Tibetan Royal Year of 2151 | Year of the Wood Dragon

བོད་པའི་ཁྱིམ་ཚང་ཞིག་ལ་ཁེ་ན་ཌའི་ཆེས་མཐོའི་གཟེངས་རྟགས་ཕུལ་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་༧ ཉིན་ཁེ་ན་ཌའི་མངའ་ཁོངས་ Ontario ཁུལ་གྱི་ས་གནས་ Lindsay ནས་ཡིན་པའི་རབ་རྒྱས་ཁྱིམ་ཚང་ལ་ཁེ་ན་གཞུང་གི་སྤྱི་ཁྱབ་སྲིད་སྐྱོང་ Mary Simon ལགས་ཀྱིས་ Meritorious Service Cross ཞེས་པའི་ཆེ་མཐོང་གི་གཟེངས་རྟགས་ཤིག་ཕུལ་འདུག

Meritorious Service Cross ཞེས་པ་དེ་ནི་ཁེ་ན་ཌའི་ཆེ་མཐོང་གི་གཟེངས་རྟགས་མཐོ་ཤོས་གྲས་ཡིན་པ་དང་། གང་ཟག་སྒེར་སུ་འདྲ་ཞིག་གིས་གཞན་ལ་སེམས་འགུལ་ཐེབས་པའི་ཕྱག་ལས་དང་། སྤྱི་ཚོགས་ཁྲོད་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཕྱིར་ཆོད་སེམས་བརྟན་པོ་ཡོད་མཁན། དེ་བཞིན་ཁེ་ན་ཌའི་རྒྱལ་ཁབ་ཀྱི་ཆེ་བསྟོད་གོང་འཕེལ་ཆེད་དུ་དམིགས་བསལ་གྱི་ཕྱག་ལས་གནང་མཁན་གང་ཟག་ཚོར་ཕུལ་སྲོལ་ཡོད་འདུག

ཕུན་ཚོགས་རབ་རྒྱས་ལགས་དང་། ཚེ་རིང་སྒྲོལ་དཀར་རབ་རྒྱས་ལགས། ཊོག་ཊར་བློ་བཟང་རབ་རྒྱས་ལགས། ཌོག་ཊར་བཀྲ་ཤིས་རབ་རྒྱས་ལགས་བཅས་ཁོང་རྣམ་པས་རང་གི་མི་ཚེ་ཧྲིལ་པོར་བོད་ཕྱི་ནང་དུ་ནུས་པ་གོང་སྤེལ་གྱིས་སྤྱི་ཚོགས་ཞབས་འདེགས་བསྒྲུབས་པ་དང་། ཁེ་ན་ཌ་དང་བྱང་ཨ་རིར་ཁྱབ་ཆེ་བའི་རྒྱབ་སྐྱོར་ཐོབ་པའི་ Machik མ་ཅིག་ཚོགས་པ་གསར་སྐྲུན་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ Meritorious Service Cross ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ་ཞིག་ཆགས་ཀྱི་འདུག

མངའ་སྡེའི་སྤྱི་ཁྱབ་ Mary Simon ལགས་ནི་ཁེ་ན་ཌའི་ཡུལ་དེ་གར་འཁྲུངས་པའི་ཨི་ནུ་ཊུ་ཊི་མི་རིགས་ཁོངས་མངའ་སྡའི་སྤྱི་ཁྱབ་གནང་མཁན་དང་པོ་ཡིན་ཞིང་། གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་ཁོང་གིས་རང་སོ་སོའི་ཡུལ་སྐད་དང་། དབྱིན་སྐད། ཕ་རན་སིའི་སྐད་ནང་དགའ་བསུའི་བསྔགས་བརྗོད་ཞུས་འདུག

ཆེ་མཐོང་གཟེངས་རྟགས་ཀྱི་འོས་མི་རྣམས་ལ་ཕྱོགས་ལྷུང་མེད་པར་བྱས་རྗེས་ཇི་བཞག་རང་གི་ཐོག་ཞིབ་ཚགས་པོའི་འདེམས་སྒྲུག་བརྒྱུད་རིམ་འོག་འགྲོ་དགོས་ཀྱི་ཡོད་པ་དང་། རང་དབང་ཅན་གྱི་སློབ་སྟོན་ཞུ་སའི་ཚོགས་ཆུང་གིས་བསྐྱར་ཞིབ་དང་ཉམས་ཞིབ་ཆ་ཚང་བ་བྱས་མཐར་མངའ་སྡེའི་སྤྱི་ཁྱབ་ཀྱི་བཀའ་འཁྲོལ་ཐོབ་དགོས་པ་ཡིན་འདུག

རབ་རྒྱས་ནང་མིས་རང་གི་མི་ཚེ་ཧྲིལ་པོར་བོད་ཕྱི་ནང་གི་མང་ཚོགས་ཡར་རྒྱས་གཏོང་ཕྱིར་ཁས་ལེན་དམ་བཅའ་གནང་ཡོད་པ་དེས་རྒྱལ་སྤྱིའི་ནང་མི་སེར་གྱི་གོ་གནས་དང་། སྤྱི་ཚོགས་གོང་འཕེལ། དེ་བཞིན་བོད་ནང་བཟང་སྤྱོད་ཀྱི་བྱེད་སྒོ་སོགས་ཞབས་འདེགས་བསྒྲུབས་ཡོད་པ་རེད་འདུག

པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།