༸གོང་ས་མཆོག་གིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ Kangana Ranaut ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Rev. Bill Crews Calls on Dalai Lama in Dharamshala, Calls ‘Tibetan Buddhism and Culture Big Gift’
  • China State Media Dismisses Tibetan Exile Elections as an ‘Illusion’ in Politically Charged Narrative
  • Battle for Tibet,’ Exploring China’s Control of Tibet and Dalai Lama Succession, Earns Emmy Nomination
  • US House China Panel Calls on IRS to Investigate CCP-Linked Organizations for Political Activity
  • Lone Tibetan Man in San Francisco Protests China’s ‘Ethnic Unity and Progress’ Law

ཪེས་གཟའ་ཕུར་བུ། ༢༠༢༦།༠༤།༠༩

  • ༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པའི་ཡེ་ཤུའི་ཆོས་དཔོན་ Bill Crews ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་འདུག
  • རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་འདུག
  • རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་བོད་མི་ཁེར་རྐྱང་གིས་ངོ་རྒོལ།
  • བོད་ནང་གི་དྲག་གནོན་གསལ་བའི་དངོས་བྱུང་གློག་བརྙན་ Battle for Tibet ཨ་རིའི་ Emmy གཟེངས་རྟགས་ཀྱི་འོས་གཞིར་ཚུད་འདུག
  • རྒྱ་ནག་དམར་ཤོག་གཞུང་དང་འབྲེལ་བ་ཡོད་པའི་ཨ་རིའི་ཁེ་མེད་ཚོགས་སྡེ་ཁག་ལ་ཞིབ་འཇུག་དགོས་པའི་ཞུ་སྐུལ།
  • ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་ ༡༤ པ་དབུ་འཛུགས།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ Kangana Ranaut ཀཱང་གཱ་ནཱ་རཱ་ནཱོཊ་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Jairam Thakur མཆོག་རྣམ་གཉིས་ཆེད་ཕེབས་ཀྱིས་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་འདུག

Kangana Ranaut ཀཱང་གཱ་ནཱ་རཱ་ནཱོཊ་ནི་རྒྱ་གར་གྱི་བེུད་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་པ་མ་ཟད། རིང་མིན་ཟླ་བ་འདིའི་ཚེས་ ༡༩ ཉིན་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་། ཧི་མ་ཅལ་མངའ་སྡེའི་ Mandi ས་ཁུལ་ནས་ BJP ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མིར་བཞེངས་ཀྱི་ཡོད་པ་རེད།

མཇལ་ཁ་གྲུབ་མཚམས་གསར་འགོད་པས་བཅར་འདྲིར་དང་ལེན་ཁྲོད་ Kangana ཀཱང་གཱ་ནཱ་གིས། དེ་རིང་༸གོང་ས་མཆོག་ལྟ་བུའི་སྐྱེས་ཆེན་དམ་པའི་སྐུ་མདུན་དུ་མཇལ་བཅར་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ། དེ་ནི་མི་ཚེ་འདིའི་ནང་གཙིགས་ཆེར་བརྩི་རྒྱུའི་མྱོང་ཚོར་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

རྩ་བའི་སྔ་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས། ༸གོང་ས་མཆོག་གི་མཛད་འཕྲིན་ནས་ཟུར་སྟོན་གྱིས་ཆེད་བཟོ་བྱས་པའི་བརྙན་ཐུང་ཞིག་དང་འབྲེལ་ནས་༸གོང་ས་མཆོག་ལ་མཚན་སྨད་དང་༸གོང་ས་མཆོག་གིས་མཛད་འཕྲིན་ལ་འབྲེལ་ལོག་བྱས་པའི་གནད་དོན་བྱུང་བའི་སྐབས། Kangana Ranaut ཀཱང་གཱ་ནཱ་རཱ་ནཱོཊ་ནས་རང་གི་ Twitter དྲ་ལམ་ཐོག་༸གོང་ས་མཆོག་གི་སྐུ་པར་དང་ Joe Biden གི་པར་གཉིས་སྒྲིག་སྦྱོར་བྱས་པ་ཞིག་འདོན་སྤེལ་དང་སྦྲགས། ཟུར་ཟའི་རྣམ་པའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པར། སྐབས་དེར་བོད་མིས་གཙོས་པའི་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྣམ་པས་ཁོང་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་པའི་ཁྲོད། ཁག་གཅིག་ཁོང་གི་ལས་ཁུངས་མདུན་དུ་ངོ་རྒོལ་གནང་བའི་གནད་དོན་ཡང་བྱུང་ཡོད་སྟབས། སྐབས་དེར་ཁོང་རང་ཉིད་ཀྱི་ Instagram དྲ་ལམ་ཐོག་གསལ་བཤད་གནང་བའི་ནང་། རྩེད་མོ་དང་སྦྲགས་ནས་དེ་ལྟར་བྱས་པར་བསམ་ཤེས་གནང་རོགས་ཞེས་དང་། ཁོང་རང་ཉིད་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་མི་མང་གི་བདེ་དོན་སླད་མཛད་འཁུར་བཞེས་ཡོད་ཅེས་དང་། ངས་སུ་ལ་ཡང་འཁོན་འཛིན་བྱས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།