་དག་དབུས་ཀྱི་ཐད་ཀར་སྟངས་འཛིན་ཁོ་ན་ལ་དམིགས་ནས་མི་མང་གི་ཆ་ཤས་མེད་ཚེ་ལས་འགུལ་དེ་ནི་ངོ་རྒོལ་གྱི་རྣམ་པ་ཞིག་ཡིན་པ་རེད་ཅེས་འགྲེལ་བརྗོད་བྱེད་འདུག

Photo: Sonam Wangchuk X (twitter)

རྩ་བའི་དགོས་འདུན་དེ་ནི་ལོ་བཞི་ཙམ་ཕྱིན་ཡོད་པ་དང་། དེའི་ཆེད་དུ་དབུས་གཞུང་དང་ལ་དྭགས་ཀྱི་སྐུ་ཚབ་བར་གྲོས་མོལ་མཐའ་མ་དེ་འདི་ལོའི་ཕྱི་ཟླ་ ༣ ནང་བྱུང་ཡོད་པ་དེ་ལྟར་ཡང་གྲུབ་འབྲས་གང་ཡང་སོན་མེད་པ་དང་། ལྷག་པར་བསོན་ནམས་དབང་ཕྱུག་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁུལ་དེའི་ཁོར་ཡུག་སྲུང་སྐྱོབ་དགོས་གལ་ཐོག་རྒྱལ་ས་ཆེ་ཁག་ཏུ་གནས་སྡོད་བྱེད་མཁན་ཚོས་ཁོར་ཡུག་ལ་བསམ་ཞིབ་ཀྱིས་མི་ཚེ་རན་པོར་སྐྱེལ་རྒྱུའི་རེ་སྐུལ་དང་། ཕྱི་ལོ་ ༢༠༢༠ ལོར་ BJP གཞུང་འཛིན་ཚོགས་པས་འོས་བསྡུའི་སྐབས་ལ་དྭགས་ཀྱི་མ་འོངས་འཆར་སྣང་གི་དོན་ཚན་གསུམ་པར་ལ་དྭགས་དེ་བཞིན་རྒྱ་གར་གྱི་རྩ་ཁྲིམས་ལེའུང་དྲུག་པའི་དགོངས་དོན་འོག་བཅུག་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་དེ་ལག་བསྟར་གནང་རོགས་ཞེས་པའི་དགོས་འདུན་དེ་དག་ལ་གཞིགས་ནས་ཉིན་གྲངས་ ༢༡ རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

Photo: Sonam Wangchuk X (twitter)

གཞི་རྩའི་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་འོག་ད་ལྟའི་ཆར་ཨ་སྶམ་དང་། མེ་གྷ་ལཱ་ཡཱ། ཏྲི་པུ་རཱ། མི་ཛོ་རཱམ་བཅས་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་བཞི་ཡོད་པ་དང་། ཆ་རྐྱེན་དེའི་འོག་ས་ཁུལ་དེ་དག་གི་མི་མང་རྣམས་ནས་སོ་སོའི་འོས་འདེམས་བྱེད་པའི་རང་སྐྱོང་རྫོང་ལྷན་ཚོགས་ནང་འཐུས་མི་དང་། ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་བཅས་ཀྱི་འགྲོ་ལུགས་ཡོད་སྟབས། ས་སྐྱེས་རྡོ་སྐྱེས་མིན་པའི་མི་རིགས་གཞན་ལས་ཁོང་ཚོས་རིག་གཞུང་དང་ས་ཁོངས་བདག་དབང་སྲུང་སྐྱོབ་བཅས་ཀྱི་ཁེ་ཕན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།