Tibetan Royal Year of 2151 | Year of the Wood Dragon

ཡར་ཀླུང་གཙང་པོའི་འགོ་ཁུངས་ཁུལ་དུ་ཚ་དྲོད་རྒྱས་པ་དང་ས་རུད་སོགས་ཀྱི་རྐྱེན་པས་རྒྱ་གར་དང་བཱང་ལཱ་དྴེ་ལ་ཉན་འཚབ་ཡོད་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

Science Direct ཞེས་པའི་ཁོར་ཡུག་ཉམས་ཞིབ་ཁང་གི་ Journal of Rock Mechanics and Geotechnical Engineering ཞེས་རྡོའི་འགུལ་ཤུགས་རིག་པ་དང་ས་ཁམས་བཟོ་ལས་རིག་པའི་དུས་དེབ་ནང་རྒྱ་ནག་ཁྲེན་ཏུའུ་བཟོ་ལས་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་འབུམ་རམ་པ་ Weili Li ལགས་དང་ཉམས་ཞིབ་པ་གཞན་ལྔ་ཡིས་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། བོད་ཡར་ཀླུང་གཙང་པོའི་འགོ་ཁུངས་ཁུལ་དུ་ཕྱི་ལོ་ ༢༠༡༧ ནས་བཟུང་ཚ་དྲོད་ཤུགས་ཆེ་རྒྱས་བཞིན་པ་དང་། ས་རུད་སོགས་ཡང་ཡང་བྱུང་བའི་རྐྱེན་གྱིས་ཤམ་འོག་གི་ Bangladesh བཱང་ལཱ་དྴེ་དང་རྒྱ་གར། ལྷག་པར་དུ་རྒྱ་གར་གྱི་བྱང་ཤར་ས་ཁུལ་ནང་དུ་ཆུ་ལོག་སོགས་ཀྱི་ཉེན་འཚབ་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག

Photo Credit: Google Earth

ཟླ་བ་འདིའི་ཚེས་ ༢ ཉིན་དུས་དེབ་དེའི་ཐོག་འདོན་སྤེལ་གནང་བའི་སྙན་ཐོ་དེ་ནང་གསལ་ལྟར་ན། Sendong ཕུ་ལུང་ཞེས་ཡར་ཀླུང་གཙང་པོའི་འགོ་ཁུངས་ཁུལ་དུ་དེ་སྔ་ཕྱི་ལོ་ ༢༠༡༢ སྔོན་ཚ་དྲོད་རྒྱས་ཚད་ཀླད་ཀོར་ཡིན་སར་ཕྱི་ལོ་ ༢༠༡༧ རྗེས་སུ་ལོ་རེར་ཚ་དྲོད་རྒྱས་ཚད་ཆེ་རུ་ཕྱིན་པ་དང་འབྲེལ། ས་ཡོམས་སོགས་ཀྱི་དོན་རྐྱེན་ཇི་མང་ཁྲོད། གཙང་པོའི་འགོ་ཁུངས་ཀྱི་ལུང་གཞོང་ནང་ས་སྙིག་ cubic meter ས་ཡ་ ༧༠༠ ལྷག་བསག་ཡོད་པ་དང་། དེའི་ཐོག་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སྟེང་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྐྱེན་པས་གཤམ་འོག་གི་རྒྱ་གར་དང་བཱང་ལཱ་དྴེ་གཉིས་ཀྱི་ནང་དུ་ཆུ་ལོག་སོགས་ཀྱི་ཉེན་འཚབ་ཆེན་པོ་ཆགས་ཡོད་པ་མངོན་གསལ་གནང་འདུག

