Tibetan Royal Year of 2151 | Year of the Wood Dragon

Wang Yi དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་ཡོད་པ་གསུངས་འདུག

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Penny Wong ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་ཁྲོད་བོད་དང་ཤིན་ཅང་དེ་བཞིན་ཧོང་ཀོང་བཅས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་མོལ་གནང་ཡོད་པ་གསུངས་འདུག

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༢༠ ཉིན་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Penny Wong གཉིས་ཐུག་འཕྲད་གནང་ཡོད་པ་དང་། འགོ་ཁྲིད་དབར་གྱི་ཐུག་འཕྲད་དང་འབྲེལ་ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་ Penny Wong ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་ཡོད་པའི་ནང་། ཁོང་གིས་གཙོ་བོ་རྒྱ་ནག་གཞུང་གིས་ཨོསྟྲེ་ལི་ཡའི་མི་སེར་ཡིན་པ་རྩོམ་པ་པོ་འབུམ་རམ་པ་ Yang Hengjun ཡཱང་ཧེན་ཇུན་ལགས་སུ་གསང་ཉུལ་གྱི་གྱོད་དོན་འོག་སྲོག་ཐོག་ཁྲིམས་ཆད་བཏང་བར་བློ་འཚབ་ཆེན་པོ་ཡོད་ཅེས་དང་། ཨོསྟྲེ་ལི་ཡའི་གཞུང་ནས་གནད་དོན་དེའི་ཐད་མུ་མཐུད་ཞུ་གཏུག་གནང་རྒྱུ་ཙམ་མ་ཟད། མང་ཚོགས་ནས་རེ་བ་དང་ཞུ་སྐུལ་གནང་ཡོད་པ་ལྟར་རྒྱ་གཞུང་གིས་བཙན་གནོན་འོག་ཡོད་པའི་བོད་གཙོས་ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་ Wang yi དང་ལྷན་གླེང་ཡིན་པ་གསུངས་འདུག་ལ། ཐེ་ལྦན་མཚོ་གླིང་ཁུལ་གྱི་བདེ་འཇགས་དང་། ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་མཚོ་ཟས་ཚོང་འབྲེལ་བཀག་སྡོམ་སོགས་གལ་ཆེའི་གནད་དོན་མང་པོ་ཞིག་གི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་གསུང་འདུག

མ་ཟད་ལྕམ་སྐུ་ Penny Wong ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་དབར་མཐུན་པའི་ཆ་དང་མི་མཐུན་པའི་གནས་སྟངས་མང་པོ་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་གོ་སྐབས་ཆེར་བཞེས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཨོ་གླིང་གཞུང་འཛིན་ངོས་ནས་བཞེངས་ཕྱོགས་མཁྲེགས་པོ་ཡིན་པའི་རྣམ་པ་གསལ་སྟོན་དང་སྦྲགས།རྒྱ་ནག་རྒྱལ་ཁབ་ངོས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐད་འགན་འཁུར་གཙང་བཞེས་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

དེ་བཞིན་ཁོང་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ནས་ཨོ་གླིང་དུ་བཅར་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ཨོ་གླིང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོར་བཟུང་གིས་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་ཐད་མཉམ་ལས་བྱ་རྒྱུའི་འདུན་པ་ཡོད་སྐོར་གསུངས་འདུག རྩ་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཉིན་གྲངས་ལྔའི་རིང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། ཐུག་འཕྲད་དེ་བཞིན་མ་བྱུང་གོང་དུ་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་དེ་གའི་ཕྱི་སྲིད་བློན་ཆེན་ལ་ཞུ་ཡིག་ཅིག་ཕུལ་འདུག་པ་མ་ཟད་ཐུག་འཕྲད་དེ་བཞིན་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པའི་རེ་སྐུལ་ཞུས་འདུག་ལ། ཁ་སང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཐུག་འཕྲད་དེའི་སྐབས་སུ་ཁེན་བྷེ་ར་དང་སིཌ་ཎི་བོད་རིགས་མཐུན་ཚོགས་གཉིས་གཙོ་བོར་གྱུར་བའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་གོ་སྒྲིག་འོག་ཁེན་བྷེ་ར་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་པ་དང་ཧོང་ཀོང་བ། ནང་སོག་དང་ཡུ་གུར་བ་སོགས་མི་གྲངས་བརྒྱ་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་བ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་དེ་ཉོ་ཚོང་བྱ་རྒྱུ་ཞིག་མིན། ཞེས་དང་། ཚོང་འབྲེལ་ལས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེ་འཛིན་དགོས་པའི་ངོ་རྒོལ་འབོད་ཚིག་བསྒྲགས་འདུག་ཅིང་། ཁག་གཅིག་གིས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་སུ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།