Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་འདུག

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་གལ་ཆེན་པོར་བརྩི་བཞིན་ཡོད་པ་བཀའ་བསྩལ་འདུག

དེ་ཡང་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Sukhvinder Singh Sukhu མཆོག་གིས་དབུས་པའི་རྡ་རམ་ས་ལའི་གྲོང་སྡེ་སྤྱི་ཁྱབ་ཟུར་པ་དང་། ད་ལྟའི་ཆར་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་མི་ Devendra Singh Jaggi ལགས། དེ་བཞིན་རྡ་སའི་གྲོང་སྡེ་སྤྱི་ཁྱབ་ལས་ཐོག་ Menu Sharma ལགས་སོགས་ལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་གི་ཧི་མ་ཅཱལ་མངའ་སྡེའི་ནང་བཙན་བྱོལ་བ་བྱས་ནས་བཞུགས་པ་སྐུ་འཕྲོད་པོ་བྱུང་ཞེས་བཀའ་སྩལ་དང་འབྲེལ། ལྷག་པར་མངའ་སྡེ་དེ་ནི་ཆོས་ལུགས་རིས་མེད་གནང་གི་ཡོད་པ་ཡག་པོ་ཞེ་དྲགས་རེད་ཅེས་བཀའ་བསྩལ་འདུག

མ་ཟད་༸གོང་ས་མཆོག་གིས་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མར་གུས་ཞབས་མཛད་ཀྱི་ཡོད་ཅིང་། རྒྱ་གར་གི་གནའ་བོའི་རིག་གཞུང་ནང་དུའང་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་པ་ཡག་པོ་རེད་ཅེས་བཀའ་སྩལ་ཏེ། མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ཉིད་གལ་ཆེན་པོ་ཞིག་ཡིན་པར་ངོས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་འདུག

མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་སྤྱི་ཁྱབ་བློན་ཆེན་ Sukhvinder Singh Sukhu མཆོག་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཐེངས་འདིའི་མཇལ་ཁ་ཧ་ཅང་ཡག་པོ་བྱུང་སོང་ཞེས་གསུངས་པ་དང་འབྲེལ། རྡ་རམ་ས་ལར་ག་དུས་ཡོང་ཡང་༸རྒྱལ་བ་རིན་པོ་ཆེའི་བྱིན་རླབས་ཆེད་མཇལ་ཁ་ཞུ་བ་བཅར་གྱི་ཡོད་ཅེས་གསུངས་སོང་།

རྩ་བའི་ད་ལྟའི་ཆར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་འགྲོ་བཞིན་ཡོད་པ་དང་། དེ་ནི་ཕྱི་ཟླ་ ༤ ཚེས་ ༡༩ ནས་དབུ་འཛུགས་ཀྱི་ཕྱི་ཟླ་ ༦ ཚེས་ ༡ བར་འོས་བསྡུའི་ལས་རིམ་ཐེངས་ ༧ གནང་གི་ཡོད་པ་མ་ཟད། འོས་བསྡུའི་གྲུབ་འབྲས་འདི་བཞིན་ཕྱི་ཟླ་ ༦ ཚེས་ ༤ ཉིན་གསལ་བསྒྲགས་གནང་གི་ཡོད་པ་རེད།

དེ་སྔོན་ཕྱི་ཟླ་ ༤ པའི་ནང་ཧི་མ་ཅཱལ་མངའ་སྡེའི་ Madi མནྜི་ས་ཁུལ་གྱི་ BJP ཆབ་སྲིད་ཚོགས་པའི་འོས་མི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་  Kangana Ranaut ཀཱང་གཱ་ནཱ་རཱ་ནཱོཊ་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Jairam Thakur མཆོག་རྣམ་གཉིས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། ཕྱི་ཟླ་ ༥ པའི་འགོ་སྟོད་དུ་ Kangra ཀཱང་རཱ་ཁུལ་གྱི་ Congress ཀོང་རེས་ཆབ་སྲིད་ཚོགས་པའི་འོས་མི་ Anand Sharma ལགས་ནས་ཀྱང་མཇལ་ཁ་ཞུས་ཡོད་པ་རེད།

གཞི་རྩའི་དེ་རིང་མཇལ་ཁའི་སྐབས་གཞན་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་ཡོད་པ་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཐོག་ཕེབས་པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བསྩལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།