Tibetan Royal Year of 2151 | Year of the Wood Dragon

ཉི་འོང་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་སློབ་སྐོར་གླེང་སློང་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཟླ་བ་འདིའི་ཚེས་ ༢༢ ཉིན་ཉི་འོང་གི་རྒྱལ་ས་ཀྲོག་ཀྱོ་ New Otani གསོལ་མགྲོན་ཁང་དུ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཨེ་ཤི་ཡའི་ནང་གི་ཆོས་དད་རང་དབང་ཐོག་ཚོགས་འདུ་ཚོགས་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱ་དམར་གཞུང་གིས་བོད་མི་དང་། ཡུ་གུར་བ། ཧྥ་ལུང་གོང་གི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་། ཉི་འོང་ནང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་འདི་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་། ས་གནས་ཀྱི་ཚོགས་སྡེ་ཁག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེའི་ཐོག་ལྷན་ཚོགས་དེའི་སྐུ་ཚབ་ཟུར་པ་ Sam Brownback ལགས་དང་། ལྷན་ཚོགས་དེ་ཉིད་ཀྱི་ཨ་རིའི་ཚོགས་གཙོ་ཟུར་པ་ Katrina Lantos Swett ལགས་གཉིས་ནས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་དང་། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་སོ་སོ་ནས་སྐུ་ཚབ་ཕེབས་ཡོད་པ་མ་ཟད། བོད་མིའི་ཕྱོགས་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་ལྷན་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ Sam Brownback ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། མི་གཅིག་དབང་འཛིན་རིང་ལུགས་པས་དུས་རྟག་ཏུ་ཆོས་དད་རང་དབང་ལ་འཇིགས་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནི་དཔེ་མཚོན་གསལ་ཤོས་ཡིན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཀྱི་མི་སྣ་རྣམས་ཁོ་ཚོའི་དབང་ཆ་ལ་ཉེན་འཚབ་ཆེན་པོ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་སྐོར་ནན་བརྗོད་དང་། ལྷག་པར་ད་ལྟའི་ཆར་ཤར་ཏུར་ཀིས་ཏན་གྱི་ཡུ་གུར་ཁ་ཆེ་རྣམས་ལ་མི་རིགས་སྡེབས་གསོད་ཀྱི་སྲིད་བྱུས་ལག་བསྟར་དང་། ཡེ་ཤུ་པ་རྣམས་ལ་མནར་གཅོད་གཏོང་བཞིན་པ། དེ་བཞིན་ཧྥ་ལུང་གོང་ཆོས་བརྒྱུད་ཉམས་ལེན་པ་རྣམས་ལ་དྲག་སྤྱོད་དང་། བོད་བརྒྱུད་ནང་བསྟན་ལ་ཆབ་སྲིད་ཀྱི་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ་སོགས་ཐེར་འདོན་དང་སྦྲགས། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་འདི་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཐོག་མི་གཅིག་དབང་འཛིན་པའི་འོག་ནས་ཆོས་དད་རང་དབང་རྡོག་རོལ་ལ་བསྐྱར་བཅོས་བྱ་དགོས་གལ་ཡིན་པ་གསུངས་འདུག

དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་ Mike Pompeo ལགས་ཀྱིས་ཨེ་ཤི་ཡའི་ནང་ཆོས་དད་རང་དབང་གི་ས་བབ་ཆབ་སྲིད་གལ་གནད་ཐོག་གསུང་བཤད་གནང་ཡོད་པ་དང་། ལྷག་པར་ཐའེ་ཝན་སྲིད་འཛིན་ William Lai མཆོག་གིས་དྲ་ཐོག་བརྒྱུད་ནས་གསུང་བཤད་གནང་འདུག ཐེངས་འདིའི་ལྷན་ཚོགས་ཐོག་ཉིན་ཁྱོང་གནད་དོན་བཞིའི་ཐོག་བགྲོ་གླེང་གནང་འདུག་པ་དང་། དེ་དག་ནི་ས་ཁུལ་ཁག་ལ་མི་རིགས་སྡེབས་གསོད་ཀྱི་ཤུགས་རྐྱེན་དང་། ཆོས་ལུགས་སྣ་མང་རིང་ལུགས། ཨེ་ཤི་ཡའི་མང་གཙོ་ནང་ཆོས་དད་རང་དབང་གཙིགས་ཆེར་འཛིན་རྒྱུ། མི་གཅིག་དབང་འཛིན་སྲིད་གཞུང་འོག་ཆོས་དད་རང་དབང་གི་གནས་བབ་བཅས་ཡིན་པ་རེད་འདུག

