Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ Block Quebec ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་བསྡུར་གནང་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཟླ་བ་འདིའི་ཚེས་ ༡༡ ཉིན་ The Montreal Institute of Genocide and Human Rights Studies ཞེས་ཁེ་ན་ཊའི་ Montreal གྲོང་ཁྱེར་གྱི་མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Concordia  མཐོ་སློབ་ཏུ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་བསྡུར་གནང་འདུག་པ་མ་ཟད། Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Yves-François Blanchet ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Alexis Brunel-Duceppe དང་མཇལ་མོལ་གནང་འདུག

Sikyong Visit Canada

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གིས་འཆར་གཞི་དང་ལྡན་པའི་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པར་ཐུགས་འཚབ་ཆེན་པོ་ཡོད་སྐོར་དང་། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱེད་སྐབས་འཕྲད་བཞིན་པའི་དཀའ་ངལ་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་འདུག་པ་མ་ཟད།  Montreal གྱི་མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ངེས་སྟོན་པ་ Kyle Mathew ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་ནག་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རིན་ཐང་ལྡན་པའི་བཀའ་སློབ་ལམ་སྟོན་གནང་བར་བཀྲིན་ཆེ་ཞེས་བརྗོད་འདུག

སྲིད་སྐྱོང་མཆོག་གི་ Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Yves-Francois Blanchet ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Alexis Brunel-Duceppe ལགས་དང་མཇལ་མོལ་གནང་སྐབས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོས་སྐད་ཡིག་རིག་གཞུང་། ཆོས་ལུགས་བཅས་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་ཐོག་གླེང་མོལ་གནང་འདུག་པ་མ་ཟད། གྲོས་ཚོགས་འཐུས་མི་སྐུ་ཞབས་ Alexis Brunel-Duceppe ལགས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་རྒྱའི་ཐོག་སྲིད་སྐྱོང་མཆོག་དང་ལྷན་དུ་གྲོས་མོལ་དོན་སྙིང་ལྡན་པ་ཞིག་བྱུང་ཞེས་བཀོད་འདུག

Sikyong Visit Canada

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐེངས་འདིའི་ཁེ་ན་ཊའི་ནང་གི་འཚམས་གཟིགས་གྲུབ་པའི་རྗེས་སུ་ Boston ཁུལ་དུ་ཆེད་ཕེབས་ཀྱིས་ཟླ་བ་འདིའི་ཚེས་ ༡༣ ཉིན་ཨ་རི་ Boston ཁུལ་གྱི་བོད་མི་མང་ཚོགས་དང་མཇལ་མོལ་གནང་བ་དང་སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་ཤག་སྐབས་ ༡༦ པས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་བརྡ་ལན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་བརྡ་སྤྲད་རྒྱུ། བོད་པས་བོད་ཀྱི་ལོ་རྒྱུས་ལ་བལྟ་དགོས་པ། དེ་བཞིན་དབུ་མ་དང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་ནང་ཁུལ་ལ་འཐབ་རྩོད་མི་བྱ་རྒྱུ་བཅས་དོན་ཚན་བཞིའི་ཐོག་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཐུབ་ཐབས་སུ་འབད་བཞིན་ལྟར། ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ད་ལན་གྲོས་ཚོགས་གོང་མའི་ནང་འཐོན་པ་ཡིན་ན་རྒྱ་ནག་གཞུང་གི་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བཤད་བྱེད་ཀྱི་ཡོད་པ་ལ་ཨ་རིའི་ངོས་ནས་གདོང་ལེན་བྱ་དགོས་པ་ཆགས་ཀྱི་ཡོད་ལ། བོད་རྒྱའི་དཀའ་རྙོག་སེལ་ཐུབ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཁྲིམས་འཆར་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་མ་ཟད་རྒྱ་ནག་གི་ཕྱོགས་ནས་ཀྱང་ཁྲིམས་འཆར་དེ་དང་འབྲེལ་ནས་བརྡ་ལན་དེ་འདྲ་འབྱོར་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས། སྲིད་སྐྱོང་མཆོག་གིས་ཁྲིམས་འཆར་དེའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ནི་ཁོང་གི་ལན་འགན་ཞིག་ཡིན་པ་དང་དེ་མིན་རྒྱ་ནག་གཞུང་ནས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཤོག་ཞེས་བརྡ་ལན་ནན་པོ་སྤྲད་འདུག

