Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག

Tibetan News Headlines

  • Prof. Samdhong Rinpoche leads Avalokiteshvara Guru Yoga transmission in Dharamsala
  • Arunachal Pradesh CM Pema Khandu calls on Dalai Lama, extends invitation to the State
  • China’s religious seminar stresses compliance with Communist Party policies for Tibetan reincarnation, including the Dalai Lama’s succession
  • Talking Tibet in Brazil : Tenzin Tsundue journey across Brazil to speak on Tibet, China and colonization

རེས་གཟའ་པ་སངས། ༢༠༢༤།༠༩།༠༦

  • སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་སྩལ་བ།
  • སྐུ་ཞབས་ Pema Khando མཆོག་ནས་༸གོང་ས་མཆོག་ཨ་རུ་ན་ཅལ་ནང་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་བཞུས་འདུག
  • བོད་བརྒྱུད་ནང་བསྟན་གྱི་མི་སྣ་ཆེ་གྲས་ཁག་གཅིག་སྐོང་ཚོགས་ཐོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་ཁག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་བཤད་འདུག
  • བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ Brazil ནང་དུ་བོད་དོན་གཏམ་བཤད་སྐོར་བསྐྱོད་དང་འབྲེལ་བའི་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ནས་ད་ལྟའི་ཆར་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་དང་འབྲེལ། བྱང་ཨ་རིའི་གནས་སྡོད་མི་མང་རྣམས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་ཞལ་བཞེས་ཐོབ་ཡོད་པ་རེད་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༢༠ ཉིན་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཉེ་སྔོན་ཨ་རིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་ཁེ་ན་ཌའི་གྲོས་ཚོགས་འོག་མས་སྤྱི་མོས་ཐོག་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ངོས་འཛིན་བྱེད་པའི་གྲོད་ཆོད་གཏན་འབེབས་གནང་བའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་འབྲེལ། མཛད་སྒོའི་ཐོག་བྱང་ཨ་རིའི་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས་གསུང་བཤད་ཁྲོད། ཚང་མས་མཁྱེན་གསལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་སོར་བདེ་བར་འཁོད་དེ་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་ད་ལྟའི་ཆར་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་དང་ཆབས་ཅིག དཔལ་ལྡན་དགའ་ལྡན་ཕོ་བྲང་དང་སྐུའི་བླ་སྨན་པས་མགོན་པོ་༸གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཉིན་རེ་ནས་ཉིན་རེར་དང་སྐྱེད་འབྱུང་གི་འདུག་ཅེས་གསུང་བ་གསལ་བསྒྲགས་དང་། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ ༧ རྗེས་སུ་ཨ་རིར་ཞབས་སོར་བདེ་བར་འཁོད་པའི་དུས་སྐབས་དང་བསྟུན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་མཐུན་མོང་གི་རེ་འདུན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུག་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་ཐོབ་ཡོད་ཀྱང་དུས་ཚོད་གཏན་འཁེལ་མེད་བྱུང་མེད་པ་གསུངས་འདུག

དེ་འབྲེལ་རིང་མིན་བོད་རིགས་སྤྱི་མཐུན་ཚོགས་ཐུན་མོང་གི་ཐོག་ནས་མི་མང་རྣམས་ལ་མཇལ་མང་གི་གོ་སྐབས་ཐོབ་ཆེད་གྲ་སྒྲིག་གནང་བཞིན་ཡོད་ཅེས་དང་། ལྷག་པར་ད་ལྟའི་ཆར་༸གོང་ས་མཆོག་དགུང་ལོ་ ༨༩ ཕེབས་ཡོད་ཅིང་། དད་ལྡན་མི་མང་རྣམས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་དོན་ལྟར་དགུང་ལོ་བརྒྱ་དང་བཅུ་ཕྲག་ལྷག་སྐུ་བཞུགས་མཛད་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་འབྲེལ། ༸གོང་ས་མཆོག་གིས་དུས་རྟགས་ཏུ་བོད་མིའི་སྒྲིག་འཛུགས་དེ་གལ་ཆེན་པོ་བརྩི་དགོས་པའི་བཀའ་སྩལ་མཛད་དོན་ལྟར། སྒྲིག་འཛུགས་དེའི་འགན་འཁུར་བཞེས་ནས་འགྲོ་མུས་ཡིན་སྟབས། མི་མང་རྣམས་ནས་སོ་སོའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ངོ་ཤེས་པའི་ཐོག་ནས་ཕྱག་ལས་གནང་ཐུབ་དགོས་པའི་དྲན་སྐུལ་གནང་འདུག

ད་དུང་བྱང་ཨ་རིའི་དོན་གཅོད་མཆོག་ནས་ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་ནས་ལས་བསྡོམས་སྙིང་བསྡུས་ཕུལ་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དོན་གཅོད་ནས་གཉེར་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ལ་ཟབ་སྦྱོང་ཐད་ཐུགས་སྣང་ཆེན་པོ་མཛད་ཀྱི་འདུག་ཅེས་ནན་བརྗོད་དང་། མ་འོངས་པར་གཞོན་སྐྱེས་དང་འབྲེལ་བའི་ལས་གཞི་དེའི་རིགས་ལ་མི་མང་ནས་མཐུན་འགྱུར་རོགས་རམ་གནང་སྐྱོང་བའི་འབོད་སྐུལ་ཞུ་འདུག

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་མཛད་སྒོའི་སྟེང་མི་མང་ལ་གསུང་བཤད་གནང་བའི་ཁྲོད། འདི་ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་ཐུགས་གཏན་འཁེལ་ཡོད་སྐོར་ངོ་སྤྲོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཨ་རི་ནས་རྒྱ་གར་ཆིབས་ཐོན་མ་མཛད་གོང་མི་མང་རྣམས་ལ་མཇལ་ཁ་ཡང་ན་ཆོས་འབྲེལ་བཀའ་དྲིན་གྱི་གོ་སྐབས་ཡོང་བའི་རེ་བ་ཡོད་སྐོར་གསུངས་འདུག ལྷག་པར་༸གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ལ་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་པ་དང་འབྲེལ། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་མི་རབས་གསར་པ་གྲ་སྒྲིག་སླད་དུ་ལོ་ལྟར་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཚོགས་མུས་ཡིན་སྟབས། འགོ་འཁྲིད་སྐྱེས་སྲིང་ཐད་ལས་དོན་གནང་གི་ཡོད་ཅིང་། ཕྱོགས་བསྐྱོད་ཕྱིན་པའི་སྐབས་གཞོན་སྐྱེས་ཚོས་འགན་འཁྱེར་སྟངས་ཐད་སེམས་ཤུགས་སྔར་ལྷག་འཕར་གྱི་ཡོད་པའི་གནས་སྟངས་དེ་འདྲ་བྱུང་གི་འདུག་ཅེས་གསུངས་ཏེ། མ་འོངས་པར་མུ་མཐུད་ནས་གཞོན་སྐྱེས་གསོ་སྐྱོང་དང་གོ་སྐབས་ཕུལ་དགོས་གལ་ཡིན་ཞིང་། ད་བར་ང་ཚོ་ཚང་མས་དཀའ་ལས་བརྒྱབ་པ་དེ་དག་ངོས་འཛིན་པའི་ཐོག་མ་འོངས་པར་མུ་མཐུད་ནས་དཀའ་ལས་བརྒྱག་དགོས་གལ་ཡིན་པའི་ལམ་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།