Tibetan Royal Year of 2151 | Year of the Wood Dragon

Waltham Forest གྲོང་སྡེར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པ་སྲུང་བརྩི།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

Waltham Forest གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་ Christopher Robbins CBE མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པ་དང་བསྟུན་བོད་མི་རྣམས་ལ་དགའ་བསུའི་སྒྲ་འཇུག་འཚམས་འཕྲིན་ཞིག་གནང་བ་དང་སྦྲགས། འདི་ལོར་ཏོག་དབྱིབས་གཉན་རིམས་རྐྱེན་པས་རྒྱས་འཛོམས་གནང་ཐབས་དཀའ་སྟབས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱི་ཐོག་ནས་དུས་ཆེན་སྲུང་བརྩི་གནང་རྒྱུ་ཡིན་པ་གསུངས་འདུག

རྩ་བའི་འདས་པའི་ལོ་ཤས་གོང་ནས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་བྱང་ནུབ་ཁུལ་དུ་རྟེན་གཞི་བྱས་པའི་ Waltham Forest གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་གྲོང་རྡལ་ཚོགས་ཁང་དུ་སྤྱི་ཁྱབ་པ་སྐུ་ཞབས་ Christopher Robbins CBE མཆོག་གིས་དབུས་པའི་གནད་ཡོད་དཔོན་རིགས་ཁག་དང་དོན་ཁང་གི་སྐུ་ཚབ་དང་ཕྱག་སྦྲེལ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་པ་རྒྱས་འཛོམས་དང་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་སོགས་གཞས་སྣ་ཁག་ཅིག་གཟིགས་འབུལ་དང་། དེ་བཞིན་གྲོང་རྡལ་ཚོགས་ཁང་གི་ཕྱི་རོལ་ལ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་གནང་གི་ཡོད་པ་རེད།

Waltham Forest གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་ Christopher Robbins CBE མཆོག་གིས་ཁ་སང་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྒྲ་འཇུག་འཚམས་འཕྲིན་ཞིག་གནང་བའི་ནང་དུ་འདས་པའི་ལོ་ཤས་གོང་ནས་ཁུལ་དེར་བོད་མི་རྣམས་དང་རྒྱས་འཛོམས་གནང་བ་མ་ཟད། ལྷག་དོན་གྲོང་རྡལ་ཚོགས་ཁང་གི་ཕྱི་རོལ་ལ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་གནང་གི་ཡོད་པ་དེ་ལྟར་ཡང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་རྒྱས་འཛོམས་གནང་ཐབས་དཀའ་ནའང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱི་ཐོག་ནས་དུས་ཆེན་སྲུང་བརྩི་གནང་རྒྱུ་ཡིན་པ་དང་དུས་སང་ང་ཚོ་གཉན་རིམས་ཀྱི་ངལ་བའི་རྒྱ་ལས་འདས་ཏེ་རྒྱས་འཛོམས་གནང་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་འདུག

དེ་བཞིན་སྤྱི་ཁྱབ་པ་མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པའི་ཉིན་མོར་བོད་དག་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། དེ་རིང་གི་དུས་ཆེན་འདི་ནི་ང་ཚོ་ཙམ་མིན་པར་ཁྱེད་ཅག་བོད་མི་རྣམས་ལའང་གནད་ཆེའི་དུས་ཚིགས་ཤིག་ཆགས་ཡོད་པ་མ་ཟད། ཁྱེད་རྣམས་ནསཝལ་ཐེམ་ཧྥོ་རེས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གིས་གཙོས་པའི་མང་ཚོགས་རྣམས་ནི་རང་ཉིད་ཀྱི་མཛའ་གྲོགས་ཡིན་པར་དགོངས་དགོས་པ་དང་། ང་ཚོས་ཀྱང་བོད་མི་དག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་དང་བོད་མིའི་མངོན་འདོད་རྣམས་ལོན་ཌོན་ཡོངས་ལ་ཁྱབ་སྤེལ་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག

དེ་དང་འབྲེལ་ནས་དབྱིན་ཡུལ་དོན་ཁང་གི་ངོས་ནས་ཀྱང་དོན་ཁང་དང་ཁུལ་དེའི་བོད་མིའི་ཐུན་ཚོགས་ཀྱི་སྐུ་ཚབ་ཐོག་ནས་སྤྱི་ཁྱབ་པ་སྐུ་ཞབས་ Christopher Robbins CBE མཆོག་དང་ཁོང་གི་ལྷན་ཁང་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པའི་ཐོག་ལ་འཚམས་འཕྲིན་དང་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ལྟོས་མེད་ཀྱིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བར་བཀྲིན་བླ་མེད་ཆེ་ཞེས་ཞུས་འདུག

གཞི་རྩའི་ཀུན་གྱིས་དགོངས་མངའ་བཞིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་གསར་པའི་གློ་ཚད་རིམས་ནད་ COVID-19 ཀྱི་གནས་ཚུལ་ཛ་དྲག་ཆེས་ཆེར་འགྲོ་མུས་ལ་བརྟེན་ཁ་སང་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་རྣམ་ཀུན་ལྟར་མང་ཚོགས་ཕོན་ཆེ་རྒྱས་འཛོམས་མེད་པར་རྒྱལ་ཁབ་དང་མངའ་སྡེ་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་འབད་མུས་ཡིན་པ་རེད། དེས་ན་ཁ་སང་ཞུགས་སྒར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་དྲུང་འཕར་ཡན་གྱི་སྲི་ཞུ་བ་ཉུང་ཤས་ལྷན་འཛོམས་གནང་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པ་དེ་ནི་སྲིད་བྱུས་ནོར་འཁྲུལ་ཅན་ཞིག་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བར་མེད་ཐབས་མེད་པའི་ཐབས་ལམ་གནད་ཆེ་ཞིག་ཡིན་པའི་བརྡ་ལན་ནན་པོ་གནང་བའི་ཐོག་ནས་བོད་མིའི་མང་གཙོ་དུས་ཆེན་ཐེངས་ ༦༠ པ་སྲུང་བརྩི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།