Tibetan Royal Year of 2151 | Year of the Wood Dragon

ཁམས་སྡེ་དགེའི་དོན་རྐྱེན་དང་འབྲེལ་ནས་དྲ་ཐོག་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་ JNU ཇོ་ཧར་ལཱལ་ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་གླེང་སྟེགས་ཚོགས་པས་གཙུག་ལག་སློབ་ཁང་དེ་ཉིད་ཀྱི་སློབ་ཟུར་དང་ཟུང་འབྲེལ་གྱིས་ཉེ་ལམ་འབྲི་ཆུའི་བཞུར་རྒྱུན་བོད་ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ས་གནས་ཀྱི་མི་མང་སྟོང་ཕྲག་མང་པོ་གནས་སྤོ་བྱ་རྒྱུ་མཚོན་པའི་བོད་མིས་ཞི་རྒོལ་དང་། ལྷག་པར་བོད་མི་འཛིན་བཟུང་སོགས་ཀྱི་གནད་དོན་རིམ་པ་བྱུང་ཡོད་སྟབས། བོད་དོན་གླེང་སྟེགས་ཚོགས་པས་གནད་དོན་དེ་དང་འབྲེལ་ནས་བགྲོ་གླེང་རིམ་པ་གསུམ་གོ་སྒྲིག་ཞུ་བཞིན་པའི་ཁྲོད། ཁ་སང་སྡེ་དགེར་ཆུ་མཛོད་ལ་ངོ་རྒོལ་དང་རྒྱབ་ལྗོངས་གནས་སྟངས་ངོ་སྤྲོད་ཅེས་པའི་བརྗོད་གཞི་ཐོག་དྲ་ཐོག་བགྲོ་གླེང་གོ་སྒྲིག་ཞུས་འདུག

ཁ་སང་བགྲོ་གླེང་དེའི་ཐོག་ཁམས་སྡེ་དགེ་ནས་ཡིན་པ་ད་ཆ་བཙན་བྱོལ་ནང་གནས་བཞུགས་སྡེ་དགེ་རྒྱལ་ཡོངས་ཚོགས་པའི་ཚོགས་ཟུར་འཆམ་ར་དྲི་མེད་རྒྱལ་མཚན་ལགས་དང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་འཇམ་དབྱངས་ཕུན་ཚོགས་ལགས་རྣམས་གཉིས་ཀྱི་གསུང་བཤད་དང་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད། ལས་རིམ་གྱི་ཐོག་མ་དེར་བོད་དོན་གླེང་སྟེགས་ཚོགས་པའི་ཚོགས་གཙོ་བན་སྡེ་ཚེ་རིང་ལགས་ཀྱིས་ཁམས་སྡེ་དགེ་དབོན་སྟོད་ཁུལ་དུ་བྱུང་བའི་གནས་སྟངས་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བོད་བཅིངས་གྲོལ་གྱི་སྲིད་བྱུས་ཟེར་བ་དེའི་ཆ་ཤས་ཡིན་པ་ངོ་སྤྲོད་དང་འབྲེལ། ཁམས་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་ཁོར་ཡུག་དང་རིག་གཞུང་རྩ་དོར་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ། དེ་འབྲེལ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་མ་ཟད། གཞིས་བཞུགས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་ཤིང་། ཞི་ཅིན་ཕིང་ལ་འགན་འཁུར་ཐུབ་པ་ཞིག་ངེས་པ་དུ་བཟོ་དགོས་གལ་སོགས་གསུངས་འདུག

གསུང་བཤད་པ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས། བོད་ཁམས་སྡེ་དགེ་ནང་གི་ཛ་དྲག་གི་གནད་དོན་དེ་བྱུང་སའི་ས་ཚིགས་ངོས་འཛིན་དང་འབྲེལ། ཁོང་གིས་ཁུལ་དེར་རྒྱ་གཞུང་གི་ལོ་མང་རིང་གཏེར་ཁ་སྔོག་འདོན་དང་ཟམ་པ་རྒྱག་པ། དེ་བཞིན་གློག་ཁང་བཙུགས་པ་སོགས་ཀྱི་ལས་གཞི་གཉེར་བཞིན་པ་དང་། ལྷག་པར་ཁ་སྔོན་གྱི་གནད་དོན་དེ་ནི་ལོ་མང་རིང་བསགས་པའི་ས་གནས་མི་མང་གི་སེམས་སྡུག་དང་། རྒྱ་གཞུང་གི་བརྙས་བཅོས། ཁོར་ཡུག་གཏོར་བཤིག་སོགས་ཀྱི་རྐྱེན་པས་དེ་འབྲེལ་གནད་དོན་བྱུང་བ་ཞིག་ཡིན་པ་མ་ཟད། སྡེ་དགེ་ས་ཁུལ་གཞན་ནང་དུའང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་གསུངས་འདུག

ད་དུང་སྡེ་དགེ་ནང་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་དང་རིག་གཞུང་སོགས་ཡོད་སྟབས། རྒྱ་གཞུང་གིས་གུན་གསབ་སྤྲོད་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་དང་། ས་གནས་མི་མང་དེ་དག་འབྲོག་པ་དང་ཞིང་པའི་འཚོ་བའི་གནས་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་ཟད། དོན་རྐྱེན་དེའི་ཐོག་བོད་མིའི་ཚོགས་སྒེར་ཁག་གི་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་འབྲེལ་ལས་དོན་གང་མགྱོགས་ལག་བསྟར་གནང་དགོས་གལ་ཡིན་ཞིང་། བཙན་བྱོལ་ནང་དུ་གནས་སྡོད་བོད་མི་ཁག་གཅིག་ལ་བོད་ནང་གི་གནས་ཚུལ་བརྒྱུད་སྤེལ་བྱེད་པར་དཀའ་ངལ་ཡོད་ཀྱང་། རྒྱ་ཆེ་ནས་བསམ་བློ་གཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱ་དགོས་གལ་ཡིན་པ་གསུངས་འདུག

ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་གླེང་སྟེགས།

དེ་བཞིན་གསུང་བཤད་པ་འཇམ་དབྱངས་ཕུན་ཚོགས་ལགས་ཀྱིས། སྡེ་དགེ་ཁུལ་གྱི་དོན་རྐྱེན་དེ་ལས་བོད་རྒྱ་གཉིས་ཀྱི་ད་ལྟའི་འབྲེལ་བའི་གནས་སྟངས་དེ་མཚོན་ཐུབ་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་གནད་དོན་དེ་རིག་གཞུང་རྩ་གཏོར་གྱི་གནད་དོན་སོགས་ལ་འགྲེལ་བརྗོད་ཀྱིས་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱ་དགོས་གལ་ཡིན་པ་སོགས་གསུངས་འདུག

ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་གླེང་སྟེགས།

རྩ་བའི་ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་གླེང་སྟེགས་ཚོགས་པས་བགྲོ་གླེང་རིམ་པ་གཉིས་པ་འདི་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༡༡ ལས་འགུལ་གདན་འདྲེན་ཞུས་ཐོག་ལས་འགུལ་སྤེལ་ཕྱོགས་དང་། ཕྱི་ཚེས་ ༡༧ ཉིན་ཉམས་ཞིབ་པ་དང་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་པ་རེད།

གནས་ཚུལ་རྒྱས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།