སྲིད་སྐྱོང་མཆོག་གིས་ད་དུང་ད་ལྟའི་འཆར་སྲིད་འཛིན་ཞི་ཅིང་ཕིང་གིས་བྱེད་སྟངས་ལ་བལྟས་པ་ཡིན་ན་རྒྱ་ནག་ཁྱོན་ཡོངས་དང་ལྷག་པར་དུ་བོད་དང་ཤིང་ཅང་། ཧོང་ཀོང་། ནང་སོག་བཅས་སུ་དམ་དྲག་ཇེ་ཤུགས་ཇེ་ཆེར་གཏོང་བཞིན་པ་དང་། བོད་ལྟ་བུར་མཚོན་ན་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་དང་ལྷག་པར་དུ་གཏན་སྡོད་སློབ་གྲྭའི་བརྒྱུད་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མི་རིགས་ཀྱི་རྨང་གཞི་གཙོ་བོ་དེ་མི་རིགས་ཀྱི་སྐད་དང་ཡི་གེ་དེ་ཡིན་པ་ལྟར། བོད་ཀྱི་སྐད་ཡིག་དེ་འཛམ་གླིང་ནང་གི་སྐད་ཡིག་རྙིང་ཤོས་བཅོ་ལྔའི་ཁོངས་སུ་གཅིག་དང་། ཉེ་བའི་ཆར་དགེ་བཤེས་སྨོན་ལམ་ལགས་ཀྱིས་བོད་ཡིག་གི་ཚིག་མཛོད་དེབ་ཕྲེང་ ༢༢༣ པར་བསྐྲུན་བྱས་ཐུབ་པ་དེ་འཛམ་གླིང་གི་སྐད་ཡིག་སུ་ལའང་དེ་ལྟར་མེད་པ་ཞིག་ཡིན་སྟབས། བཙན་བྱོལ་བ་ཚོས་ནང་ཁུལ་འཐབ་ནས་མ་བཞུགས་པར་རིག་གནས་དེ་དག་བདག་གཉེར་གནང་དགོས་པ་གསུངས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༤ ཉིན་ཁུལ་དེའི་བོད་རིགས་གཞོན་སྐྱེས་དང་ལྷན་དུ་མཇལ་མོལ་གནང་བའི་ཁྲོད་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་པའི་མི་རབས་རྒན་པ་ཚོས་སྐུ་ལས་ཇི་སྐྱོན་དང་འབྲེལ་ནས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་། བོད་ཀྱི་ཁོར་ཡུག་སོགས་རྒྱལ་ཁབ་གཞན་ཚོར་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་མིན་སྐོར་གསུངས་བཤད་གནང་འདུག

གཞི་རྩའི་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto ནང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་གནང་སྐབས་ད་ལན་ཁེ་ན་ཊ་དང་ཨ་རིར་བཅར་དོན་གཅོ་བོ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་ཐབས་སླད་ལས་དོན་གཉེར་བར་བཅར་བ་ཞིག་དང་། དེ་ཡང་ཕྱི་ཚེས་  ༡༦ ཉིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནང་གོ་བསྡུར་དང་ཐག་གཅོད་བྱ་རྒྱུའི་ལས་རིམ་ཞིག་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་ཚོགས་ཆུང་ནས་ཁྲིམས་འཆར་དེ་འཐོན་པ་ཡིན་ན་གྲོས་ཚོགས་གོང་མའི་ནང་དུ་འགྲོ་རྒྱུ་དང་དེར་གཏན་འབེབས་ཐུབ་པ་ཞིག་བྱུང་ན་ཁྲིམས་འཆར་དེར་སྲིད་འཛིན་གྱི་མཚན་རྟགས་བཀྱོན་ནས་རྒྱལ་ཁབ་ཀྱི་ཁྲིམས་སུ་འགྱུར་རྒྱུ་དང་། དེའི་རྗེས་སུ་ཁེ་ན་ཌ་དང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་སྙོབས་ཐབས་བྱ་རྒྱུ་ཡིན་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།