ཉམས་ཞིབ་པ་རྣམས་ཀྱིས་ཕྱི་ལོ་ ༡༩༦༩ ནས་ ༢༠༢༣ བར་ཡར་ཀླུང་གཙང་པོའི་འགོ་ཁུངས་ས་ཁུལ་གྱི་ཟུང་སྐར་འདྲ་པར་ ༡༤༩ ཙམ་འདོན་སྤེལ་གནང་བའི་བརྒྱུད། ས་ཁུལ་དེའི་ནང་དུ་འཁྱགས་རོམ་དང་གངས་རུད་སོགས་ཀྱི་དོན་རྐྱེན་ཆེ་བ་ ༡༩ ཙམ་བྱུང་ཡོད་པ་དང་། དེའི་ཁྲོད་གངས་རུད་ཀྱི་དོན་རྐྱེན་ཁ་ཤས་འོག ཡར་ཀླུང་གཙང་པོ་དང་དེའི་ཡན་ལག་ Yigong གཙང་པོ་གཉིས་ཀྱི་རྒྱུག་ཆུ་རེ་ཞིག་འགག་སྟེ། ཆུ་མཛོད་ལྟ་བུ་ཞིག་ཆགས་ཡོད་པ་དེ་རྒྱས་པའི་རྐྱེན་གྱིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཤར་ Siang གྲོང་ཁྱེར་དང་ཨ་སྶམ་མངའ་སྡེའི་ Dhumaji རྫོང་ཁུལ་དུ་ཆུ་ལོག་གི་དཀའ་ངལ་ཤུགས་ཆེ་ཕྲད་པ་མངོན་གསལ་གནང་འདུག མ་ཟད་དེང་སྐབས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོས་གཙོས་བོད་ཀྱི་ཆུ་རྒྱུན་ཁག་ཏུ་ཆུ་ཤུགས་གློག་ཁང་དང་ཆུ་མཛོད་གསར་རྒྱག་སོགས་ཀྱི་ལས་གཞིའི་ཁྲོད། རྒྱ་གར་དང་བཱང་ལཱ་དྴེ་ནང་དུ་རྒྱུག་པའི་ཆུ་རྒྱུན་ཁག་ཏུ་ས་སྙིག་ཊོན་ས་ཡ་ ༨༠༠ ལྷག་གི་རྐྱེནས་པས་དཀའ་ངལ་ཤུགས་ཆེ་འཕྲད་ངེས་ཡིན་པ་གསུངས་འདུག

སྙན་ཐོར་གཞིགས་ན་ཡར་ཀླུང་གཙང་པོིའི་འགོ་ཁུངས་སུ་ཕྱི་ལོ་ ༡༩༧༤ དང་ ༡༩༧༥ སོ་སོར་ས་རུད་སོགས་ཀྱི་དོན་རྐྱེན་རེ་ཟུང་བྱུང་ཡོད་ཀྱང་། དེ་དག་གི་ཕྱི་ལོ་ ༡༩༨༧ བར་དམིགས་བསལ་གནོད་འཚེ་བྱུང་བ་མངོན་རྒྱུ་མེད། འོན་ཀྱང་ཕྱི་ལོ་ ༡༩༩༨ དང་ ༢༠༠༠ ལོར་སོ་སོར་འཁྱགས་རོམ་བཞུར་བའི་དོན་རྐྱེན་གཉིས་བྱུང་རྗེས་དཀའ་ངལ་ཇེ་ཆེར་འཕྲད་ཀྱི་ཡོད་པ་མངོན་གསལ་གནང་འདུག

རྒྱ་གར་བྱང་ཤར་ Guwahati གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Aranyak སྐྱེ་ཁམས་ཉམས་ཞིབ་ལྟེ་གནས་ཁང་གི་ཆུ་ཁམས་དང་གནམ་གཤིས་ཉེན་ཁ་ཚན་པའི་གཙོ་འཛིན་ Partha Jyotidas ལགས་ཀྱིས་དེ་ལྟ་བུའི་གནས་སྟངས་འོག་མཉམ་མཐུན་གྱི་ཉམས་ཞིབ་མུ་མཐུད་གནང་དགོས་གལ་ཡིན་པ་དང་། ཟུང་སྐར་གྱི་འདྲ་པར་བརྒྱུད་ལྟ་སྲུང་ནན་པོ་དགོས་པ། དེ་བཞིན་མ་འོངས་ཉེན་ཁ་དང་འབྲེལ་བའི་ངལ་སེལ་གྲ་སྒྲིག་དགོས་པ། མང་ཚོགས་ལ་གོ་རྟོགས་སྤེལ་དགོས་པ། ས་ཁམས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་དགོས་གལ་ཡིན་པ་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།