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དེའི་ཐོག་ཨེ་ཤི་ཡའི་རྒྱལ་ཁབ་སོ་སོ་ནས་ཆོས་དད་རང་དབང་རྡོག་རོལ་གྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་དང་། སྐབས་དེར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་སྒྲིག་འཛུགས་ཁག་བཙན་དབང་གི་སྒོ་རྒྱབ་དང་། སྐུ་བརྙན་ཁག་གཏོར་བཤིག་གཙོས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་ཡང་སྲིད་སྐོར་ཐེ་བྱུས་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་ཡོད་པ་མ་ཟད། ཉེ་ལམ་ཨ་རིས་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག རང་དབང་ལྡན་པའི་རྒྱལ་ཁབ་ཁག་ནས་དེ་མཚུངས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞན་ཡང་འདི་ཚེས་ ༡༩ ཉིན་འོང་བོད་ཁང་དང་ Asian Democracy Movement ཞེས་ཨེ་ཤི་ཡའི་མང་གཙོ་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་འོག་ཀྲོག་ཀྱོ་གི་ Bunkyoku Civic Center བུན་ཀྱོ་ཀུ་བསྟི་གནས་ཁང་དུ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་དབུས་པའི་ཁོང་གི་ལས་རོགས་བསྟི་གནས་ཁང་དེ་ཉིད་ཀྱི་ཨེ་ཤི་ཡའི་ལས་འཆར་འགན་འཛིན་དང་བོད་མི་མང་སྤྱི་འཐུས་གཅིག་ལྕོགས་རྡོ་རྗེ་ཚེ་བརྟན་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས་དང་ཚེ་རིང་རྡོ་རྗེ་ལགས་བཅས་ནས་བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྐོར་གསུང་བཤད་དང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

སྐབས་དེར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བོད་ནང་རྒྱ་ནག་མི་སེར་སྤེལ་ཡུལ་གྱི་གཏན་སློབ་དེ་ཉིད་འགོ་འཛུགས་དང་འཕེལ་རིམ་གྱི་རིམ་པ་གསུམ་ངོ་སྤྲོད་གནང་བའི་ཁྲོད། ཐོག་མ་ཕྱི་ལོ་ ༡༩༧༠ ནང་རྒྱ་བསྒྱུར་གྱི་སྲིད་བྱུས་ངོ་སྤྲོད་དང་། དེ་ནས་ཕྱི་ལོ་ ༡༩༨༤ ལོ་ནས་བཟུང་བོད་པའི་བྱིས་པ་རྣམས་རྒྱ་ནག་གི་གྲོང་ཁྱེར་ཁག་དུ་བཙན་ཁྲིད་བྱེད་པའི་བརྒྱུད་རིམ། དེ་བཞིན་ཕྱི་ལོ་ ༢༠༡༦ ནས་བོད་ནང་གི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ། བོད་ཕྲུག་ས་ཡ་ ༡ ལྷག་ལོ་ན་ ༤ ནས་ ༡༨ བར་ཡིན་པ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་དུ་བཙན་འཇུག་བྱེད་པ་མ་ཟད། དེའི་བརྒྱུད་ནས་སློབ་ཕྲུག་རྣམས་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་བཞིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཉི་འོང་གཞུང་མང་གཉིས་ནས་རྒྱ་ནག་གི་གཏན་སློབ་ཐོག་སྐྱོན་བརྗོད་བྱ་དགོས་གལ་ཙམ་མ་ཟད་ཨ་རིའི་བོད་རྒྱལ་དཀའ་རྙོག་གི་ཁྲིམས་ཡིག་གཏན་འབེབས་ལྟར་ཉི་འོང་ནས་བོད་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་ལ་དེ་མཚུངས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། འདི་ཚེས་ ༡༧ ཉིན་ཉི་འོང་དོན་གཅོད་ཀྱིས་གོ་སྒྲིག་འོག་ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ལགས་མཇལ་འཕྲད་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭར་བོད་པའི་བྱིས་པ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་བྱ་རྒྱུའི་ཁོར་ཡུག་མེད་པའི་ཐོག་རྒྱ་ནག་དམར་ཤོག་ཀྱི་ལྟ་གྲུབ་སྐོར་བསླབ་ཀྱི་ཡོད་པ་སོགས་ཛ་དྲག་གི་གནད་དོན་སྙན་སེང་ཞུས་རྒྱུ་བྱུང་ཡོད་པ་དང་། ཚོགས་གཙོ་མཆོག་ནས་ཀྱང་ཉི་འོང་གྲོས་ཚོགས་ནང་གླེང་སློང་ཞུ་རྒྱུ་ཐབས་ཤེས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་མ་ཟད། ཚེས་ ༡༩ ཉིན་ཚོགས་པའི་ཚོགས་འདུ་དེའི་སྟེང་གསུང་བཤད་དང་ལྷག་པར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བོད་ནང་བཅའ་སྡོད་སློབ་གྲྭའི་སྐོར་ཞིབ་འཇུག་བྱེད་པའི་སྙན་ཐོ་ཉི་འོང་སྐད་ཐོག་བསྒྱུར་བ་དེ་དང་། ཨ་རིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཉི་འོང་སྐད་ཐོག་བསྒྱུར་བ་རྣམས་ཚོགས་བཅར་བ་དང་གསར་འགོད་པར་འགྲེམས་སྤེལ་གནང་ཐུབ་པ་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།