Tibetan Royal Year of 2151 | Year of the Wood Dragon

Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་བཞག

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་འབྲེལ་ལས་བྱེད་མཐོ་གྲས་ Xu Feihong རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་གསར་པར་བསྐོ་བཞག་བྱས་འདུག

དེ་ཡང་ལ་དྭགས་ཤར་ཕྱོགས་སུ་རྒྱ་དཀར་ནག་གཉིས་དབར་དམག་དོན་འགལ་ཟླ་སོགས་རྩོད་རྙོག་རྐྱེན་གྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་སྔར་རྒྱུན་དང་མི་འདྲ་བར་མཚམས་འཇོག་བྱུང་ནས་ཟླ་བ་བཅོ་བརྒྱད་འགྲོ་བཞིན་པའི་ཁྲོད་འདིར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡུལ་དེའི་ཕྱི་འབྲེལ་ལས་བྱེད་མཐོ་གྲས་ Xu Feihong རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་གསར་པར་བསྐོ་བཞག་བྱས་འདུག་ཅིང་། ད་ཆ་པེ་ཅིང་དུ་དེའི་སྐོར་གཞུང་འབྲེལ་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ PTI ལ་ Afganistan དང་ Romania གཞུང་ཚབ་ཟུར་པ་ Xu Feihong རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་གསར་པར་བསྐོ་བཞག་བྱས་ཡོད་ཅེས་བཤད་འདུག

ལོ་ན་ ༦༠ ལ་སོན་པའི་ Xu Feihong ནི་རྒྱ་ནག་གི་ཕྱི་འབྲེལ་ལས་བྱེད་མཐོ་གྲས་ཤིག་དང་ཕྱི་ལོ་ ༢༠༡༡ ལོར་ Afghanistan དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་པར་བསྐོ་བཞག་དང་། དེ་ནས་ཕྱི་ལོ་ ༢༠༡༥ ལོར་ Romania རུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་པར་བསྐོ་གཞག་བྱས་ཡོད་པ་མ་ཟད། ཁོ་པ་ད་རེས་ལྡི་ལིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ Sun Weidong ཡི་ཚབ་ཏུ་བསྐོ་བཞག་བྱས་ཡོད་པས་རིང་མིན་རྒྱ་གར་རྒྱལ་ས་ལྡི་ལིར་ལས་གནས་དེ་བླངས་ཕྱིར་འབྱོར་རྒྱུ་རེད་འདུག

China Ambasador in India

བརྒྱུད་ལམ་ཁག་གིས། Xu Feihong ད་རེས་རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག་བྱས་པ་དེ་ད་ཆ་རྒྱ་གར་ནང་འགྲོ་བཞིན་པའི་གྲོས་ཚོགས་འོག་མའི་འོས་བསྡུ་དང་དུས་མཉམ་དུ་བྱུང་བ་མ་ཟད། རྒྱ་དཀར་ནག་གཉིས་དབར་ཡུན་རིང་དམག་དོན་གྱི་འགལ་ཟླའི་དཀའ་ངལ་དེ་དག་སེལ་ཕྱིར་གྲོས་མོལ་རིམ་པ་གནང་བའི་རྗེས་སུའང་ཐབས་ལམ་ཞིག་གི་ཐོག་ལ་བབས་ཐུབ་མེད་པའི་གནས་སྟངས་ཁྲོད་བྱུང་བ་ཞིག་ལ་ཚོད་དཔག་གནང་གི་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་གདོང་ཐུག་རིམ་པ་བྱུང་བ་ནས་བཟུང་ད་བར་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་ལས་མ་གཏོགས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད། ཕྱོགས་གཉིས་ཀྱི་དམག་དཔོན་རིམ་པའི་དབར་ས་མཚམས་གྲོས་མོལ་ཐེངས་ ༢༡ དང་། དེ་བཞིན་འབྲེལ་ཡོད་གཞུང་འབྲེལ་སྐུ་ཚབ་དབར་གྲོས་མོལ་ཐེངས་ ༢༩ བཅས་འཚོགས་འདུག་ཀྱང་། དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་ཐོན་མེད་པའི་ཁར། དེབ་སང་ (Depsang) དང་དེམ་ཆོག་ (Demchok) བཅས་ཀྱི་ས་ཁུལ་ནས་དམག་མི་ཕྱིར་འཐེན་བྱ་རྒྱུ་སོགས་ཀྱི་གནད་དོན་ཐོག་མདུན་བསྐྱོད་གང་ཡང་བྱུང་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།