Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཞི་བདེ་གཟེགས་རྟགས་བཞེས་མཁན་ Narges Mohammadi ལགས་ལ་འཚམས་འཕྲིན་སྩལ་བ།

Tibetan News Headlines

  • Anyone who cares about  human rights and democracy must work together to fight authoritarian regime: Chemi Lhamo at Geneva Summit
  • Tibetan Schools achieve outstanding result in CBSE board, 2 makes it for Excellence award
  • China’s greed for Lithium is killing the Tibetan plateau
  • Dharamshala holds 24th regional Tibetan freedom movement election
  • MPs rebuke AFP for allowing Chinese police into Australia

རེས་གཟའ་ལྷག་པ། ༢༠༢༤།༠༥།༡༥

  • རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག
  • འདི་ལོའི་བོད་པའི་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཆེས་བཟང་ཤོས་དེ་ཡིན་པ་གསུངས་སོང་།
  • རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ Lithium གཏེར་ལས་བསྔོག་འདོན་རྐྱེན་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ།
  • སྐབས་ ༢༤ པའི་རྡ་ས་ས་གནས་རང་བདེ་ཚོགས་ཆུང་གི་དངོས་གཞིའི་འོས་བསྡུ་གནང་འདུག
  • རྒྱ་ནག་ཉེན་རྟོག་པས་ཨོསྟྲེ་ལི་ཡར་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་འདི་ལོའི་འཛམ་གླིང་ཞི་བདེ་གཟེགས་རྟགས་བཞེས་མཁན་ལྕམ་སྐུ་ Narges Mohammadi ལགས་ལ་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་གཟེངས་རྟགས་དེ་ནི་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན་འདྲ་མཉམ་བཅས་ཀྱི་ཐོག་སྙིང་སྟབས་ཅན་གྱི་ཕྱག་ལས་ལ་ངོས་འཛིན་གནང་བ་ཅིག་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་འཚམས་འཕྲིན་གྱི་ཐོག་མར་དེང་སྐབས་སུ་ང་ཚོར་ཚང་མར་ཕན་ཐོགས་ཡོད་པའི་མང་གཙོ་དང་། ཕྱི་གསལ་ནང་གསལ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་། འདྲ་མཉམ་ལྟ་བུའི་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་རྣམས་ལ་ཕྱོགས་ཀུན་ནས་ངོས་འཛིན་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ལྕམ་སྐུ་ཁོང་གི་ཕྱག་སྦྲེལ་ལྕམ་སྐུ་ Shirin Ebadi ལགས་ཀྱིས་གཙོས་པའི་དེ་སྔ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་དང་ལྷན་དུ་མཇལ་འཕྲད་དང་བཀའ་བསྡུར་མཛད་མྱོང་ཡོད་ཅིང་། ཁོང་རྣམས་ཀྱིས་ཞི་བའི་ལམ་ནས་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ལ་སྨན་པའི་ཐུགས་བརྩོན་གནང་བཞིན་པར་བསྔགས་བརྗོད་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ཐེངས་འདིའི་ཞི་བདེའི་གཟེངས་རྟགས་འདི་ཡང་ང་ཚོ་སྐྱེས་པ་ནས་བཟུང་འཚོ་བའི་ཁྲོད་བུད་མེད་ནི་ཇི་ལྟར་གལ་གནད་ཆེན་པོ་ཞིག་ཡིན་པ་མཚོན་པའི་ཡིད་ཆེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་ཡོད།

དེ་བཞིན་༸གོང་ས་མཆོག་གིས་དེང་གི་དུས་སུ་གྲོས་མོལ་དང་འཚེ་བ་མེད་པའི་ལམ་ནས་དཀའ་རྙོག་རྣམས་ཞི་འགྲིག་ཡོང་ཐབས་ཀྱི་འཛམ་གླིང་འགྱུར་བར་འདོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། འགྱུར་བ་དེ་དག་གི་གཞི་རྩ་ནི་སྙིང་རྗེ། བྱམས་པ། འགྲོ་བ་མིའི་འོས་འགན་རྣམས་ཆགས་ཀྱི་ཡོད། དེ་ལྟ་བུའི་ང་ཚོའི་འཛམ་གླིང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ནི་ཧ་ཅང་གལ་གནད་ཆེ་བའི་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ལ་གཞི་བཅོལ་བའི་ཤེས་ཡོན་ལ་བརྟེན་ནས་བསྒྲུབ་དགོས་པ་དང་། གང་ཞེ་ན་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་སྟབས་གནད་དོན་དེ་ནི་ང་ཚོའི་བདེ་ཐབས་དང་འབྲེལ་བ་ཡོད་ཅེས་བཀའ་སྩལ་ཞིང་། མཐར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་ལྕམ་སྐུ་ Narges Mohammadi ལགས་ནི། ཕྱི་ལོ་ ༡༩༧༢ ལོར་ Iran རྒྱལ་ཁབ་ཀྱི་ Zanjan ཞེས་པའི་གྲོང་ཁྱེར་དུ་འཁྲུངས་ཤིང་། ཁོང་ནི་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་རང་དབང་ཐོབ་ཐང་སོགས་ཀྱི་ཐོག་འཐབ་རྩོད་དང་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་རེད། ད་བར་ཁོང་ལ་ཐེངས་ ༡༣ ལྷག་འཛིན་བཟུང་གིས་ནག་ཉེས་ཡོད་ལུགས་ཀྱི་ར་འཕྲོད་ཐེངས་ ༥ ཙམ་བྱས་ཡོད་པར་མ་ཟད། ལོ་ ༣༡ བཙོན་འཇུག་དང་ཉེས་རྡུག་ ༡༥༠ ལྷག་བཏང་ཡོད་པ་རེད། ད་ལྟའི་ཆར་ཁོང་ཡུལ་དེའི་ Tehran ཞེས་པའི་བཙོན་ཁང་ནང་ཡོད་པ་དང་། ཁོང་གིས་བཙོན་ཁང་ནང་མནར་གཅོད་དཀར་པོ་ཞེས་པའི་དཔེ་དེབ་ཅིག་ཀྱང་བརྩམས་གནང་ཡོད་པ་དང་། རྒྱལ་སྤྱིའི་གཟེངས་རྟགས་འགའ་ཞིག་ཐོབ་མྱོང་ཡོད་པ་དང་ལྷག་པར་དུ་ཟླ་ ༡༠ ཚེས་ ༦ ཉིན་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།